དབུ་ཤོག>གསར་འགྱུར།
  • བདེ་སྐྱིད་ལྡན་པའི་སློབ་གྲྭ་རུ། མི་རིགས་མཐུན་སྒྲིལ་མེ་ཏོག་བཞད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-10

    1995ལོ་ནས་བཟུང་ཀྲེ་ཅང་ཞིང་ཆེན་གྱིས་ནག་ཆུར་ཁ་གཏད་རོགས་སྐྱོར་བྱས་ཤིང་། ལོ་28རིང་ཀྲེ་ཅང་ཞིང་ཆེན་གྱིས་སེམས་ནུས་ཡོད་རྒུས་བོད་སྐྱོར་ལས་དོན་ཁག་སྤེལ་ནས་ནག་ཆུའི་སློབ་གསོའི་བྱ་གཞག་ལ་རྒྱབ་སྐྱོར་ཤུགས་ཆེན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་མཐོང་ཆེན་བྱས་ཏེ། ནག་ཆུ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་དང་ལྷག་པར་དུ་སློབ་གསོའི་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

    དྲ་སྦྲེལ་ལ་བརྟེན་གཅིག་སེམས་གཅིག་ཏུ་སྦྲེལ།

    2020ལོའི་ཟླ་དགུ་པར་ཀྲེ་ཅང་ཧང་ཀྲོའུ་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་དགུ་པས་སློབ་གསོའི་བོད་སྐྱོར་བྱེད་ཐབས་གསར་གཏོད་བྱས་ཤིང་། ཀྲེ་ཅང་ཧའེ་ལེང་སློབ་གསོ་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ་གསེར་རྙེད་ཆུས་སུ་བོད་ཀྱི་རྫོང(ཆུས)རིམ་པའི་བོད་སྐྱོར་འཛིན་གྲྭ་དང་པོ་སྟེ། ཧའེ་ལེང་བོད་སྐྱོར་འཛིན་གྲྭ་བཙུགས་པ་མ་ཟད། ཐེམ་ཁུངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནས་ཡིན་པའི་སློབ་མ་30ཀྲེ་ཅང་དུ་སློབ་སྦྱོང་ལ་བཏང་བ་རེད།

    དེ་དང་ཆབས་ཅིག་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་རྒྱང་ཁྲིད་སློབ་གསོར་བརྟེན་ནས། གསེར་རྙེད་ཆུས་ཀྱི་སློབ་འབྲིང་གཉིས་པར“དགེ་རྒན་གཉིས་ཀྱི་སློབ་ཁང”བཙུགས་པས། ཧའེ་ལེང་བོད་སྐྱོར་འཛིན་གྲྭས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ཐུབ་ཡོད།

    ཧའེ་ལེང་བོད་སྐྱོར་འཛིན་གྲྭ་དང“དགེ་རྒན་གཉིས་ཀྱི་སློབ་ཁང”བཙུགས་པས་གསེར་རྙེད་ཆུས་ཀྱི་ཕྲུ་གུ་ཚོར་དེ་བས་ཡངས་པའི་སློབ་སྦྱོང་གི་ལས་སྟེགས་བྱུང་བ་མ་ཟད། ས་གནས་གཉིས་ཀྱི་དགེ་སློབ་དང་ཁྱིམ་བདག་ལ་སྤེལ་རེས་དང་འགྲོ་འོང་གི་གོ་སྐབས་ཀྱང་རག་ཡོད། མི་རིགས་ཀྱི་རིག་གནས་མི་འདྲ་བ་སྤེལ་རེས་དང་འགྲོ་འོང་ཁྲོད་ཕན་ཚུན་མཉམ་འདྲེས་ཐུབ་པ་དང“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”འདུ་ཤེས་ས་གནས་གཉིས་ཀྱི་དགེ་སློབ་དང་ཁྱིམ་བདག་གི་སེམས་སུ་ཟུག་ཡོད།

    བསམ་འདུན་འཆང་བཞིན་མཉམ་དུ་ཕུགས་འདུན་བཏོད།

    2019ལོ་ནི་གསེར་རྙེད་ཆུས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་ལོ་ཡིན་ཞིང་། གསེར་རྙེད་ཆུས་སློབ་འབྲིང་གཉིས་པའི(ཧང་ཀྲོའུ་དང་ལྷ་རི)སློབ་འབྲིང་གིས་གསེར་རྙེད་ཆུས་ཨུད་ཀྱི“ཏང་འཛུགས་སྐྱོང་ལ་བརྟེན་ནས་རྨང་གཞི་བརྟན་གཏོང་ལ་ཁྲིད་སྟོན་དང་། ཁྲིམས་ལྟར་ཆུས་བཅོས་སྐྱོང་ལ་བརྟེན་ནས་དྲང་གཞག་ལ་སྐུལ་འདེད། ཁ་དན་ཚིག་གནས་ཀྱི་གསེར་རྙེད་ལ་བརྟེན་ནས་ཤེས་དཔལ་གཏོད་པ། དཔལ་འབྱོར་འཕེལ་རྒྱས་ལ་བརྟེན་ནས་དམངས་འཚོར་ཕན་འདོགས་པ”བཅས་ཀྱི་སྤྱིའི་ལས་ཀའི་བསམ་ཕྱོགས་ལ་གཞིགས་ནས། རང་སོ་སོའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཏེ“བདེ་སྐྱིད་ལྡན་པའི་སློབ་གྲྭར་ཏང་དར་དམར་མདངས་བཀྲ སྤྱོད་བཟང་མི་སྐྱོང་དགེ་རྒན་བླ་སྲོག་གཏོད”ཅེས་པ་བཏོད་ཡོད།

