དབུ་ཤོག
  • ལག་གདང་སྦྲེལ་ནས་ལྟེ་གཅིག་སྒོར་མོ་འབྲི།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-13

    ལེ་ཚན་གཏོད་པའི་གཏམ།

    ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་བཀྲམ་པའི《ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་དར་བ་བྱེད་རྒྱུའི་སྐོར་གྱི་ལས་དོན་ཇུས་གཞིའི》དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་སྤེལ་གཏོང་ཡག་པོ་བྱས་ནས། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། བརྟག་དཔྱད་ཞིབ་འཇུག་གི་འཇོན་ཐང་ཆེ་རུ་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་སྤེལ་བ། ལྗོངས་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱས་པར་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། དེ་རིང་ནས་བཟུང་འདི་ག་ཚགས་པར་གྱིས“‘དོན་ཆེན་བཞིར’དམིགས་པ་དང‘འཛུགས་གཏོད་བཞིར’ཤུགས་རྒྱག་པའི་བརྟག་ཞིབ་བྱ་སྤྱོད”ཅེས་པའི་ལེ་ཚན་བཏོད་དེ། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་། སྡེ་ཚན་ཁག ལས་རིགས་ཁག་བཅས་ཀྱིས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་། ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་པའི་ཐད་ཀྱི་དཔེ་མཚོན་བྱ་བ་དང་ཉམས་མྱོང་བྱེད་ཐབས་བཀོད་ནས། བརྟག་དཔྱད་ཞིབ་འཇུག་ཆེན་པོ་དར་བར་བྱེད་པའི་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་པར་བྱེད་ཀྱི་ཡིན་པས། ལྷན་རྒྱས་ཀྱིས་དོ་ཁུར་ཡོད་པ་ཞུ།

    7dcb12d6-0026-4277-b670-095536bbb749.jpg.jpg

    ཉེ་ཆར། གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུ་ལྷན་གྱིས་རྔ་ཆེན་ལམ་སྡེ་ཁུལ་བྱང་མ་དང་མཉམ་དུ་ཁྲེང་ཀོན་ཆུས་ཤིན་གཡོད་བུ་བཅོལ་ཁང་དུ“ལེ་ཧྥུང་ལ་སློབ་སྦྱོང་དང་མི་རིགས་མཐུན་སྒྲིལ་ཉིན་མོའི”བྱེད་སྒོ་སྤེལ་བ་རེད། དེའི་དམིགས་ཡུལ་ནི་བུ་བཅོལ་ཁང་གི་མི་རིགས་མཐུན་སྒྲིལ་སློབ་གསོའི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། ཕྲུ་གུ་ཚོས་ཆུང་དུས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱ་ཆེད་རེད། འདི་ནི་ལས་དོན་པས་མི་རིགས་ཁག་གི་གྲོགས་པོ་ཆུང་ཆུང་ཚོར་ཡིག་ཆས་ཞལ་འདེབས་རྒྱག་བཞིན་པ།

    1d7576e2-d956-441a-b919-602077cd6764.jpg.jpg

     འདི་ནི་ཡུལ་སྐོར་བས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་འོལ་པ་གྲོང་ཚོར་ཐུན་མོང་མ་ཡིན་པའི་བོད་ཀྱི་ལོ་གསར་གཏོང་སྲོལ་མྱོང་རོལ་བྱེད་བཞིན་པ།

    bf133c1b-1d6f-4def-999b-e8e64f2316a4.jpg.jpg

     

    འདི་ནི་ལྷ་ས་གྲོང་ཁྱེར་གྱིས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། མཐེ་བོང་བསྒྲེངས་ནས་མོས་སེམས་མཚོན་པར་བྱེད”ཅེས་པའི་གཅེས་སེམས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་སྐབས། སྐྲ་བཞར་བས་མི་རིགས་ཁག་གི་མང་ཚོགས་ལ་སྐྲ་བཞར་བཞིན་པ།

    e7e1c8a7-74fa-493e-b256-d6e07006a5a3.jpg.jpg

     འདི་ནི་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ལྷ་ས་ཉིང་ལག་རུ་ཁག་གིས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བྲག་ལོག་གྲོང་ཚོར་དམངས་ཕན་སྨན་བཅོས་བྱེད་བཞིན་པ།

