དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལོ་སིའི་རྒྱལ་སྲུང་པུས་ལོ་སིར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་དམག་དཔུང་གི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་བརྒྱད་པར་དཔའ་མཛངས་རྟུལ་ཕོད་ཀྱི་གཟེངས་རྟགས་སྤྲད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-05-30
      • ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་26ཉིན་ལོ་སིའི་རྒྱལ་ས་ཝན་ཐེན་དུ་ལོ་སིར་རོགས་སྐྱོར་བྱེད་མཁན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྨན་བཅོས་རིཌ་གཅིག་མཁས་ཅན་ཚོགས་ཆུང་ཁག་བརྒྱད་པར(གཤམ་དུ་སྨན་བཅོས་རུ་ཁག་ཅེས་བསྡུ་རྒྱུ)ལོ་སིའི་མི་དམངས་དམག་གི་དཔའ་མཛངས་རྟུལ་ཕོད་ཀྱི་གཟེངས་རྟགས་སྤྲད་པ་རེད།

        ལོ་སིའི་རྒྱལ་སྲུང་པུའི་པུའུ་ཀྲང་གཞོན་པ་ཀྲན་ཐུང་གིས་བྱས་རྗེས་གཟེངས་རྟགས་སྤྲོད་པའི་མཛད་སྒོར་སྨན་བཅོས་རུ་ཁག་གིས་ལོ་སིར་སྡོད་རིང་བསྒྲུབས་པའི་ལས་དོན་ལ་བསྔགས་བརྗོད་ཆེན་པོ་དང་ཁས་ལེན་གང་ལེགས་གནང་ཞིང་། སྨན་བཅོས་རུ་ཁག་གིས་བྱང་ཆུབ་པའི་སྨན་བཅོས་ལག་རྩལ་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་སྤེལ་བས་ལོ་སིའི་མི་དམངས་དམག་དཔུང་གི་སྨན་ཁང་103གྱི་སྨན་བཅོས་ནད་སྐྱོང་གི་ཆུ་ཚད་ལེགས་སུ་ཆེས་ཆེར་སོང་ཡོད་ཅེས་བསྔགས་བརྗོད་གནང་བ་རེད།

        གཟེངས་རྟགས་སྤྲོད་པའི་མཛད་སྒོར་སྨན་བཅོས་རུ་ཁག་གི་རུ་དཔོན་ཧྥན་རུའེ་ཡིས། ད་རེས་ཀྱི་ལས་འགན་ལ་ཞུགས་མཁན་སྨན་བཅོས་རུ་ཁག་གིས་འཁུར་འོས་པའི་འགན་འཁྲི་བསྒྲུབས་ཡོད་པར་བརྟེན། ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་པའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་དང་དམག་དཔུང་གཉིས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།