དབུ་ཤོག
  • བོད་ཀྱིས་ཚད་གཞི་མཐོ་པོས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དང་སྤུས་ཚད་མཐོ་པོས་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-23

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་འགོ་ཚུགས་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚད་གཞི་མཐོ་བ་སྤེལ་བ་དང་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་སྔ་བར་ཕྱི་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་མཐའ་འཁྱོངས་བརྩིས་ནས། སྔ་རྗེས་སུ་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་སོགས་འཚོགས་ཏེ། ལྗོངས་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལག་བསྟར་ཇུས་གཞི་དང་བླང་བྱ་ཞིབ་ཕྲ་ཞིབ་འཇུག་བྱས་ནས་བཟོས་པ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་གཞི་བཀོད་པ་རེད།

    “ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོས་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་ཏེ་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་བས་ཟབ་སྦྱོང་མཐིལ་རྟོགས་བྱེད་པར་སྐུལ་འདེད་གཏོང་དགོས”ཞེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཅུན་ཀྲེང་གིས་གསུངས་པ་རེད།

    རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འཇོན་ནུས་ཆེ་རུ་གཏོང་བར་མཐོང་ཆེན་བྱེད་པ།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། བོད་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་སློབ་སྦྱོང་གི་རྣམ་པ་གསར་གཏོད་ཧུར་ཐག་བྱས་ཏེ། དཔེ་ཀློག་འཛིན་གྲྭ་དང་། ཤེས་བྱའི་འགྲན་བསྡུར། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་སོགས་ཀྱི་བྱེད་སྒོ་སྔ་རྗེས་སུ་སྤེལ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་མི་སེམས་ལ་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་ཡོད།

    ཟླ་4ཚེས་24ནས་29ཉིན་བར་བོད་རང་སྐྱོང་ལྗོངས་ཀྱིས་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་འཚོགས་ནས་འགོ་ཁྲིད་ལས་བྱེད་པར་མི་སྒེར་གྱིས་རང་འགུལ་སློབ་སྦྱོང་དང་། གཅིག་སྡུད་བགྲོ་གླེང་སློབ་སྦྱོང་། ཚོགས་ཆུང་ཁག་བགོས་ཀྱི་སྤེལ་རེས་སློབ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་ཕྱོགས་ཡོངས་ནས་སློབ་སྦྱོང་ནན་ཏན་བྱས་ཏེ་མྱོང་ཚོར་སྤེལ་རེས་བྱེད་པར་ཁྲིད་སྟོན་བྱས་ཡོད། མིག་སྔར་བོད་དུ་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོ་སྤེལ་བའི་ཚན་པ་90ཚང་མས་དཔེ་ཀློག་འཛིན་གྲྭའི་བྱེད་སྒོ་སྤེལ་ཡོད།

    ཉིན་ཤས་བསྟུད་མར་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་དང་ནུས་ལྡན་སྤེལ་བར་སྐུལ་འདེད་གཏོང་ཆེད། “སློབ་སྦྱོང་ལྔར”དམ་འཛིན་ཧུར་ཐག་བྱས་ཤིང་། གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་ནས“སློབ་སྦྱོང་ལ་སྐུལ་འདེད”གཏོང་བ་དང་། ཏང་ཀྲི་པུའུ་ཡི་ནུས་པ་མངོན་གསལ་དོད་པོ་ཡོང་བར་བྱས་ནས“སློབ་སྦྱོང་གཏིང་ཟབ”བྱེད་པ། གསུང་རབ་ཀློག་པ་དང་། གཏམ་རྒྱུད་ཉན་པ། བརྙན་ཐུང་ལ་ལྟ་བ། མྱོང་ཚོར་གླེང་བ་བཅས་ཀྱི་བྱེད་ཐབས་མང་པོ་ཕྱོགས་བསྡུས་སྤྱད་ནས“གོམ་སྟབས་གཅིག་མཚུངས་ཀྱིས་སློབ་སྦྱོང”དང་། ཏང་ཡོན་ལས་བྱེད་པ་ལུས་རྩལ་སློབ་གྲྭའི་འགན་གཙང་ལེན་གྱི་ཉལ་ཁང་དུ་བསྐྱོད་ནས“སྒོ་ཁར་སློབ་སྦྱོང” ཆེད་དོན་བགྲོ་གླེང་བྱས་ཏེ“ཟུང་འབྲེལ་སློབ་སྦྱོང”བཅས་ཀྱི་བྱེད་ཐབས་སྣ་ཚོགས་དུས་མཉམ་དུ་སྤྱད་དེ་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་གི་ཡོད།