    ལྷ་ས་གྲོང་ཁྱེར་གྱི་པེ་ཅིང་ཤར་ལམ་དུ་ཡོད་པའི“ཁྲོམ་གཟིགས་སྒང”ནི་གྲོང་ཁུལ་རྙིང་པའི་འཁྲུག་ཆ་དོད་ཤོས་ཀྱི་ས་ཆ་ཞིག་རེད། སྐད་ཆ་མི་འདྲ་བ་ཤོད་པའི་མི་རིགས་ཁག་གི་ཚོང་པ་དེ་གར་འཛོམས་ནས་རས་ཆ་དང་། འབྲུ་རིགས། ཤིང་འབྲས་སྐམ་པོ་སོགས་འཚོང་གི་ཡོད། ཁྲོམ་གཟིགས་སྒང་གི་སྡེབ་ཚོང་ཁྲོམ་རར་ཤིན་ཅང་ཧོ་ཐན་ནས་སླེབས་པའི་ཡུ་གུར་རིགས་ཀྱི་ཚོང་པ་མའེ་མའེ་ཐི་ནི་དེ་གའི་ཚོང་དུད་རྙིང་པ་ཞིག་རེད། “ཆུང་དུས་ནས་ངའི་ཕ་མ་གཉིས་པོ་འདི་གར་ཚོང་རྒྱག་གི་ཡོད། ང་རྩིས་ན་མི་རབས་གཉིས་ཀྱིས་འདི་གར་ཚོང་རྒྱག་གི་ཡོད་ཅེས་བརྗོད་ན་འགྲིག” ལོ་20ལྷག་ཙམ་གོང་མའེ་མའེ་ཐི་ཕ་མ་དང་མཉམ་དུ་ལྷ་སར་ཚོང་གཉེར་དང་འཚོ་བ་སྐྱེལ་བར་སླེབས། ད་ཆ་རྒྱ་སྐད་དང་བོད་སྐད་ཆུ་རྒྱུག་རྒྱུག་ཤོད་ཐུབ་ཀྱི་ཡོད། རང་ཚུགས་ཚོང་གཉེར་བྱས་རྗེས་ལྟོ་གོས་གྲུང་པོ་དང་སེམས་རྩ་འཁོལ་པོ་ཡོད་པས་ཚོང་ཧ་ཅང་བྲིན་ཁ་རྒྱུག་པོ་ཡོད། ད་ཆ་ཤིང་འབྲས་སྐམ་པོ་ཚོང་ཁང་གི་ཁྲོམ་བཀྱག་10བར་མང་དུ་ཕྱིན་ཡོད།

    ད་ཆ་ལྷ་སར་མི་སེམས་འགུལ་བའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མང་པོ་ཐོས་རྒྱུ་ཡོད། རྒན་ཡོལ་ཞུས་པའི་བཟོ་པ་ནོར་བུ་ཆོས་གྲགས་ཀྱིས་ནད་ཀྱིས་མནར་བའི་རྒྱ་རིགས་སྤུན་ཟླ་ཡན་ཡུང་ལ་རོགས་རམ་བྱས་ནས་ཁོང་སྨན་ཁང་དུ་ཁྲིད་རོགས་སོགས་རྒྱུན་གཏན་གྱི་འཚོ་བར་ལྟ་རྟོག་བྱེད་ཀྱི་ཡོད། ལོ་འདི་དག་རིང་ནོར་བུ་ཆོས་གྲགས་དང་ཡན་ཡུང་མཉམ་དུ་བསྐྱོད་པའི་ལམ་ཐག་ཁྱོན་སྤྱི་ལེ་ཁྲི་2ལྷག་ཙམ་ཟིན་གྱི་ཡོད། ལམ་ཐག་སྤྱི་ལེ་ཁྲི་2ལྷག་ཙམ་ལས་བོད་རྒྱ་སྤུན་ཟླ་གཉིས་ཀྱི་ཆེས་གཞུང་དྲང་བབ་ཆགས་དང་སྒེར་སེམས་མེད་པའི་བརྩེ་བ་མཚོན་ལ། བོད་རྒྱ་མི་རིགས་གཉིས་ཀྱི་མཛའ་གྲོགས་དང་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལྷ་སའི་ས་གཞི་ཆེན་པོར་རབ་ཏུ་བཞད་པའི་མཚོན་ཚུལ་དངོས་ཤིག་དེ་བས་རེད།