    ཏང་འཛུགས་སྐྱོང་གི་སྤུས་རྟགས་དེ། གཙོ་བོ་ཕྲུ་གུ་ཚོར“སེམས་གསུམ་འདུ་འགོད”(སྤྲོ་སེམས་འཁོལ་པོས་བསམ་འདུན་ཆུང་ངུ་སྒྲུབ་པ་དང་། སེམས་ནུས་ཡོད་རྒུས་སློབ་མ་དབུལ་པོར་རོགས་རམ་བྱེད་པ། སེམས་ནུས་ཡོད་རྒུས་སློབ་མ་དབུལ་པོའི་བསམ་བློར་འགྱུར་ལྡོག་གཏོང་བ)ལག་བསྟར་བྱས་ནས་ཕྲུ་གུ་ཚོར་དྲོ་སྐྱིད་དངོས་འབྲེལ་ཚོར་བར་བྱས་ཡོད།

    ད་དུང“སེམས་རྩ་འཁོལ་པོས་བསམ་འདུན་ཆུང་ངུ་སྒྲུབ་པའི”བྱེད་སྒོ་སྤེལ་རིང་གསེར་རྙེད་ཆུས་སློབ་འབྲིང་གཉིས་པའི་དགེ་སློབ་ཚོས་མཉམ་དུ“བསམ་འདུན་ཆུང་ངུ་མཚོན་པའི་ལྗོན་ཤིང”བཙུགས་ནས་ཕྲུ་གུ་ཚོའི་བསམ་འདུན་བཟང་པོ་མཚོན་པའི་བྱང་བུ་བཀལ་ཡོད།

    ལག་གདང་སྦྲེལ་ནས་མཉམ་དུ་འཚར་ལོངས་ཡོང་བར་བྱས།

    ཀྲེ་ཅང་ཞིང་ཆེན་གྱིས་སློབ་གསོའི་བོད་སྐྱོར་ལས་དོན་སྤེལ་སྐབས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་ནང་དོན་གལ་ཆེན་དུ་བྱས་ནས་ས་ཁུལ་གཉིས་ཀྱི་དགེ་སློབ་དབར་འགྲོ་འོང་དང་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཉམ་དུ་བསྐྱངས་ཡོད།

    ཧང་ཀྲོའུ་དང་གསེར་རྙེད་ཆུས་གཉིས་ཀྱི་ཕྲུ་གུའི་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་གསེར་རྙེད་ཆུས་ཀྱི་ཕྲུ་གུ་ས་མཐོ་ནས་ཐོན་ཏེ། མཐོང་རྒྱ་ཆེ་རུ་གཏོང་བ་དང་མེས་རྒྱལ་དར་རྒྱས་གོང་འཕེལ་དང་མི་རིགས་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཚོར་བ་བྱ་ཆེད། ཀྲེ་ཅང་ཧང་ཀྲོའུ་བོད་སྐྱོར་ལས་དོན་ཚོགས་ཆུང་གི་རོགས་རམ་འོག 2018ལོ་ནས་བཟུང་གསེར་རྙེད་ཆུས་ཀྱིས་ལོ་ལྟར་སློབ་འབྲིང་གཉིས་པའི་ཕྲུ་གུ་སྒྲིག་འཛུགས་བྱས་ཏེ་གངས་ལྗོངས་ས་མཐོ་ནས་ཐོན་ཏེ་མཛེས་སྡུག་ལྡན་པའི་ཧང་ཀྲོའུ་གྲོང་དུ་བསྐྱོད་ནས་ཧང་ཀྲོའུ་སློབ་གྲྭའི་རིག་ལྡན་སློབ་ཁང་དང་། ཁྱད་ལྡན་སློབ་ཚན། ཚན་རྩལ་སྒྱུ་རྩལ་དུས་ཆེན། སྲོལ་རྒྱུན་རིག་གནས་དང་ཅང་ནན་རིག་གནས་བཅས་མྱོང་རོལ་ཐུབ་པར་བྱས་ཡོད།

    ཞིབ་འཇུག་དང་སློབ་སྦྱོང་གི་བྱེད་སྒོའི་ཁྲོད་གསེར་རྙེད་ཆུས་དང་ཧང་ཀྲོའུ་ཡི་ཕྲུ་གུ་ཚོ་ཕན་ཚུན་ཆ་སྒྲིག་བྱས་པས། རིམ་བཞིན་གྲོགས་པོ་ཡག་པོར་གྱུར་བ་མ་ཟད། ད་དུང་རྟག་ཏུ་རང་སོ་སོའི་འཚོ་བའི་གོམས་གཤིས་མཉམ་སྤྱོད་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།