དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ཞི་བདེ་སྲུང་སྐྱོང་གི་བྱ་གཞག་ལ་ལེགས་སྐྱེས་རྩ་ཆེན་ཕུལ་བ།

    —— མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་ལས་དོན་གྱི་འགན་འཁུར་མཁན་དྲུང་ཆེ་གཞོན་པ་ལཱ་ཁེ་ལུ་ཝར་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-05-30
      • ཟླ་5ཚེས་29ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བའི་རྒྱལ་སྤྱིའི་ཉིན་མོ་འཆར་ཉེར་ཡོད་པའི་མཚམས་དེར་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་ལས་དོན་གྱི་འགན་འཁུར་མཁན་དྲུང་ཆེ་གཞོན་པ་རེང—ཕི་ཨེར·ལཱ་ཁེ་ལུ་ཝ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱས་ཤིང་། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་སྤེལ་ནས་ལོ་75སོང་རིང་གི་ལོ་རྒྱུས་ཀྱི་སྤོབས་སེམས་མཚོན་པར་བྱས་ཁར། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་གི་བྱ་གཞག་ལ་ལེགས་སྐྱེས་རྩ་ཆེན་ཕུལ་བར་བསྔགས་བརྗོད་ཀྱང་བྱས་པ་རེད།

        འདི་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་སྤེལ་ནས་ལོ་75འཁོར་བའི་ལོ་རེད། ལཱ་ཁེ་ལུ་ཝ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་གི་བྱ་གཞག་ལ་ཀྲུང་གོས་ནུས་པ་གལ་ཆེན་བཏོན་པར་བསྔགས་བརྗོད་བྱས་ཤིང་། ཁོང་གིས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་གི་བྱ་གཞག་ལ་རྒྱབ་སྐྱོར་བྱས་པ་མ་ཟད། ལེགས་སྐྱེས་རྩ་ཆེན་ཡང་ཕུལ་ཡོད་ཅེས་བརྗོད་པ་རེད།

        ལཱ་ཁེ་ལུ་ཝ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱིའི་གནས་སྐབས་བདེ་འཇགས་དཔུང་སྡེའི་ཞི་བདེ་སྲུང་སྐྱོང་གི་ལས་འགན་སྒྲུབ་མཁན་ཞི་བདེ་སྲུང་སྐྱོང་བྱེད་མཁན་ཀྲུང་གོའི་ཐད་འཕུར་གནམ་གྲུའི་ཡན་ལག་རུ་ཁག་གི་སྐོར་ཆེད་མངགས་བརྗོད་ཅིང་། ཨ་པུའུ་ཡེ་དབྱི་ས་ཁུལ་ལ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་1ཙམ་ཡོད་པ་དང་དེ་ནི་སུའུ་ཏན་དང་ལྷོ་སུའུ་ཏན་གྱི་དབར་རྩོད་གླེང་ཡོད་པའི་ས་ཁུལ་གྱི་གྲས་ཤིག་རེད། ལཱ་ཁེ་ལུ་ཝ་ཡིས་འགག་རྩའི་དུས་སྐབས་སུ་ཞི་བདེ་སྲུང་སྐྱོང་བྱེད་མཁན་ཀྲུང་གོའི་ཐད་འཕུར་གནམ་གྲུའི་ཡན་ལག་རུ་ཁག་གིས་ནུས་པ་གལ་ཆེན་བཏོན་ནས་གདོང་ཐུག་ཛ་དྲག་ཏུ་སོང་བའི་དབང་གིས་ཉེན་ཁ་འཕྲད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་པ་བདེ་བླག་ངང་བསྐྱབས་ཡོད། རུ་ཁག་འདི་ནི“མེད་དུ་མི་རུང་བའི”ཞི་བདེ་སྲུང་སྐྱོང་གི་སྟོབས་ཤུགས་ཤིག་རེད་ཅེས་བརྗོད་པ་རེད།

        ལཱ་ཁེ་ལུ་ཝ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱེད་སྐབས་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ཀྱི་རྒྱབ་སྐྱོར་འོག་རྒྱལ་ཁབ་མང་པོ་ཞིག་ཞི་བདེ་དང་བརྟན་ལྷིང་བྱུང་བ་དང“དགེ་མཚན་ལྡན་པ་དང་ལེགས་པའི་ཕྱོགས་སུ་འགྱུར་ལྡོག་འགྲོ་ཚུལ”ལ་དཔང་པོ་བྱས་ཡོད་པ་ལས། ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ཀྱི་ཕན་ནུས་རང་བཞིན་མངོན་ཐུབ་ཅེས་བརྗོད་པ་རེད།

        ལཱ་ཁེ་ལུ་ཝ་ཡིས་ཕྱིས་སུ་མཉམ་འབྲེལ་རྒྱལ་ཚོགས་དང་ཀྲུང་གོའི་དབར་ཞི་བདེ་སྲུང་སྐྱོང་ཐད་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པའི་རེ་བ་བཏོན་ཅིང་། ཁོང་གིས་ཕྱོགས་གཉིས་པོའི་མཉམ་ལས་དེ་སྒྲུབ་ཐུབ་པའི་རང་བཞིན་ཐད་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་དགོས་ཤིང་། དཔེར་ན། མི་མེད་གནམ་གྲུའི་མ་ལག་སོགས་ཀྱི་སྒྲིག་ཆས་བཀོད་སྒྲིག་བྱེད་པ་ལྟ་བུ་དང་། དེས་ཚན་རྩལ་ཡར་ཐོན་གྱི་སྟོབས་ཤུགས་སྤྱད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་གི་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཐུབ་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།