    གནམ་གཤིས་རིམ་བཞིན་དྲོ་རུ་སོང་བ་དང་བསྟུན་ནས་གང་སར་དཔྱིད་ཀྱི་དཔལ་ཡོན་རྒྱས་འགོ་ཚུགས། ལྷ་སའི་སྲང་ལམ་ཁག་ཏུ་སྐྱོད་སྐབས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་རྣམ་པ་གང་སར་མཐོང་རྒྱུ་ཡོད། དགའ་སྤྲོའི་འཛུམ་མདངས་རེ་རེ་དང་སྤྲོ་སེམས་འཁོལ་བའི་གཏམ་རྒྱུད་རེ་རེ་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་མངོན་ཡོད། ད་ཆ་ལྷ་སར་འཚོ་བ་སྐྱེལ་བཞིན་པའི་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། ཡུ་གུར་རིགས་སོགས་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་བཏང་སྟེ། མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཆེད་མཉམ་དུ་འབད་འཐབ་བྱེད་བཞིན་མཆིས།

    ལས་དབང་གཅིག་མཐུན་འདུས་གྲུབ་ཤུགས་ཆེན་བཏོད་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ལས་དོན་ལ་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ནས་ལག་ལེན་ཁྲོད་མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཟམ་མི་ཆད་པར་དོན་འཁྱོལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ནས་གུང་ཁྲན་ཏང་ཡོན་གྱི་མི་རིགས་མཐུན་སྒྲིལ་གྱི་གདོང་ལེན་བྱེད་སྒོ་དང་། གུང་གཞོན་སྡེ་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་འོད་སྟོང་འཕྲོ་བའི་བྱ་སྤྱོད། ལོ་ཆུང་གདོང་ལེན་རུ་མིའི་མི་རིགས་མཐུན་སྒྲིལ་གྱི་ལག་གདང་སྦྲེལ་བའི་བྱེད་སྒོ་སོགས་ལ་བརྟེན་ནས“རྣམ་པ་དང་། ཕན་འབྲས། མྱོང་ཚོར”བཅས་ཡོད་དགོས་པའི་ལས་དོན་བླང་བྱར་གཞིགས་ནས་ལག་རྩལ་གསར་པ་དང་སྨྱན་སྦྱོར་གསར་པ་གང་ལེགས་སྤྱད་དེ། དམིགས་སའི་རང་བཞིན་གྱི་དྲིལ་བསྒྲགས་རབ་དང་རིམ་པ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་མཐུད་སྤེལ་བ་རེད།

