དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ལྗོངས་ཀྱི“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-29

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་དུ་ཕྱུག་འགྱུར་སྣེ་ཁྲིད་པ་འཇམ་དབྱངས་ཆོས་གྲགས་ཀྱིས་བཙུགས་པའི་བོད་ལྗོངས་རྫོང་ནག་འཛུགས་སྐྲུན་ཀུང་སིས“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ལ་ཧུར་ཐག་ཞུགས་ནས“ལས་ཞུགས་+སྤྱི་ཕན་+ཐོན་ལས”ཀྱི་རྣམ་པར་བརྟེན་ནས་ན་ནིང་ཁོ་ནར་ཞིང་འབྲོག་མང་ཚོགས་3504ཡི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱས་པ་མ་ཟད། མ་དངུལ་སྒོར་ཁྲི་404.1བཏང་ནས་སྤྱི་ཕན་རོགས་སྐྱོར་བྱས་ཏེ་གྲོང་གསེབ་ཀྱི“རང་བརྟེན”ནུས་པ་མུ་མཐུད་ཆེ་རུ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་གང་ལེགས་བཏོན་པ་རེད།

    “‘ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི’བྱ་སྤྱོད་ནི་ཁེ་ལས་ཀྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པ་དེས། ང་ཚོས་ས་གནས་འདི་གའི་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་དམངས་གཉེར་ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་ལ་མཛུབ་ཁྲིད་བྱས་ཡོད་ལ། གྲོང་ཚོ་དང་ཁེ་ལས་གཉིས་ཁེ་གཉིས་ཕན་ཡོང་བའི་ང་ཚོའི་ཡིད་ཆེས་སྔར་བས་བརྟན་དུ་བཏང་ཡོད”ཅེས་འཇམ་དབྱངས་ཆོས་གྲགས་ཀྱིས་བཤད།

    བོད་ལྗོངས་རྫོང་ནག་འཛུགས་སྐྲུན་ཀུང་སི་ནི་རང་ལྗོངས་ཀྱི“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ཀྱི་ལྗོངས་ནང་ཁུལ་གྱི་དམངས་གཉེར་ཁེ་ལས་ཀྱིས་གྲོང་ཚོ་དང་ཁེ་ལས་ཆ་སྒྲིག་མཉམ་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པའི་མཚོན་ཚུལ་ཞིག་རེད། ལོ་གཅིག་རིང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་། ལྗོངས་གྲོང་གསེབ་དར་རྒྱས་ཅུས། ཞིང་ལས་གསར་སྤེལ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་། ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་སོགས་སྡེ་ཚན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་འགོ་འཛུགས་ས་དང་ཐོན་ལས་ལ་རོགས་སྐྱོར་བྱེད་པ་དོན་ལ་འབབ་སར་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏོང་རིང་གི་དམངས་གཉེར་ཁེ་ལས་པའི“སྣེ་ཁྲིད་པའི”ནུས་པ་གང་ལེགས་བཏོན་པ་དང་། ན་ནིང་ལོ་མཇུག་བར་ལྗོངས་ཡོངས་སུ་དམངས་གཉེར་ཁེ་ལས་333བྱ་སྤྱོད་ལ་ཞུགས་ནས“གྲོང་ཚོ་དར་རྒྱས་གཏོང་བའི”རྣམ་གྲངས་121ལག་བསྟར་བྱས་པར་མ་དངུལ་སྒོར་ཁྲི་9800བཏང་སྟེ། ཕྱོགས་ཡོངས་ནས་རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་མངོན་འགྱུར་ཡོང་ཆེད་དམངས་གཉེར་ཁེ་ལས་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད་པ་རེད།

