འབྱུང་འགྱུར་ལོ་5ཡི་རིང་ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་ལེགས་སྐྱེས་ཆེ་ཤོས་འབུལ་གྱི་ཡོད་པ།
འདི་ནི་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གི་འགྱིག་གི་ཐོན་རྫས་ཚད་ཡོད་ཀུང་སི་ཞིག་གི་ཐོན་སྐྱེད་འཁོར་ཁང་དུ་བཟོ་པས་ཕྱིར་གཏོང་མངགས་ཐོའི་ཐོན་རྫས་ཐོན་སྐྱེད་བྱེད་བཞིན་པ།
འབྱུང་འགྱུར་ལོ་5ཡི་རིང་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་བའི་དཔལ་འབྱོར་སྒྲིག་གཞི་ཆེ་ཤོས་ཡིན་པ་དང་། དེའི་ལེགས་སྐྱེས་འབུལ་ཚད་ཨ་རིའི་ལྡབ་2ཟིན་གྱི་ཡོད་པ་རེད།
རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། 2023ལོའི་ལོ་མཇུག་ཏུ་སླེབས་སྐབས། འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་གཉིས་པ་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)ཨ་སྒོར་དུང་ཕྱུར་ཁྲི་19.373ཟིན་པ་དང་། ཨ་རིའི་GDPཨ་སྒོར་དུང་ཕྱུར་ཁྲི་26.8ཟིན་གྱི་ཡོད་པ་རེད།
ཞིབ་འཇུག་རྣམ་གྲངས་མང་པོ་ཞིག་ཏུ་ངོས་འཛིན་བྱས་དོན། 2030ལོ་ནས་འགོ་ཚུགས་པའི་ལོ་བཅུའི་ནང་གི་དུས་ཤིག་ལ་སླེབས་སྐབས་ཀྲུང་གོར་ཨ་རི་ལས་ལྷག་པའི་གྲུབ་འབྲས་འཐོབ་ཀྱི་ཡོད། ལྟ་བ་འདི་རིགས་ལ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་དང་རི་པིན་གྱི་དཔལ་འབྱོར་ཞིབ་འཇུག་ལྟེ་གནས་སོགས་ཀྱི་ཇུས་འདོན་ཚོགས་པ་དང་དེ་བཞིན་བློ་འདྲི་ཀུང་སིའི་ཞིབ་འཇུག་གྲུབ་འབྲས་ཁག་གཅིག་གིས་རྒྱབ་སྐྱོར་བྱས་ཡོད།
རི་པིན་གྱི་དཔལ་འབྱོར་ཞིབ་འཇུག་ལྟེ་གནས་ཀྱིས། ལོ་རྒྱུས་ནས་བལྟས་ན། ཀྲུང་གོའི་དཔལ་འབྱོར་གྱི་ངོ་མཚར་ཅན་གྱི་བྱས་རྗེས་ནི་ཉེ་བའི་ལོ་40ཡི་ནང་གྲངས་གནས་གཉིས་སུ་སླེབས་པའམ་ཡང་ན་དེ་ལས་བརྒལ་བའི་འཕར་ཚད་མྱུར་བའི་རྨང་གཞིའི་ཐོག་བཏོད་པ་ཞིག་ཡིན་ཞིང་། འབྱུང་འགྱུར་ལོ་30ཡི་ནང་ཀྲུང་གོའི་GDPལྡབ་གཅིག་འཕར་གྱི་ཡོད་ཅེས་བརྗོད།
གཞན་ཡང་ཕེང་པོ་ཧྲེ་དཔལ་འབྱོར་པུས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་གྲངས་གཞི་གཞིར་བཟུང་ཞིབ་འཇུག་བྱས་ནས་བརྗོད་དོན། ད་ལྟ་ནས་2028ལོའི་བར། ཀྲུང་གོས་གོ་ལ་ཧྲིལ་པོའིGDPའཕར་བར་ལེགས་སྐྱེས་འབུལ་ཚད་སྔོན་དཔག་བྱས་ན་22.6%ཟིན་པ་དང་ཨ་རིས་ལེགས་སྐྱེས་འབུལ་ཚད་11.3%ཟིན་གྱི་ཡོད་པ་རེད།
སི་ཕེན་གྱི་བཟོ་ལས་དང་ཡུལ་སྐོར་ཚོང་དོན་གྱི་བློན་ཆེན་ཟུར་པ་སྨི་ཀེར·སའེ་ཝ་སི་ཏེ་ཨན་གྱིས་འདས་ཟིན་པའི་ལོ་60ཡི་ནང་འཛམ་གླིང་དཔལ་འབྱོར་གྱི་གཙོ་གནད་ནུབ་རྒྱ་མཚོ་ཆེན་པོའི་ས་ཁུལ་ནས་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་དུ་བསྒྱུར་ཡོད། སྤྱིར་བཏང་མིན་པའི་ཀྲུང་གོའི་GDPཡི་འཕར་ཚད་ལས་ཀྱང་དེ་དོན་ར་འཕྲོད་ཐུབ་ཡོད།
——སི་ཕེན་གྱི《མང་ཚོགས》ཉིན་རེའི་ཚགས་པར་གྱི་དྲ་ཚུགས་སུ་གནས་ཚུལ་སྤེལ་བ་གཞིར་བཟུང་།