    ལྷ་ས་གྲོང་ཁྱེར་གྱིས《མི་རིགས་མཐུན་སྒྲིལ་ལ་བསྟོད》དང《ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དངོས་བྲིས་དྲིལ་བསྒྲགས་པར་གཞི》 《མི་རིགས་མཐུན་སྒྲིལ་དཔེ་བཟང་གི་བྱས་རྗེས་ཕྱོགས་བསྒྲིགས》དང་དེ་བཞིན་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་བརྡ་ཁྱབ་དང་ཤོག་ཕོར་སོགས་ཀྱི་དྲིལ་བསྒྲགས་དངོས་པོ་སྔ་རྗེས་སུ་བཟོས་པ་དང་། ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གནའ་ཤུལ་དུ་ཆེད་མངགས་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འགྲེམས་ཁང་བཙུགས་ནས་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱས་པ། གྲོང་ཁྱེར་གྱི་སྒྲིག་བཀོད་མངོན་གསལ་དོད་ས་དང་། གྲོང་ཁུལ་གྱི་མ་ལམ་གཙོ་བོ། ཁྲོམ་གཞུང་དང་སྲང་ལམ། གྲོང་ཁྱེར་ཉེ་འདབས་ཀྱི་རྫོང(ཆུས) རྒྱལ་ལམ་318དང་109ཡི་ལམ་རྒྱུད། སྤྲིན་ཟམ་སོགས་གཙོ་གནད་ལམ་དུམ་ཚང་མར་དྲིལ་བསྒྲགས་སྦྱར་ཡིག་འགེལ་བ་དང་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་སྤྱི་ཕན་བརྡ་ཁྱབ་སྤེལ་གཏོང་བྱས་ཡོད། དེ་བཞིན་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་། སྤྱི་སྤྱོད་རླངས་འཁོར། བོགས་གཏོང་རླངས་འཁོར་བཅས་ཀྱི་ཀུང་སི་དང་འབྲེལ་བ་བྱས་ནས་དེ་དག་གི་གློག་རྡུལ་བརྙན་ཤེལ་ངོས་སུ་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཡོད་བརྙན་ཐུང་དང་དྲིལ་བསྒྲགས་འབོད་ཚིག་བསྟན་པ་རེད། དེ་དང་དུས་མཚུངས་ཤིན་ཧྭ་དྲ་ཚིགས་དང་། མི་རིགས་བརྙན་པར། ཀྲུང་གོ་མི་རིགས་དུས་དེབ་ཁང་། 《བོད་ལྗོངས་ཉིན་རེའི་ཚགས་པར》སོགས་ལྗོངས་ཕྱི་ནང་གི་སྨྱན་སྦྱོར་གཙོ་བོར་བརྟེན་ནས། གྲོང་ཁྱེར་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཚུལ་དྲིལ་བསྒྲགས་དང་སྤེལ་གཏོང་བྱས་པ་རེད།

    གཞན་ཡང་ལྷ་ས་གྲོང་ཁྱེར་གྱིས་བཅའ་ཁྲིམས་ཀྱི་རྨང་གཞིའི་ནུས་པ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་རྒྱལ་ཡོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཁྲོད་དུ《ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》སྔོན་ལ་བཟོས་ནས་བཏོན་ཞིང་། ལོ་ལྟར་གྱི་ཟླ་9ཚེས་17ཉིན་ལྷ་ས་གྲོང་ཁྱེར་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་དུས་ཆེན”ལ་གཏན་འཁེལ་བྱས་ཏེ། “ཁྲིམས་ལྟར་གྲོང་ཁྱེར་བཅོས་སྐྱོང”དང་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་ཁྲིམས་སྐྱོང་ཅན་གྱི་དུས་རབས་གསར་པ་འབྱེད་ཡོད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུའི་ཐོག་བསྐྱོད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད། དེ་ཐོག་ནས་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་གཅིག་རྒྱུན་གཅིག་འཛིན་དང་དུས་བསྟུན་འཕེལ་རྒྱས་བྱུང་བ་མངོན་གྱི་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་དང་། ཁེ་ཕན་གཅིག་མཐུན་འདུས་གྲུབ། འགན་འཁྲི་གཅིག་མཐུན་འདུས་གྲུབ་བཅས་ཡིན་པའི་ངོས་འཛིན་གཏིང་ཟབ་ཡོང་བར་ཁྲིད་སྟོན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་གྲུབ་འབྲས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་རྒྱུ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་པེ་ཅིང་དང་ཅང་སུའུ་ཡི་ཁ་གཏད་བོད་སྐྱོར་གྱི་ཐབས་ལམ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཐོན་ལས་སྤེལ་རེས་མཉམ་ལས་དང་། ཚན་རྩལ་མཛུབ་ཁྲིད་རོགས་རམ། སྨན་བཅོས་དང་སློབ་གསོའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བཅས་གཏིང་ཟབ་སྤེལ་ཡོད། “བོད་སྐྱོར་ལས་བྱེད་པ་དང་ས་གནས་དེ་གའི་མང་ཚོགས‘ཆ་སྒྲིག’ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་ཡོངས་སུ་རིམ་རྩིས་བྱས་ན་ལས་ཞུགས་མི་སྣ་500ཙམ་ལ་གསོ་སྦྱོང་བྱས་པ་དང་། མི་18ལ་གནས་སྦྱར་སྦྱོང་བརྡར་བྱས་པ། མི་180ཡིས་རྟོག་ཞིབ་དང་སློབ་སྦྱོང་ནང་ཞུགས་པ། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམ་རྩིས་བྱས་ན་མི་ཐེངས་5000ཙམ་ལྗོངས་ཕྱིར་རྟོག་ཞིབ་དང་། སྤེལ་རེས། སློབ་སྦྱོང་། གསོ་སྦྱོང་བཅས་ལ་མངགས་ནས་མི་རིགས་ཁག་གི་མང་ཚོགས་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་བཏང་ཡོད”ཅེས་ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད།

