དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཤེས་དཔལ་སྤེལ་རེས་ཀྱི“རོལ་དབྱངས་གསར་པ”དཀྲོལ་བ།

    ཨ་ཧྥེ་རི་ཁ་དབུས་རྒྱུད་ཀྱི་རིག་གནས་སྒྱུ་རྩལ་ལྟེ་གནས་རྣམ་གྲངས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-05-27

    ཁོང་ཀོ(ཅིན)ཡི་རྒྱལ་ས་ཁེན་ཧྲ་ས་ཡི་ཁའེ་ཞོན་ལམ་ཆེན་དུ་ཀྲུང་གོ་སྲིད་གཞུང་གིས་དུས་རབས་20པའི་ལོ་རབས་བདུན་ཅུ་བརྒྱད་ཅུར་སྐྲུན་རོགས་བྱས་པའི་མི་དམངས་ཕོ་བྲང་དང་སྔོན་གཤེགས་དཔའ་བོའི་ལུས་རྩལ་ཐང་དེ་གར་གནས་ཡོད། ཁྲོམ་གཞུང་གཅིག་གི་བར་ཆོད་པའི་ས་ནས་ལྟ་སྐབས“ཨ་ཧྥེ་རི་ཁའི་རྔའི”དབྱིབས་དང་འདྲ་བའི་ཨ་ཧྥེ་རི་ཁ་དབུས་རྒྱུད་ཀྱི་རིག་གནས་སྒྱུ་རྩལ་ལྟེ་གནས་སྐྲུན་མཇུག་འགྲིལ་བའི་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་པ་མཐོང་ཐུབ། འབྱུང་འགྱུར་འདི་ཨ་ཧྥེ་རི་ཁ་དབུས་རྒྱུད་ཀྱི་གྲོང་ཁྱེར་ཆེ་ཤོས་དེའི་མཚོན་རྟགས་གསར་པ་ཞིག་ཏུ་འགྱུར་རེ་ཡོད་པ་མ་ཟད། ཀྲུང་གོ་དང་ཁོང་ཀོའི་མཉམ་ལས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཤེས་དཔལ་སྤེལ་རེས་ཀྱི“རོལ་དབྱངས”གསར་པ་ཞིག་དཀྲོལ་རྒྱུ་རེད།

    ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི“བྱ་སྤྱོད་ཆེན་པོ་བརྒྱད”ཀྱི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པའི་ཨ་ཧྥེ་རི་ཁ་དབུས་རྒྱུད་ཀྱི་རིག་གནས་སྒྱུ་རྩལ་ལྟེ་གནས་ཀྱི་བཟོ་སྐྲུན་གཙོ་བོ་ནི་རིག་གནས་ལྟེ་གནས་དང་རྒྱལ་ཁབ་སྒྱུ་རྩལ་སློབ་གླིང་ལས་གྲུབ་པ་ཞིག་ཡིན་པ་དེའི་ནང་རྐུབ་སྟེགས་2000ཡོད་པའི་ཟློས་གར་ཁང་ཆེ་མོ་གཅིག་དང་། རྐུབ་སྟེགས་800ཡོད་པའི་ཟློས་གར་ཁང་ཆུང་ངུ་གཅིག སློབ་མ་2000ཤོང་བའི་རྒྱལ་ཁབ་སྒྱུ་རྩལ་སློབ་གླིང་གི་སློབ་ཁུལ་བཅས་ཚུད་ཡོད་པ་རེད།

    ཨ་ཧྥེ་རི་ཁ་དབུས་རྒྱུད་ཀྱི་རིག་གནས་སྒྱུ་རྩལ་ལྟེ་གནས་རྣམ་གྲངས་ལ་དུས་ཡུན་རིང་པོའི་ནང་ཁོང་ཀོ(ཅིན)ཕྱོགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། 2019ལོར་ཁོང་ཀོ(ཅིན)ཡི་ཙུང་ཐུང་ཆི་སའེ་ཁེ་ཏིས་རྣམ་གྲངས་ཀྱི་རྩིག་རྨང་བཏིང་ཡོད། དེ་རྗེས་ཁོང་གིས་ཁོང་ཀོ(ཅིན)སྲིད་གཞུང་གི་དཔོན་རིགས་ཀྱི་སྣེ་ཁྲིད་དེ་རྣམ་གྲངས་དང་ཨར་ལས་མི་སྣར་གཟིགས་ཞིབ་དང་འཚམས་འདྲི་ཐེངས་མང་གནང་ཡོད། 2021ལོར་ཆི་སའེ་ཁེ་ཏིས་གཟིགས་ཞིབ་གནང་སྐབས་ཀོང་ཀྲུང་རྒྱལ་ཁབ་གཉིས་པོ་ནི་རིག་གནས་སྒྱུ་རྩལ་གྱི་རྒྱལ་ཁབ་ཆེན་པོ་ཞིག་རེད། རྣམ་གྲངས་དེ་བསྐྲུན་རྗེས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་རིག་གནས་སྤེལ་རེས་ལ་ནུས་པ་གལ་ཆེན་འདོན་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོ་དང་ཁོང་ཀོ(ཅིན)ཡི་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་མང་པོ་ཞིག་གི་དཔང་པོ་དང་། ཁོང་ཀོ(ཅིན)ཡི་རྒྱལ་དོན་པུའུ་ཀྲང་དང་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ལས་གྲྭའི་པུའུ་ཀྲང་གཅིག་ལྕོགས་མུའུ་ཝུའུ་ཉིས། སྒྱུ་རྩལ་ལྟེ་གནས་ཀྱི་འཛུགས་སྐྲུན་འཕེལ་རིམ་ལ་དོ་ཁུར་ཧ་ཅང་ཆེན་པོ་བྱེད་པ་དང་། རྟག་ཏུ་རྣམ་གྲངས་ཀྱི་ལས་ཡུལ་དུ་བསྐྱོད་དེ་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་སྤེལ་རེས་བྱེད་ཀྱི་ཡོད། ཁོང་གིས“ཨ་ཧྥེ་རི་ཁ་དབུས་རྒྱུད་ཀྱི་རིག་གནས་སྒྱུ་རྩལ་ལྟེ་གནས་ནི་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་བཀྲག་མདངས་འཚེར་བའི་མིང་བྱང་གཞན་ཞིག་ཡིན་པས་ང་ཚོས་སྒྱུ་རྩལ་ལྟེ་གནས་འདི་ལོའི་ལོ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།

    རྣམ་གྲངས་ཇུས་འགོད་ཚོགས་པའི་དབུས་ལྷོ་འཛུགས་སྐྲུན་ཇུས་འགོད་དོ་དམ་ཚོགས་ཆུང་གི་ཙུའུ་ཀྲང་ལིའུ་ཅན་ཅང་གིས“རྣམ་གྲངས་ཀྱི་མཐའ་མའི་གདོང་མཆོང་དུས་མཚམས་སུ་ང་ཚོས་ནུས་ཤུགས་ཡོད་རྒུས་ཁོང་ཀོ(ཅིན)ཡི་མི་དམངས་ལ་ཕུལ་དུ་བྱུང་བའི་བཟོ་སྐྲུན་བརྩམས་ཆོས་སྐྲུན་ནས་ཨ་ཧྥེ་རི་ཁ་དབུས་རྒྱུད་ཀྱི་རིག་གནས་སྒྱུ་རྩལ་ལྟེ་གནས་དེ་ཁེན་ཧྲ་སའི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་གཞན་ཞིག་ཏུ་བསྐྲུན་རྒྱུ་ཡིན”ཞེས་བརྗོད་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།