    ལྗོངས་ཡོངས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་ད་དུང་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་དང་ཟུར་ཁྲིད་འཆད་ཁྲིད་ཧུར་ཐག་བྱས་ནས་ཆེད་ལས་ཀྱི་འགྲེལ་བཤད་བརྒྱབ་སྟེ་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་འགྲེལ་བཤད་དང་ལས་སྒོའི་འཇོན་ཐང་ཆེ་རུ་བཏང་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་རྩ་འཛུགས་ལས་དོན་གྱི་ལས་བྱེད་པའི་སློབ་ཁང་ཆེན་པོ་དང་ཀྲི་པུའུ་ཧྲུའུ་ཅིའི“དུས་བཞིའི་གླེང་སྟེགས”སྒྲིག་འཛུགས་ཞིབ་ཚགས་བྱས་ནས་སྤེལ་བ་དང་། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཁོངས་གཏོགས་ཀྱིས་ཆེད་དོན་ཟུར་ཁྲིད་འཆད་ཁྲིད་དང་སྤྱི་བདེའི་འཆད་ཁྲིད་ཆེན་པོའི་བྱེད་སྒོ་སྤེལ་ནས། བརྗོད་དོན་གཙོ་བོའི་སློབ་གསོ་དང་ལས་སྒོའི་ཤེས་བྱ་སློབ་ཁྲིད་ཟུང་འབྲེལ་བྱས་པར་མི་4000ལྷག་ཙམ་གྱིས་དྲ་ཐོག་ནས་སློབ་ཚན་ཉན་ཡོད།

    གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་འཚོལ་བཤེར་དང་དག་ཐེར་ལ་དམ་འཛིན་ནན་པོ་བྱེད་པ

    སློབ་སྦྱོང་བྱེད་ཀྱིན་ལྟ་བསྡུར་དང་། འཚོལ་བཤེར། དག་ཐེར་བཅས་བྱས་ནས་གནད་དོན་དག་ཐེར་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ནས་མཇུག་བར་ཁྱབ་པར་བྱས་ཏེ། མི་དམངས་མང་ཚོགས་ཚོར་གནད་དོན་ཐག་གཅོད་བྱེད་པའི་ཕན་འབྲས་དངོས་ཚོར་དུ་འཇུག་པ་ནི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་ཐབས་ཤེས་གལ་ཆེན་ཞིག་རེད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་དང་། རྩ་བའི་ལས་འགན། དམིགས་ཚད་ཞིབ་ཕྲ། གཙོ་གནད་བྱེད་ཐབས་བཅས་ལ་དམ་པོར་དམིགས་ཏེ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བརྟག་དཔྱད་ཞིབ་འཇུག་རབ་ཏུ་དར་བའི་ལས་ཀའི་ཇུས་གཞི་བཟོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ཞན་ཆ་དང་སྐྱོན་ཆར་དམ་པོར་དམིགས་པ། ཏང་ཀྲུང་དབྱང་གིས་གསལ་བཏོན་གནང་བའི་ཕྱོགས་12ཐད་ཀྱི་བརྟག་ཞིབ་ཀྱི་ནང་དོན་རྣམས་བརྟག་ཞིབ་ཀྱི་གཙོ་གནད“རིགས་ཆེ་གྲས་7གྱི་ནང་ཚན་24”ལ་ཞིབ་ཚགས་སུ་བཏང་ཡོད། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཆབ་སྲིད་ཀྱི་བྱང་ཚད། ནུས་པ་དང་འཇོན་ཐང་། རང་འགན་ཐེག་པ་འཁུར་ལེན། ལས་ཀའི་སྤྱོད་ཚུལ། སྤྱོད་གཙང་རང་གཅུན་སོགས་ཕྱོགས་6ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་35ཐོག་མར་གྲལ་བཤེར་ཐུབ་པ་མ་ཟད། བྱེད་ཐབས་བཟོས་ནས་དག་ཐེར་ཡང་བྱས་ཡོད།