    བློ་རྩེ་གཅིག་སྒྲིམ་གྱིས་སྒྲིག་འཛུགས་དང་ལག་བསྟར་བྱས་ཏེ་འགན་ནུས་ཀྱི་ལེགས་ཆ་བཏོན་པ།

    “ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ནི་རང་ལྗོངས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གལ་ཆེའི་ལྷུ་ཚིགས་ཤིག་རེད། ལོ་གཅིག་རིང་། རང་སྐྱོང་ལྗོངས་བྱ་སྤྱོད་འགོ་ཁྲིད་ཚོགས་ཆུང་གིས“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བརྟག་ཞིབ་ཐེངས་མང་བྱས་ནས། ས་གནས་ས་ཐོག་ཏུ་ཁེ་ལས་ལ་འཚམས་འདྲི་དང་བཞུགས་མོལ་སྤེལ་རེས་བྱས་ཏེ་རིམ་ཁག་བྱ་སྤྱོད་འགོ་ཁྲིད་ཚོགས་ཆུང་དང་། ཚོང་ཚོགས་དང་ཁེ་ལས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ཡོད། རང་སྐྱོང་ལྗོངས་ཀྱིས《“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》དང《2022ལོའི་རང་སྐྱོང་ལྗོངས་ཀྱི“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ཀྱི་ལས་ཀའི་གཙོ་གནད》སོགས་ཡིག་ཆ་སྔ་རྗེས་སུ་བཟོས་ནས། དམངས་གཉེར་ཁེ་ལས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་རམ་འདེགས་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱས་པའི་བོད་ཀྱི་ཁྱད་ལྡན་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ཡོད་པ་རེད།

    རིམ་ཁག་བྱ་སྤྱོད་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པས་འགན་ནུས་ཀྱི་ལེགས་ཆ་བཏོན་ཏེ། བྱ་སྤྱོད་ལ་ཞུགས་མཁན་དམངས་གཉེར་ཁེ་ལས་ལ་རྣམ་གྲངས་ཀྱི་ཆ་འཕྲིན་དང་། རོགས་སྐྱོར་སྲིད་ཇུས། མ་དངུལ་འགན་ལེན་སོགས་ཐད་ཀྱི་ཞབས་འདེགས་རང་འགུལ་ངང་ཞུས་ནས། དམངས་གཉེར་ཁེ་ལས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་་འབྲེལ་མཐུད་ནུས་ལྡན་བྱེད་རིང་འགན་འཁྲི་དང་བྱས་རྗེས་མངོན་པར་རམ་འདེགས་བྱས་པ་རེད།

    གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་རྣམ་གྲངས་འབྲེལ་མཐུད་བྱས་པ།

    “ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་སྤེལ་བ་ནི“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”བྱ་སྤྱོད་གཏིང་ཟབ་ཏུ་དང་གོང་མཐོར་གཏོང་བ་ཞིག་རེད་ལ་དམངས་གཉེར་ཁེ་ལས་ཀྱི་ཁྱད་ལྡན་ལེགས་ཆ་འདོན་པའི་གཞི་རྟེན་གལ་ཆེན་ཞིག་ཀྱང་རེད། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཚོང་ཚོགས་དང་ཁེ་ལས་སྒྲིག་འཛུགས་ཐེངས་མང་བྱས་ཏེ། གྲོང་གསེབ་ཏུ་རྟོག་ཞིབ་དང་འབྲེལ་མཐུད་བྱས་པར་ཞིང་ལས་ཐོན་ལས་ཅན་དང་། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན། གྲོང་གསེབ་ཀྱི་ཡུལ་སྐོར། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཐད་གྲུབ་འབྲས་ཡག་པོ་ཐོབ་ཡོད་པ་རེད།

    “ཕ་ཡུལ་ལ་དྲིན་ལན་འཇལ་བའི”ཆེད་དོན་བྱ་སྤྱོད་སྤེལ་ནས་ཡུལ་གཞན་གྱི་བོད་ལྗོངས་ཚོང་ཚོགས་དང་སྤེལ་རེས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། ཐེམ་ཁུངས་བོད་ནས་ཡིན་པའི་མི་སྣ་སྒྲིག་འཛུགས་བྱས་ནས་མ་དངུལ་བཏང་སྟེ་ལས་གཏོད་བྱས་ཡོད། རྫོང་ཁོངས་ཀྱི་ཆ་སྒྲིག་རོགས་སྐྱོར་བརྟན་དུ་བཏང་སྟེ། ལྗོངས་ནང་ཁུལ་གྱི་དམངས་གཉེར་ཁེ་ལས་ཀྱིས་གཙོ་གནད་ཤང་གྲོང་60ཡི་ཆ་སྒྲིག་རོགས་སྐྱོར་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་ལོའི་ཡོང་འབབ་སྒོར་ཁྲི་གཅིག་མན་གྱི་དཀའ་ངལ་ཡོད་པའི་དུད་ཚང་ལ“གཅིག་གཏད་གཅིག”གི་ཆ་སྒྲིག་རོགས་སྐྱོར་བྱས་ཡོད། ཀྲུང་གོའི་གཟི་བརྗིད་བྱ་གཞག“བོད་ཀྱི་བྱ་སྤྱོད”ཀྱི་བྱེད་སྒོ་སྤེལ་ནས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་བཟོ་ཚོང་མཉམ་འབྲེལ་རྩ་འཛུགས་17སྒྲིག་འཛུགས་ཀྱིས་གནས་དེ་གའི་གཞི་ཁྱོན་ཡན་གྱི་དམངས་གཉེར་ཁེ་ལས་ཀྱིས་བོད་དུ་མ་དངུལ་བཏང་ནས་ལས་གཏོད་བྱེད་པར་སྐུལ་སློང་བྱས་ནས་ལྗོངས་ཡོངས་ཀྱི་མཐའ་མཚམས་གྲོང་ཚོ་105དང་ཆ་སྒྲིག་རོགས་སྐྱོར་བྱས་པར། མིག་སྔར་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚོང་ཚོགས་དང་དམངས་གཉེར་ཁེ་ལས་92ཀྱིས་མཐའ་མཚམས་གྲོང་ཚོ་88དང་ཆ་སྒྲིག་བྱས་ནས་མཐའ་མཚམས་རྫོང་གི་ཞིང་འབྲོག་པའི་འབབ་འཕར་བརྟན་པོར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།

