དབུ་ཤོག>གསར་འགྱུར།
  • རང་རྒྱལ་གྱིས་2023ལོའི་ཇོ་མོ་གླང་མར་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-05-29

    ཇོ་མོ་གླང་མའི་རི་འཛེག་སྒར་ས་ཆེ་མོའི་ཉེ་འདབས་སུ་ཚན་རིག་རྟོག་ཞིབ་རུ་མིས་རོང་ཕུ་གཙང་པོའི་བཞུར་ཚད་འཇལ་བཞིན་པ།

    ཇོ་མོ་གླང་མའི་རི་འཛེག་སྒར་ས་ཆེ་མོའི་ཉེ་འདབས་སུ་ཚན་རིག་རྟོག་ཞིབ་རུ་མིས་ས་རྒྱུའི་མ་དཔེ་འཚོལ་བསྡུ་བྱེད་བཞིན་པ།

    གསར་འགོད་པར་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་བྱེད་ཐེངས་གཉིས་པའི་རུ་ཁག་ནས་ཤེས་རྟོགས་བྱུང་བར། 2023ལོའི་ཇོ་མོ་གླང་མའི་ས་བབ་ཤིན་ཏུ་མཐོ་ཁུལ་གྱི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ལས་དོན་བོད་ལྗོངས་ཇོ་མོ་གླང་མའི་ཁུལ་དུ་སྤེལ་བཞིན་ཡོད་པ་དང་། ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་5ནས་ཡིན་པའི་ཉིང་ལག་ཚན་རིག་རྟོག་ཞིབ་ཚོགས་ཆུང་13གྱི་ཚན་རིག་རྟོག་ཞིབ་རུ་མི་170ཡིས་ཆུ་དང་། སྐྱེ་ཁམས། མིའི་རིགས་ཀྱི་འགུལ་སྐྱོད་བཅས་ལ་མུ་མཐུད་དམིགས་ཏེ་མཚོ་བོད་ས་མཐོའི་སའི་གོ་ལའི་མ་ལག་གི་འགྱུར་ལྡོག་གི་རྐྱེན་རྩ་གསལ་སྟོན་བྱས་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་མ་ལག་ལེགས་སུ་གཏོང་རྒྱུ་རེད།

    མཚོ་བོད་ས་མཐོ་ནི་འཛམ་གླིང་ཡང་རྩེ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་བཅས་ཡིན་ལ། སའི་གོ་ལ་དང་ཚེ་སྲོག་གི་འགྱུར་བ་དང་། བང་རིམ་དབར་གྱི་ནུས་པ། དེ་བཞིན་མི་དང་སའི་གོ་ལའི་འབྲེལ་བ་བཅས་ལ་ཞིབ་འཇུག་བྱེད་པའི“རང་བྱུང་ཚོད་ལྟ་ཁང”ཞིག་ཀྱང་རེད། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ནང“མཚོ་བོད་ས་མཐོར་ཚན་རིག་རྟོག་ཞིབ་དང་ཞིབ་འཇུག་བྱེད་པར་རྒྱལ་ཁབ་ཀྱིས་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས་པ”དང“མཚོ་བོད་ས་མཐོའི་སྐྱེ་ཁམས་ཀྱི་རྨང་གཞི་དང་དེའི་འགྱུར་ལྡོག་ཁོང་དུ་ཆུད་པར་བྱེད་དགོས”ཞེས་བཏོན་ཡོད། ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ནི་མཚོ་བོད་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། ཇོ་མོ་གླང་མའི་ཁུལ་གྱི་གནམ་གཤིས་ཁོར་ཡུག་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་རྒྱུ་དེ་འཛམ་གླིང་གི་ས་ཁུལ་གཞན་དག་ལ་ཤུགས་རྐྱེན་ཐེབས་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

    མཚོ་བོད་ཚན་རིག་རྟོག་ཞིབ་ཞིབ་འཇུག་བྱེད་ཐེངས་གཉིས་པའི་རུ་ཁག་གི་རུ་དཔོན་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་སྤྱི་ཁྱབ་བཀོད་འདོམས་པ་ཡའོ་ཐན་ཏུང་གིས། 2023ལོར་ཇོ་མོ་གླང་མར་ཚན་རིག་རྟོག་ཞིབ་བྱེད་སྐབས་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་བའི་ཤུགས་རྐྱེན་འོག་ཇོ་མོ་གླང་མའི་ས་བབ་ཧ་ཅང་མཐོ་བའི་ཁོར་ཡུག་ལ་འགྱུར་ལྡོག་ཇི་ལྟར་འགྲོ་བ་དང་། ཇོ་མོ་གླང་མའི་ཁོར་ཡུག་འགྱུར་ལྡོག་དང་ནུབ་རླུང་དང་དུས་རླུང་དབར་ནུས་པ་ཇི་ལྟར་ཐོན་པ། ཇོ་མོ་གླང་མའི་ཁུལ་གྱི་འབྱུང་འགྱུར་ཁོར་ཡུག་ལས་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་གི་འགྱུར་ལྡོག་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་པ་སོགས་ཀྱི་ཚན་རིག་གནད་དོན་གལ་ཆེན་ལ་དམིགས་ཏེ་ཞིབ་འཇུག་བྱེད་ཀྱི་ཡིན་ཞེས་ངོ་སྤྲོད་བྱས་པ་དང་། ཁོང་གིས“ཇོ་མོ་གླང་མར་ཚན་རིག་རྟོག་ཞིབ་བྱེད་པ་དེ་རི་འཛེག་ཚན་རིག་རྟོག་ཞིབ་ནས་རྟོག་ཞིབ་རི་འཛེག་བྱེད་སྟངས་སུ་བསྒྱུར་བ་དང་། ངས་ཇོ་མོ་གླང་མ་འཛེག་པ་ནས་ངས་ཇོ་མོ་གླང་མ་ཤེས་རྟོགས་ཀྱི་བསམ་ཕྱོགས་ལ་བསྒྱུར་ཏེ། ལག་རྩལ་གསར་པ་དང་བྱེད་ཐབས་གསར་པ་སྤྱད་པ་བརྒྱུད་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད”ཅེས་བརྗོད།

    ངོ་སྤྲོད་བྱས་པར་གཞིགས་ན། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་བྱེད་ཐེངས་གཉིས་པའི་རུ་ཁག་གིས་དེ་གོང་ཇོ་མོ་གླང་མར་ཚན་རིག་རྟོག་ཞིབ་ཀྱི་བྱེད་སྒོར“ནུབ་རླུང་དང་དུས་རླུང་གི་མཐུན་སྦྱོར་ནུས་པ་དང་ཤུགས་རྐྱེན”དང་། “རི་རྩེའི་ས་བབ་ཀྱི་དྲོད་ཚད་ཧ་ཅང་མཐོ་རུ་ཕྱིན་པ”“རི་རྩེའི་ས་བབ་ཀྱི་གངས་འཁྱགས་བཞུར་བ”“ཇོ་མོ་གླང་མའི་ཁུལ་གྱི་མིའི་ལུས་ཁམས་ཀྱི་དམིགས་བསལ་ཚོར་སྣང”“ཇོ་མོ་གླང་མའི་ཁུལ་སྔོ་འགྱུར་གྱི་སྐྱེ་ཁམས་བརྒྱུད་རིམ”སོགས་ཁྱབ་ཁོངས་མང་པོར་ཚན་ཞིབ་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།