    མཉམ་དུ་ནུས་ཤུགས་བཏོན་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།

    《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》དོན་འཁྱོལ་ནན་ཏན་བྱས་ཏེ་ལོ་རེའི་ཟླ་9པ་ནི་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་དང་། ཟླ་9ཚེས་17ཉིན་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་དུས་ཆེན་ལ་གཏན་འཁེལ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་ཚན་ནང་བཅུག་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་ཤུགས་ཆེན་བྱས་པ་སོགས་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པའི་ཁྲོད་སྣེ་འཁྲིད་མཁན་ཡག་པོ་བྱས་ཏེ་མི་རིགས་མཐུན་སྒྲིལ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བྱས་ཡོད།

    རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པའི་ཐད་ལྷ་ས་གྲོང་ཁྱེར་གྱིས་ཁྲིམས་སྐྱོང་གི་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་མི་རིགས་ལས་དོན་གཟབ་ནན་དང་བརྟན་པོ་ཡོང་བར་བྱས་ཡོད།

    ——ལྷ་སའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《ལྷ་ས་གྲོང་ཁྱེར་གྱིས<བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་འཆར་འགོད(2021ལོ་ནས་2025ལོ་བར)>ལག་བསྟར་དོན་འཁྱོལ་གྱི་ལག་བསྟར་ཇུས་གཞི》དང《ལྷ་ས་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི“གཤམ་སྤེལ་དགུའི”ལག་བསྟར་ཇུས་གཞི》 《ལྷ་ས་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་རྫོང(ཆུས)དང་དཔེ་བཟང་ཚན་པའི་དཔྱད་གདེང་མིང་འདོགས་གི་ལག་བསྟར་ཞིབ་སྲོལ》 《ལྷ་ས་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་འཛུགས་གཏོད་ཀྱི“གཤམ་སྤེལ་དགུའི”ཚད་ལེན་ལྟ་ཞིབ་གྱི་སྟོན་རྟགས》སོགས་ཞིབ་འཇུག་བྱས་ནས་བཟོས་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ལ་མཛུབ་ཁྲིད་དང་སྐུལ་འདེད་བཏང་ཡོད།

    ——“གུང་ཁྲན་ཏང་ཡོན་གྱི་མི་རིགས་མཐུན་སྒྲིལ་གདོང་ལེན་བྱེད་སྒོ”དང“གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མིའི་མི་རིགས་མཐུན་སྒྲིལ་གྱི་འོད་སྟོང་འཕྲོ་བ་བྱ་སྤྱོད” “ལོ་ཆུང་གདོང་ལེན་རུ་མིའི་མི་རིགས་མཐུན་སྒྲིལ་གྱི་ལག་གདང་སྦྲེལ་བའི་བྱེད་སྒོ”སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཡོད།

