དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཆབ་མདོས་སྲིད་ཇུས་ལེགས་སུ་བཏང་ནས་ཤེས་ལྡན་པ་འདུ་འཛོམས་དང་མི་གསོ་སྐྱོང་གི་ཞིང་ས་བསྐྲུན་ཏེ།

    “འཁྲིད་རོགས་ཆ”1151གིས་གྲོང་གསེབ་དར་རྒྱས་ལས་ལ་གཞོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-29

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་ལས་བྱེད་པས་རང་ངོས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་གྲོང་ཚོའི(སྡེ་ཁུལ)དང“ཨུ་ལྷན་གཉིས”དབར་འཁྲིད་རོགས་ཆ་1151བསྒྲིགས་ནས་རྒྱུན་གཏན་གྱི་ལས་དོན་དང་ཟུང་འབྲེལ་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་ལས་ཀ་བྱེད་ནུས་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་པ་རེད། དེ་དང་ཆབས་ཅིག་གྲོང་གསེབ་དར་རྒྱས་བྱ་གཞག་གི་ལས་སྟེགས་ཧུར་ཐག་བསྐྲུན་ཏེ་གོ་སྐབས་ཀྱི་ལེགས་ཆར་བརྟེན་པ་དང་སྲིད་ཇུས་ཀྱི་ལེགས་ཆ་སྤྱདདེ་ཞིང་འབྲོག་ཁུལ་དུ་ཤེས་ལྡན་པ་འདུ་འཛོམས་དང་། ཤེས་ལྡན་པ་གསོ་སྐྱོང་། ཤེས་ལྡན་པ་གནས་ཐུབ་པ་བཅས་ཀྱི་ཞིང་ས་བརླན་པ་རེད།

    སྟེང་ཆེན་རྫོང་སྟེང་ཆེན་གྲོང་རྡལ་སྟེང་ཆེན་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་ལས་བྱེད་པ་དང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་འཁྲིད་རོགས་ཆ་བསྒྲིགས་ཏེ་འཁྲིད་རོགས་ལས་དོན་རྒྱུན་གཏན་གྱི་ལས་དོན་དང་འཚོ་བར་ཁྱབ་པར་བྱས་པ་མ་ཟད། འཁྲིད་རོགས་ལས་དོན་ཞིང་འབྲོག་པ་ཏང་ཡོན་ཁྲོད་སྤེལ་བར་སྐུལ་འདེད་ཀྱང་བཏང་ཡོད། མིག་སྔར་གྲོང་ཚོ་དེའི་ཏང་ཀྲི་པུའུ་ཧྲུའུ་ཅིས་བོད་ཡིག་སྒྲུག་པ་དང་། གློག་ཀླད་ནས་རེའུ་མིག་བཟོ་བ། ངོ་སྤྲོད་ཡི་གེ་འབྲི་བ་སོགས་ཀྱི་ལས་དོན་རང་རྐྱ་འཕེར་བའི་ངང་སྒྲུབ་ཐུབ་ལ་ཞིང་འབྲོག་པ་ཏང་ཡོན་25ཡིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གིས་བྱང་ཆ་དོད་པའི་སྤེལ་རེས་ཀྱང་བྱེད་ཤེས་ཀྱི་ཡོད། གོ་འཇོ་རྫོང་འབོ་ལོ་གྲོང་རྡལ་ཚྭ་ཐོག་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་ལས་བྱེད་པས་ས་མཐོའི་ལྕགས་ལམ་གོ་འཇོ་ས་ཚིགས་ཀྱི་རྣམ་གྲངས་འཛུགས་སྐྲུན་གོ་སྐབས་སུ་བྱས་ནས་རྫོང་ཉིང་ལག་ལྕགས་ལམ་གཞུང་དོན་ཁང་སོགས་འབྲེལ་ཡོད་ཚན་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཏེ་མང་ཚོགས་12འཕྲུལ་ཆས་ཆེ་གྲས་བེད་སྤྱོད་ཀྱི་གསོ་སྦྱོང་ལ་བཏང་བ་དང་། མང་ཚོགས་51སྒྲིག་འཛུགས་བྱས་ལས་ངལ་རྩོལ་ལ་ཞུགས་སུ་བཅུག་པ། མང་ཚོགས་ལ་ལག་རྩལ་སྣ་གཅིག་སྦྱོང་ཐུབ་པར་རོགས་རམ་བཅས་བྱས་ནས་རང་ཁྱིམ་གྱི་སྒོ་རྩར་་ལས་ཞུགས་ཐུབ་པར་བྱས་ཡོད། དཔའ་ཤོད་རྫོང་སྐྱ་རི་ཤང་སྤང་སྐྱ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཆེད་དོན་ལས་བྱེད་པས་གྲོང་ཚོ་རང་གི་གནས་སྤོས་མང་ཚོགས་ཀྱི་རྩལ་ནུས་ཆུ་ཚད་དང་། རིག་གནས་ཆུ་ཚད། ལས་ཞུགས་བསམ་འདུན་བཅས་གནད་སྨིན་མཐིལ་རྟོགས་དང་ཁོང་དུ་ཆུད་པར་བྱས་ཏེ་སྲིད་ཇུས་ཀྱི་ལེགས་ཆར་བརྟེན་ནས་གྲོང་ཚོ་དེ་གའི་མང་ཚོགས་41གོང་རིམ་གྱིས་གཉེར་བའི་བོད་ལུགས་ཁྱིམ་ཆས་བཟོ་བ་དང་། ཁྱིམ་ལས་ཞབས་འདེགས། ཞིང་ལས་ལག་རྩལ་གྱི་མཛུབ་ཁྲིད་པ་སོགས་དངོས་སྤྱོད་རྩལ་ནུས་ཀྱི་གསོ་སྦྱོང་ལ་ཞུགས་སུ་བཅུག་སྟེ་མང་ཚོགས་50ཐག་ཉེ་ས་དང་ས་ཆ་དེ་རང་དུ་ལས་ཞུགས་ཐུབ་པའི་རོགས་རམ་བྱས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།