    རོགས་སྐྱོར་བྱེད་སྟངས་གསར་གཏོད་བྱས་ནས་དཔེ་མཚོན་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ།

    “ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་སྤེལ་རིང་། རང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་འཕེལ་རྒྱས་གཏོང་བའི་དོན་དངོས་ལ་གཞི་ཚུགས་ནས། རོགས་སྐྱོར་བྱེད་སྟངས་ཐད་ཡུལ་བབ་དང་བསྟུན་ཏེ་བྱེད་ཐབས་གསར་གཏོད་ཀྱིས་ཐོན་སྐྱེད་དང་ཕྱིར་ཚོང་འབྲེལ་མཐུད་ལ་སྐུལ་འདེད་བཏང་བ་བརྒྱུད། དམངས་གཉེར་ཁེ་ལས་དང་ཚོང་ལས་མཐུན་ཚོགས་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་བས་མང་བས་འཛད་སྤྱོད་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་བར་ཁྲིད་སྟོན་བྱས་ནས་ཞིང་ལས་ཐོན་རྫས་བྲིན་ཚོང་གི་ཐབས་ལམ་རྒྱ་ཆེར་བཏང་ཡོད། དེ་དང་ཆབས་ཅིག“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ཀྱི་རྩིས་ཐོར་བརྟེན་ནས་གསོ་སྦྱོང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། ས་གནས་ཁག་གི་རྩིས་ཐོའི་གནས་ཚུལ་དུས་བཀག་ལྟར་བརྡ་ཁྱབ་བཏང་ནས། འོག་ནས་གོང་བར་དང་རིམ་དབྱེ་གཏན་འཁེལ་བྱེད་པའི་བྱེད་ཐབས་སྤྱད་དེ། ས་གནས་ཁག་སྒྲིག་འཛུགས་ཀྱིས་རིམ་པ་བཞིན་མཐིལ་རྟོགས་གྲལ་བཤེར་དང་། ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་དར་རྒྱས། རིག་གནས་དར་རྒྱས། ཤེས་ལྡན་པ་དར་རྒྱས། རྩ་འཛུགས་དར་རྒྱས། གྲོང་གསེབ་འཛུགས་སྐྲུན་སོགས་ཕྱོགས་དྲུག་གི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་དཔེ་སྟོན་རྣམ་གྲངས་གཏན་འཁེལ་བྱས་པ་རེད།

    ཁེ་ལས་པས་དུས་རབས་གསར་པའི་བོད་ཀྱི་ཚོང་པའི་སྙིང་སྟོབས་དར་སྤེལ་གང་ལེགས་གཏོང་བར་ཁྲིད་སྟོན་བྱས་ནས“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་གཏོད་ཆེད། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་ལྗོངས་སྐྱིད་དར་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་སོགས་གྲུབ་འབྲས་མངོན་གསལ་དོད་པ་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་ཐོན་པའི་དམངས་གཉེར་ཁེ་ལས་སམ་ཡང་ན་རྣམ་གྲངས་ཁག་གཅིག“གཟི་བརྗིད་ལྡན་པའི་ཚན་པ”སོགས་ཕུལ་བྱུང་དཔྱད་འདེམས་བྱེད་སྒོར་ཞུགས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་དུ་བཅུག་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།