དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་དམངས་ཕན་གནས་ཚུལ་ངོ་སྤྲོད་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-05-27

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉིན་ཤས་གོང་། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་གཅིག་ལྷག་ཙམ་སོང་རིང་འགྲུལ་སྐྱེལ་དང་ཟོག་འདྲེན་གཉིས་ཀ་འཕེལ་རྒྱས་ཕྱིན་ནས་ས་གནས་དེ་གའི་ལས་ཞུགས་ལ་སྣེ་ཁྲིད་དང་ཚོང་དོན་འགྲོ་འོང་ལ་སྐུལ་མ་ཐེབས་པ་མ་ཟད། ལོ་སིའི་རི་སྔོན་ཆུ་དྭངས་སྔར་ལྟར་འགན་ལེན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་གྱི་རྒྱལ་ཁབ་དང་མཉམ་སྦྲེལ་མཉམ་མཐུད་བྱས་པ་ལས་བྱུང་བའི་གོ་སྐབས་མུ་མཐུད་མཉམ་སྤྱོད་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་དང་ཐུན་མོང་ཐོག་དར་རྒྱས་གཏོང་འདོད་ཡོད་ཅེས་བརྗོད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཟླ་5ཚེས་23ཉིན་བར་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་1600སྐྱེལ་འདྲེན་བྱས་ཡོད། དཔྱད་གཏམ་སྤེལ་བའི་ནང་། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ལས་རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་ཚོང་དོན་ཡུལ་སྐོར་འབྲེལ་བ་ཟབ་ཏུ་སོང་ཡོད་མོད། འོན་ཀྱང་ལོ་སིའི་དམངས་ཚོགས་ལ་ཕན་པ་དངོས་འབྲེལ་ཐོབ་མིན་ལ་ལྟ་ཞིབ་བྱེད་དགོས་ཀྱི་ཡོད་ཅེས་བཀོད་ཡོད་པས། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།

    “ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་གཅིག་ལྷག་ཙམ་སོང་རིང་འགྲུལ་སྐྱེལ་དང་ཟོག་འདྲེན་གཉིས་ཀ་འཕེལ་རྒྱས་ཕྱིན་ཡོད” མའོ་ཉིང་གིས་ཟླ་བ་གཅིག་ལྷག་ཙམ་གྱི་གོང་དུ། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་དུ་རྒྱལ་སྤྱིའི་འགྲུལ་སྐྱེལ་དུས་གཏན་མེ་འཁོར་ཕྱོགས་གཉིས་ཀར་ཤར་གཏོང་ཐུབ་པ་དང་ཁུན་མིང་ནས་ཝན་ཐེན་བར་ཞོགས་ཐོན་དགོང་འབྱོར་ཐུབ་པས། རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ཀྱི་འགྲོ་འོང་ལ་སྔར་བས་སྟབས་བདེ་བསྐྲུན་པ་མ་ཟད། ཡུལ་སྐོར་དང་དཔལ་འབྱོར་ཚོང་དོན་མཉམ་ལས་ལའང་སྐུལ་མ་ཆེན་པོ་ཐེབས་ཡོད་ཅེས་བརྗོད།

    མའོ་ཉིང་གིས་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ལས་ས་གནས་དེ་གའི་ལས་ཞུགས་ལ་སྣེ་ཁྲིད་ཐུབ་ཡོད། ལྕགས་ལམ་ཤར་གཏོང་ཐུབ་ཚུན། རིམ་རྩིས་བྱས་ན་ལོ་སིའི་ལས་མི་3500ལྷག་ཙམ་བསྡུས་པ་དང་། ཟོག་འགྲེམས་དང་། འགྲིམ་འགྲུལ། ཚོང་དོན། ཡུལ་སྐོར་སོགས་ལས་རིགས་སུ་ལས་ཞུགས་ལས་གནས་ཁྲི་10ལྷག་ཙམ་མང་དུ་བཏང་ཡོད། ལོ་སིའི་རི་ཁུལ་གྱི་གཞོན་ནུ་དེ་བས་མང་བ་ལྕགས་ལམ་དེ་སྐྲུན་པས་རི་ཁུག་ནས་འཛམ་གླིང་ཕྱོགས་སུ་སྐྱོད་ཐུབ་པ་བྱུང་ཡོད་ཅེས་བརྗོད།

    “ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ནི‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་བསྡུས་རིས་ཤིག་རེད། ང་ཚོས་ས་ཁུལ་གྱི་རྒྱལ་ཁབ་དང་མཉམ་སྦྲེལ་མཉམ་མཐུད་ལས་བྱུང་བའི་གོ་སྐབས་མུ་མཐུད་མཉམ་སྤྱོད་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་ཐུན་མོང་ཐོག་དར་རྒྱས་གཏོང་འདོད་ཡོད”ཅེས་མའོ་ཉིང་གིས་བརྗོད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།