    བོད་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་དང་ལེན་ཧུར་ཐག་ཞུས་ཤིང་། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་བརྟག་དཔྱད་ཞིབ་འཇུག་བྱེད་རིང་གནད་དོན་ཤེས་རྟོགས་དང་དག་ཐེར་མཐའ་འཁྱོངས་ཀྱིས་ལས་ཀའི་སྤྱོད་ཚུལ་ལ་དག་ཐེར་བྱས་ནས། འོས་སྐུལ་འོས་དཔོད་ཀྱི་ཁྲིམས་སྲོལ་ལམ་ལུགས་ལག་ལེན་ནན་པོ་བསྟར་བ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་དོ་དམ་བྱེད་ནུས་ཆེ་རུ་གཏོང་བ། རིམ་པ་བཞིན་འགན་གཙང་གཞན་སྤྲོད་དང་ཁྲིམས་འགལ་འགན་གཙང་ཁག་བགོས་སོགས་ཀྱི་བྱེད་སྤྱོད་ལས་བྱུང་བའི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། ཡིག་འབུལ་ཞུ་བཅར་གྱི་ལས་དོན“གཞན་ལ་བརྟེན་ནས་ཁ་གཏད་གཅོག་པ”ནས“རང་འགུལ་ངང་སེལ་བའི”བར་སྒྱུར་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    ལྟ་སྐུལ་མཛུབ་ཁྲིད་ནན་པོ་བྱས་ནས་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ།

    བོད་རང་སྐྱོང་ལྗོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་ནུས་ལྡན་གཏོང་ཆེད། སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་12བཙུགས་ནས་ཐིང་རིམ་པ་རྒན་པའི་ལས་བྱེད་པས་ཙུའུ་ཀྲང་གི་འགན་འཁུར་བ་དང་ཐིང་རིམ་པ་གཞོན་པའི་ལས་བྱེད་པས་ཙུའུ་ཀྲང་གཞོན་པའི་འགན་ཁུར་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྡེ་ཚན་ཁག་དང་ཚན་པ་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་བརྗོད་དོན་གཙོ་བོའི་སློབ་གསོའི“འགན་འཁུར་བ་དང་པོའི”འགན་འཁྲི་ལག་ལེན་ནན་པོ་བསྟར་ནས་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི“འགན་འཁུར་བ་གཉིས་པའི”འགན་འཁྲི་ནན་ཏན་བསྒྲུབས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྐོར་སྐྱོད་མཛུབ་ཁྲིད་ཀྱི་ལས་ཀའི་རྩ་དོན་དང་། བྱེད་ཐབས་ཞིབ་ཕྲ། འགན་འཁྲི་དང་ལས་འགན་སོགས་ཁ་གསལ་བཟོས་ཡོད། སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ཐོག་མཐའ་བར་གསུམ་དུ་གཙོ་གནད་ལ་སྟངས་འཛིན་དང་འགག་རྩར་དམ་འཛིན་མཐའ་འཁྱོངས་ཀྱིས་སྐོར་སྐྱོད་མཛུབ་ཁྲིད་དང་། སྐབས་བསྟུན་འཐེན་བཤེར། གཞི་རིམ་དུ་བཅར་འདྲི། བཞུགས་མོལ་དང་བཅར་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྡེ་ཚན་ཁག་དང་ཚན་པ་ཁག་གི་བརྗོད་དོན་གཙོ་བོའི་སློབ་གསོར་ལྟ་སྐུལ་མཛུབ་ཁྲིད་ནུས་ལྡན་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཏན་ཏན་ཏིག་ཏིག་སྤེལ་བའི་འགན་ལེན་བྱས་ཡོད།

    གོམ་སྟབས་རྗེས་མར་བོད་ཀྱིས་དཔེ་ཀློག་འཛིན་གྲྭ་ཡག་པོ་གཉེར་བ་དང་བརྟག་དཔྱད་ཞིབ་འཇུག་ལ་སྤྱི་འདོམས་བཀོད་སྒྲིག་བྱས་ནས། གནད་དོན་བཅོས་སྒྲིག་དང་བཅོས་སྐྱོང་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་དང་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གི་རང་ངོས་ཀྱི་སློབ་སྦྱོང་ལ་རང་འགུལ་ངང་ཤུགས་རྒྱག་པ། སློབ་སྦྱོང་གི་རྣམ་པ་ཟབ་མོ་གཏོད་པ་བཅས་བྱས་ཏེ། ཚུགས་གནས་མཐོ་བའི་ངོས་འཛིན་ལ་ཤུགས་རྒྱག་པ་དང་། ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ། སྤུས་ཚད་མཐོ་པོས་ལས་དོན་སྤེལ་བར་ཤུགས་རྒྱག་པ་བཅས་བྱས་ནས། བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།