དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པས་ཧོ་ལན་གྱི་ཨམ་སི་ཐེ་ཏམ་དུ་འོས་སྦྱོར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-05-27

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨམ་སི་ཐེ་ཏམ་ནས་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པའི་འོས་སྦྱོར་ཚོགས་འདུ་ཧོ་ལན་གྱི་རྒྱལ་ས་ཨམ་སི་ཐེ་ཏམ་དུ་འཚོགས་ཤིང་། ཀྲུང་གོ་དང་ཧོ་ལན་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། ལས་རིགས་མཐུན་ཚོགས། ཁེ་ལས་ཀྱི་འཐུས་ཚབ་བཅས་ཚོགས་འདུར་ཞུགས་ཡོད།

    ཧོ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དཔལ་འབྱོར་ཚོང་དོན་ཚན་ཙན་ཅིན་ཡོན་གྱིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ནང་འདྲེན་ཁྲོམ་ར་ཆེན་པོ་ཨང་གཉིས་པ་ཡིན་ཞིང་། 2022ལོར་ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་ཁྲི་2.7ཟིན་ནས་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། ནང་འདྲེན་དངོས་མང་སྟོན་ཚོགས་ནི་འཛམ་གླིང་ཐོག་ནང་འདྲེན་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཁབ་རིམ་པའི་འགྲེམས་ཚོགས་དང་པོ་ཡིན་པ་དེས་ཧོ་ལན་གྱི་ཁེ་ལས་ལ་ཐོན་རྫས་འགྲེམས་སྟོན་དང་ཁྱབ་གདལ་གཏོང་ཆེད་གོ་སྐབས་ཧ་ཅང་བཟང་པོ་མཁོ་འདོན་བྱས་ཡོད། ཁོང་གིས་ཧོ་ལན་གྱི་ཁེ་ལས་ཀྱིས་འགྲེམས་ཚོགས་ནང་ཧུར་ཐག་ཞུགས་ནས་ཀྲུང་གོ་ཕྱོགས་དང་མཉམ་ལས་ཀྱི་བར་མཐོངས་འཚོལ་ཞིབ་གཏིང་ཟབ་བྱས་ཏེ་ཀྲུང་གོའི་ཁྲོམ་རའི་ཁེ་སྤོགས་ཧ་ཅང་ཆེན་པོ་མཉམ་སྤྱོད་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད།

    བྱེད་སྒོ་སྤེལ་ཡུལ་དུ་ཚོགས་ཞུགས་འཐུས་ཚབ་ཀྱིས་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པའི་དྲིལ་བསྒྲགས་པར་གཞི་བལྟས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།