    ——རྩལ་ནུས་གསོ་སྦྱོང་དང་རོགས་སྐྱོར་སོགས་ཀྱི་ཁ་གསབ་སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱས་པ། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་མིག་དཔེའི་སྐུལ་ཁྲིད་ལ་བརྟེན་ནས་སྔོན་ཐོན་འདེམས་གཏོད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་རྩ་བ་བརྟན་དུ་བཏང་ཡོད། ད་བར་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང(ཆུས)1དང་། དཔེ་སྟོན་ཚན་པ་4 རང་སྐྱོང་ལྗོངས་རིམ་པའི་དཔེ་བཟང་རྫོང(ཆུས)2 དཔེ་བཟང་ཚན་པ་71 སྔོན་ཐོན་དཔེ་མཚོན་38བཅས་འོས་སྦྱོར་འདེམས་སྒྲུག་དང་། གྲོང་ཁྱེར་རིམ་པའི་དཔེ་བཟང་རྫོང(ཆུས)7དང་། དཔེ་བཟང་ཚན་པ་150 དཔེ་བཟང་སྒོ་ར(ཁུལ་ཆུང)9བཅས་འཛུགས་གཏོད་བྱས་ནས་མིང་བཏགས་ཡོད།

    དམག་ཞབས་ཐིམ་པའི་དམག་མི་ཞེ་ཅུན་ཁྲེང་བོད་སྐད་ལ་བྱང་ཞིང་ཤ་རྩི་ནག་པས། ཧོབ་དེ་ལྟ་དུས་བོད་རིགས་སྐྱེས་པ་ཞིག་དང་ཧ་ཅང་འདྲ་པོ་ཡོད། 2002ལོར་ཀན་སུའུ་ནས་ཡིན་པའི་ཞེ་ཅུན་ཁྲེང་དང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་ཤང་དཔལ་གླིང་གྲོང་ཚོའི་བོད་རིགས་བུ་མོ་ཟླ་བ་སྒྲོལ་དཀར་ལོ་མང་རིང་བརྩེ་བ་ཟབ་པས། མཐར་བཟའ་ཚང་ཆགས། ཞེ་ཅུན་ཁྲེང་དཔལ་གླིང་གྲོང་ཚོར་གཞིས་ཆགས་རྗེས་ས་གནས་དེ་གའི་མང་ཚོགས་དང་ཧ་ཅང་འཆམ་པོ་ཡོད་པ་དང་རང་ཉིད་གྲུང་ལ་འཇོན་ཐང་ཆེ་བས་བོད་སྐད་ཤེས་པ་མ་ཟད། ད་དུང་མང་ཚོགས་ཀྱི་སྣེ་ཁྲིད་ནས་འདྲེ་ཚེར་མ་འདེབས་འཛུགས་མཉམ་ལས་ཁང་བཙུགས་པས། ཡུལ་མི་ཚོ་ཁྱིམ་གྱི་སྒོ་རྩ་ནས་འབབ་འཕར་བྱུང་ཡོད། 2020ལོ་དང་2023ལོར་ཞེ་ཅུན་ཁྲེང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་ཐེངས་གཉིས་བདམས་ཡོད། འདི་ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཐོག་ཞེ་ཅུན་ཁྲེང་གིས“ངས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ས་བོན་དེ་བས་མང་བ་མུ་མཐུད་བཏབ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་ཆེད་རང་ཉིད་ཀྱི་ནུས་ཤུགས་གང་ཡོད་འདོན་གྱི་ཡིན། ངས་ཡུལ་མི་ཚོའི་སྣེ་ཁྲིད་དེ་མཉམ་དུ་འབད་བརྩོན་བྱས་ནས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་གྱི་ཡིན”ཞེས་བརྗོད།

