དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པར་བྱས་ཏེ་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་དགོས།

    བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཀྲུང་དབྱིང་།   |     སྤེལ་དུས།  2023-05-30

    “དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཏང་ཡོངས་སུ་གཏིང་ཟབ་སྤེལ་བཞིན་ཡོད་པས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་ཤུགས་བརྒྱབ་སྟེ། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་ཀྱི་ཐད་ཕན་འབྲས་ངོ་མ་ཐོན་པར་བྱེད་དགོས” ཉེ་ཆར་ཧྲའན་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ་བྱེད་པར་ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཁྲོད་ཆོས་ཉིད་རྟོགས་པ་དང་། ཁ་ཕྱོགས་གསལ་རྟོགས། བྱ་ཐབས་ཤེས་པ། བློ་རིག་འཕེལ་བ་བཅས་བྱས་ནས་ཁྱིམ་སྐྱོང་གི་འཇོན་ཐང་དང་། ཏང་དར་རྒྱས་གཏོང་བའི་འཇོན་ཐང་། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཇོན་ཐང་བཅས་ཁོང་དུ་ཆུད་པ་བྱེད་དགོས་པའི”སྐོར་ལ་གསལ་འགྲེལ་གཏིང་ཟབ་གནང་བ་མ་ཟད། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། བསམ་གཞིག་གི་ནུས་པ་ཆེ་རུ་གཏོང་བ། ལག་ལེན་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་ཕྱོགས་གསུམ་གྱི་ཐོག་ནས་བླང་བྱ་ཁ་གསལ་བཏོན་གནང་བ་རེད།

    ལས་བྱེད་པས་ལས་ཀ་ཡག་པོ་བྱེད་པར་མཁོ་བའི་ནུས་པ་སྣ་ཚོགས་ཁྲོད་ཆབ་སྲིད་ཀྱི་ནུས་པ་ནི་ཨང་དང་པོ་ཡིན། ཉམས་སད་ཐེག་པའི་ཆབ་སྲིད་ཀྱི་ནུས་པ་ལྡན་ཚེ་གཞི་ནས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་ཐུབ།

     རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་ཕུགས་བསམ་བརྟན་པོ་འཛུགས་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱེད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་འཛིན་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུ་བ། ཆབ་སྲིད་ཀྱི་ཞུན་བརྡར་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་ཉམས་མྱོང་གསོག་འཇོག་བཅས་བྱས་ནས་རང་ཉིད་ཀྱི་ཆབ་སྲིད་ཀྱི་འཇོན་ཐང་དེ་ལས་ཀའི་འགན་འཁྲི་དང་འཚམ་པར་བྱས་ཏེ་ཆབ་སྲིད་ཐད་ཀྱི་གོ་ཤེས་ཅན་ཞིག་ལ་དངོས་སུ་འགྱུར་བ་བྱས་ནས་དུས་ནམ་ཡང་ཏང་ལ་ལྷག་བསམ་རྣམ་དག་དང་། ཏང་དང་དཀའ་སྡུག་མཉམ་ཁུར། ཏང་ཆེད་རང་འགན་གཙང་སྒྲུབ། ཏང་ལ་ལེགས་སྐྱེས་འབུལ་བ་བཅས་བྱེད་དགོས།

    ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བར་ཏང་དང་མི་དམངས་ཀྱི་ལངས་ཕྱོགས་དང་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམིགས་ཏེ་གནད་དོན་ལ་བསམ་བློ་གཏོང་བ་དང་། ཐབས་ཇུས་འགོད་པ། བྱ་བ་སྒྲུབ་པ་བཅས་མཁས་པོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་ཀྱི་ལངས་ཕྱོགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྩ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་དེ་སྲིད་ཏང་གཞན་དག་དང་དབྱེ་བ་འབྱེད་པའི་མཚོན་རྟགས་མངོན་གསལ་དོད་ཤོས་དེ་ཡིན”ཞེས་ནན་བཤད་གནང་ཞིང་། ཁོང་གིས“ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཤིག་ཡིན”ཞེས་གསུངས་པ་རེད། བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ་བྱེད་པར་ངེས་པར་དུ་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་གཞི་རྩའི་རང་བཞིན་དང་། སྤྱི་ཡོངས་རང་བཞིན། ཕུགས་ཕན་རང་བཞིན་བཅས་ཀྱི་གནད་དོན་ལ་བསམ་གཞིག་མཁས་པོ་བྱས་ནས། འཐབ་ཇུས་རང་བཞིན་དང་། མ་ལག་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་ལ་ཞིབ་འཇུག་དང་ཇུས་འགོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བར་རྙོག་འཛིང་ཆེ་བའི་གནད་དོན་ཁྲོད་ནས་བྱ་དངོས་ཀྱི་ཆོས་ཉིད་རང་བཞིན་ཁོང་དུ་ཆུད་པ་དང་། ཐོན་ཉེར་ཡོད་པའི་གནད་དོན་ཁྲོད་ནས་བྱ་དངོས་ཀྱི་འཕེལ་ཕྱོགས་རང་བཞིན་རྟོགས་པ། སྟེས་དབང་གི་གནད་དོན་ཁྲོད་ནས་བྱ་དངོས་ཀྱི་ལྡོག་མེད་རང་བཞིན་ཤེས་རྟོགས་བཅས་མཁས་པོ་བྱེད་དགོས། དུས་རབས་གསར་པའི་ལོ་བཅུ་པོ་འདིའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་པ་དང་། དུས་རབས་ཀྱི་རླབས་རྒྱུན་གྱི་རྩེ་མོར་འགྱིང་བ། དུས་རབས་ཀྱི་སྔོན་བརྡ་གཏོང་བ་བཅས་ཀྱི་སྒོ་ནས“འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་ནི་དུས་རབས་གསར་པའི་རང་རྒྱལ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ལྡོག་མེད་ལམ་བུ་ཞིག་རེད”ཅེས་བཏོན་གནང་བ་དང་། “རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན”ཞེས་བཏོན་གནང་བ། “ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ཚར་དུས་མེད་པ་དང་ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ཚར་དུས་མེད”ཅེས་བཏོན་གནང་བ་སོགས། ལག་ལེན་ཁྲོད་ནས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་བརྒྱུད་རིམ་གསར་པ་ནི་བྱ་དངོས་དབར་གྱི་ནང་གནས་འབྲེལ་བ་ཁོང་དུ་ཆུད་པ་དང་། ཕྱི་རོལ་ཡུལ་གྱི་ཆོས་ཉིད་གསལ་སྟོན་བྱེད་པ། བྱ་དངོས་འཕེལ་རྒྱས་ཀྱི་ལྡོག་མེད་འཕེལ་ཕྱོགས་སྔོན་དཔག་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཞིག་ཡིན་པ་ར་འཕྲོད་ཐུབ་ཡོད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཐོང་རྒྱ་གསར་པའི་ཐོག་ནས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ཤེས་རྟོགས་སྔར་བས་ཟབ་ཏུ་བཏང་ཡོད།

    ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བར་རྙོག་འཛིང་ཆེ་བའི་གནས་བབ་ལ་ཁ་ལོ་སྒྱུར་བ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་གོང་བུ་གཅིག་ཏུ་སྒྲིལ་བ། ཆབ་སྲིད་ཀྱི་ཉེན་ཁ་འགོག་ཟོན་བཅས་མཁས་པོ་བྱེད་དགོས། མིག་སྔར་འཛམ་གླིང་གི་འཕོ་འགྱུར་དང་། དུས་རབས་ཀྱི་འཕོ་འགྱུར། ལོ་རྒྱུས་ཀྱི་འཕོ་འགྱུར་བཅས་སྔར་ན་མེད་པའི་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དེ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གཏན་ནས་འཕྲད་མ་མྱོང་བ་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱོད་མཁས་པོ་བྱས་ཏེ་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་ཐབས་བྱས་ཏེ། དུས་བབ་དང་འཕེལ་ཕྱོགས་དང་། ཉེན་ཁ་དང་གོ་སྐབས་གསལ་རྟོགས་གཏིང་ཟབ་བྱས་ནས་འགྱུར་ལྡོག་ལ་ངོས་འཛིན་དང་། འགྱུར་ལྡོག་ལ་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བྱེད་པ་བཅས་ཧུར་ཐག་བྱས་ཚེ་གཞི་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་རྒྱལ་ཁའི་ངང་མདུན་དུ་སྐྱོད་ཐུབ།

    རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ལས་གནས་ལུགས་ཤིག་ར་སྤྲོད་ཡང་ཡང་བྱས་པ་སྟེ། ཆབ་སྲིད་ཐད་ཀྱི་རང་འགུལ་ནི་ཆེས་ནུས་ལྡན་གྱི་རང་འགུལ་ཡིན་པ་དང་ཆབ་སྲིད་ཐད་ཀྱི་གཞན་དབང་ནི་ཉེན་ཁ་ཆེ་བའི་གཞན་དབང་ཡིན་པ་དེ་རེད། རྒྱང་ལམ་གསར་པའི་ཐོག་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་སྒྱུར་བཀོད་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ཆེན་ཞིག་ཏུ་འགྱུར་བ་བྱས་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཚེ་ང་ཚོའི་བྱ་གཞག་ལ་རྒྱལ་ཁ་མི་ཐོབ་པ་མེད་པ་དང་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་སྐྱོད་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།