    མཛེས་པའི་འབྱུང་འགྱུར་ལ་བརྩེ་བ་ཟབ་མོས་རྒྱང་ལྟ་བྱེད་པ།

    འཆམ་མཐུན་བྱུང་ན་བྱ་བ་ལས་ཀྱིས་གྲུབ་པ་དང་། མཐུན་སྒྲིལ་བྱས་ན་སྟོབས་ཤུགས་ལས་ཀྱིས་སྐྱེད་ཐུབ། ལྷ་སར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་སྙན་མོ་མང་དག་ཅིག་ཉིན་ལྟར་ཐོན་དང་ཐོན་མུས་རེད། འདི་གར་འཚོ་བ་སྐྱེལ་བཞིན་པའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་ལག་གདང་དཔུང་སྦྲེལ་གྱིས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་མཉམ་དུ་སྲུང་བ་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་པ། མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་དུས་རབས་གསར་པའི་རི་མོ་གསར་པ་བྲིས་ཡོད།

    ལྷ་ས་སྐྱིད་ཆུའི་ངོགས་སུ་གནས་པའི་ལྷ་ས་གྲོང་ཁྱེར་ཀྲུང་ཧྭ་རིག་གནས་སྤྱི་གླིང་གིས“ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན”ཞེས་པ་བརྗོད་དོན་གཙོ་བོ་དང“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ”གཙོ་རྐང་དུ་བྱས་ཏེ། སྤྱི་ཡོངས་ལྷོ་བྱང་གཉིས་སུ་ཕྱེ་བ་དང་སྤྱིའི་རིང་ཚད་སྨི་1093ཙམ་ཟིན་པའི་མཐུན་མཛེས་སེམས་སྦྲེལ་ཟམ་པས་ངོགས་གཉིས་པོ་འབྲེལ་ཡོད། ལྷ་ས་སྐྱིད་ཆུའི་ལྷོ་ངོགས་སུ“ཐུན་མོང་གི་རིག་གནས”དང“ཐུན་མོང་གི་སྙིང་སྟོབས”ཞེས་པའི་ཆ་ཤས་ཆེན་པོ་གཉིས་ཚུད་ཡོད་པ་དེས་རྒྱ་ཆེའི་གྲོང་མི་ཡུལ་སྐོར་བར་སྤྲོ་གསེང་དང་། ལུས་སྦྱོང་། བག་ཕེབས་བཅས་བྱེད་སའི་ཁོར་ཡུག་ཅིག་བཏོད་པ་དང་ཆབས་ཅིག་གཅིག་ལ་གཅིག་མཐུད་དང་གཏིང་ཟབ་ལ་རྒྱ་ཆེ་བའི་ཀྲུང་ཧྭའི་རིག་གནས་དང་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་རླབས་ཆེན་ཚོར་ཐུབ་ཀྱི་ཡོད།

    ནང་མི་ཚོའི་ཤུགས་རྐྱེན་འོག་ཤིན་ཅང་གི་ཕོ་གཞོན་ཨ་ཏེ་ལི་སློབ་ཆེན་ཐོན་རྗེས་ལྷ་སར་ལས་ཀ་འཚོལ་རྒྱུའི་གདམ་ག་བྱས། ལོ་10ཡི་རིང་འབད་བརྩོན་བྱས་པ་བརྒྱུད་ཨ་ཏེ་ལི་ཀུང་སི་ཞིག་གི་མཉམ་ལས་པར་གྱུར་བ་དང་གཙོ་བོ་གློག་རྡུལ་རིགས་ཀྱི་ཐོན་རྫས་ཚོང་གཉེར་བྱེད་ཀྱི་ཡོད། “ང་ལྷ་སར་ལས་ཀ་བྱས་ནས་ལོ་10ཕྱིན་སོང་། གྲོགས་པོ་ཡང་མང་པོ་ངོ་ཤེས་བྱུང་། ལྷ་སའི་སྒོ་དབྱེ་དང་། བསྟུན་མཁས། སྤེལ་རེས་བཅས་ཀྱིས་ད་ཆའི་ལྷ་ས་ཙམ་མ་ཟད། ཐ་ན་བོད་ཡོངས་སྔར་བས་དར་རྒྱས་འབྱོར་ཕྱུག་ལྡན་པར་གྱུར་བ་ངས་དངོས་སུ་མཐོང་བྱུང་། སླད་ཕྱིན་མི་རིགས་མཐུན་སྒྲིལ་ཆེད་དེ་བས་འབད་བརྩོན་དང་ལེགས་སྐྱེས་འབུལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ལ། འབྱུང་འགྱུར་རང་ཉིད་ལྷ་སར་འཕེལ་རྒྱས་ཡོང་བར་ཡང་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད”ཅེས་ཨ་ཏེ་ལིས་བཤད།

    ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཡངས་ཤིང་ཁོད་སྙོམས་པའི་འགྲོ་ལམ་དུ་རླངས་འཁོར་མང་པོ་ཕར་འགྲོ་ཚུར་འོང་བྱེད་པ་དང་ཁེ་ལས་མང་པོས་ཚ་ཚ་འུར་འུར་ངང་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པའི་རྣམ་པ་མང་པོ་མཐོང་རྒྱུ་ཡོད། 2022ལོར་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་ལ“ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ”དང“ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པའི”གཟི་བརྗིད་མཚན་སྙན་སྤྲད་པ་རེད། ཉེ་བའི་ལོ་ཤས་རིང་། ལྷ་སའི་དཔལ་འབྱོར་འཕེལ་རྒྱས་ཁུལ་གྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ”གཙོ་རྐང་དུ་བྱས་ནས་དམངས་ལ་ཕན་ཞིང་སྟབས་བདེ་ལ་ལས་ཕྱོད་ཆེ་བའི་སྐར་ཁུང་གཏོད་རྒྱུ་ནས་འགོ་བཙུགས་ཏེ་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ལས་དོན་གཏིང་ཟབ་སྤེལ་ཡོད། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་གླིང་ཁུལ་གྱི་སྤྱི་དབང་མིན་པའི་ཁེ་ལས་དང་། གཞུང་ཁོངས་ཁེ་ལས། སྡེ་ཁུལ་ཏང་ཨུད། ལས་ཁུངས་བཅས་ཀྱི་ལས་བྱེད་ལས་བཟོ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་མཉམ་སྐྲུན་གྱི་བྱ་གཞག་ནང་ཧུར་ཐག་ཞུགས་རྒྱུའི་སྐུལ་སློང་བྱས་པ་མ་ཟད། “གཉིས་འགུག་གཉིས་འདྲེན”གྱི་ལས་དོན་ཁྲོད། སྣེ་འདྲེན་ཐོན་ལས་དང་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་འབད་བརྩོན་ཆེན་པོ་བྱས་ཡོད།

    “གོམ་སྟབས་རྗེས་མར་ང་ཚོས་2022ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་རྨང་གཞིའི་ཐོག་ཞན་ཆ་སེལ་བ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ། རྨང་བརྟན་དུ་གཏོང་བ། ལེགས་ཆ་འདོན་པ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན། སླད་ཕྱིན་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས‘ལེགས་གསུམ་གསར་བཞིའི’འཐབ་ཇུས་ངེས་གནས་དང་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་གླིང་ཁུལ་གྱི་སྤུས་ཚད་མཐོ་བ་དང་ཐོན་ལས་རྩེར་སོན་ཅན་གྱི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལེའུ་ཧུར་ཐག་གཏོད་པའི་ཁྲོད་འགན་འཁྲི་གསར་པ་ཁུར་བ་དང་། ལས་དོན་གསར་པ་སྒྲུབ་པ། ལེགས་སྐྱེས་གསར་པ་འབུལ་བ་བཅས་བྱེད་ཀྱི་ཡིན”ཞེས་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧོང་ཕུའུ་ལུང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།