དབུ་ཤོག>གསར་འགྱུར།
  • ང་ཚོས་བསྟོད་གླུ་མི་ལེན་ག་ལ་སྲིད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-01

    4839510_huangzy_1680278400000_s.jpg

    གཞིས་རྩེ་གྲོང་ཁྱེར་གྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་དྲན་གསོ་ཞུ་བའི་མང་ཚོགས་ཀྱི་མཉམ་སྤྲོའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    4839512_huangzy_1680278400000_s.jpg

    གཞིས་རྩེ་གྲོང་ཁྱེར་གྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་དྲན་གསོ་ཞུ་བའི་མང་ཚོགས་ཀྱི་མཉམ་སྤྲོའི་བྱེད་སྒོ་སྤེལ་ཡུལ་དུ་ཕྲུ་གུ་ཞིག་གིས་རྒྱལ་དར་གཡུག་གཡུག་བྱེད་བཞིན་པ།

    4839508_huangzy_1680278400000_s.jpg

     གཞིས་རྩེ་གྲོང་ཁྱེར་གྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་དྲན་གསོ་ཞུ་བའི་མང་ཚོགས་ཀྱི་མཉམ་སྤྲོའི་བྱེད་སྒོ་སྤེལ་ཡུལ་དུ་གྲོང་མིས་རིག་རྩལ་འཁྲབ་སྟོན་ལ་ལྟ་བཞིན་པ།

    4839506_huangzy_1680278400000_s.jpg

     གཏིང་སྐྱེས་རྫོང་མདོ་བྲག་ཤང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    4839504_huangzy_1680278400000_s.jpg

     བསམ་གྲུབ་རྩེ་ཆུས་གྲོང་ཤར་ཁྲོམ་གཞུང་ཏང་དོན་ཨུ་ལྷན་གྱིས་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ནས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱེད་བཞིན་པ།

    4839501_huangzy_1680278400000_s.jpg

    གཞིས་རྩེ་གྲོང་ཁྱེར་གྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་དྲན་གསོ་ཞུ་བའི་མང་ཚོགས་ཀྱི་མཉམ་སྤྲོའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཟླ་3ཚེས་28ཉིན་གྱི་སྔ་དྲོར། གཞིས་རྩེ་གྲོང་ཁྱེར་གྱིས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། ལས་རིགས་ཁག་ནས་ཡོང་བའི་མི་སྟོང་ཕྲག་ལྷག་ཙམ་གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་གླིང་4པར་འཛོམས་ནས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》གྲགས་པ་དང་ཆབས་ཅིག དེ་གར་ཡོད་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས“ཡར་ལངས་ཤོག བྲན་གཡོག་བྱེད་འདོད་མེད་པའི་མི་རྣམས། ང་ཚོའི་ཤ་ཁྲག་ལས་ལྕགས་རི་རིང་པོ་གསར་པ་ཞིག་བསྐྲུན་དོ”ཞེས་པའི་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས།

    རྒྱལ་དར་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས། དེ་གར་ཡོད་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་གཞིས་རྩེ་གྲོང་ཁྱེར་གྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་དྲན་གསོ་ཞུ་བའི་ཆེད་དོན་རིག་རྩལ་འཁྲབ་སྟོན་ལ་བལྟས་པ་རེད། གྲང་ངར་ཆེ་བའི་དགུན་དུས་བརྒྱུད་མྱོང་བའི་མི་རྣམས་ཀྱིས་ཉི་མའི་དྲོ་སྐྱིད་ཚོར་བ་གསལ་པོར་རྟོགས་ཀྱི་ཡོད། མུན་ནག་བརྒྱུད་མྱོང་བའི་མི་རྣམས་ཀྱིས་འོད་སྣང་རྩ་ཆེ་བ་གསལ་ཤོས་ཤེས་ཀྱི་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། “གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་གིས་གོང་བཀུར་བྱེད་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་དྲིན་ཚོར་ཡར་བརྩོན་བྱེད་པ། “བྱེད་ཕོད་པ་བཞིའི”བླང་བྱ་ལག་ལེན་ཤུགས་ཆེན་བསྟར་བ། “འཛུགས་གཏོད་བཞིར”སྐུལ་འདེད་ཧུར་ཐག་བཏང་ནས“མདུན་གྲལ་དུ་སླེབས་པ་བཞིའི”ཁྲོད་རྩེ་གྲ་བརྩོན་ལེན་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གཞིས་རྩེ་གསར་པ་ཕྱོགས་ཡོངས་ནས་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

    གཞིས་རྩེར་བོད་ཀྱི་འབྲུ་མཛོད་དང་འཛམ་གླིང་གི་ནས་ཐོན་ཁུལ་ཞེས་པའི་མཚན་སྙན་ཡོད། 2022ལོར་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་365ཟིན་ནས་3%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་48909དང་སྒོར་17195སོ་སོར་ཟིན་ནས་8%དང་13%ཙམ་འཕར་ཏེ་མང་ཚོགས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད།

    ཟླ་3ཚེས་27ཉིན། གཞིས་རྩེ་གྲོང་ཁྱེར་གྱིས“ང་ཚོས་བསྟོད་གླུ་མི་ལེན་ག་ལ་སྲིད”ཅེས་པའི་གཞིས་རྩེ་གྲོང་ཁྱེར་གྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་དྲན་གསོ་ཞུ་བ་དང་སྐབས་བཞི་པའི“སོར་རྩེའི་འཁྱུག་འགྲོས”ཞེས་པའི་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་འགྲེམས་སྟོན་བྱས་ཤིང་། ལྟ་སྐོར་བས་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་སྣ་ཚོགས་ཁྲོད་སྒྱུ་རྩལ་གཟིགས་དཔྱད་ཀྱི་ནུས་པ་ཆེ་རུ་བཏང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་འོག་ཇོ་མོ་གླང་མའི་འདབས་ཀྱི་བུ་ཕྲུག་ཚོས་རྡོག་རྩ་གཅིག་སྒྲིལ་དང་ཀུན་སེམས་གཅིག་མཐུན་གྱིས་བྱེད་ཕོད་པ་དང་། མཆོང་ཕོད་པ། སྒྲུབ་ཕོད་པ། གཏོད་ཕོད་པ་བཅས་ཀྱི་ངར་ཤུགས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གཞིས་རྩེ་གསར་པ་ཕྱོགས་ཡོངས་ནས་སྐྲུན་པའི་སྒུལ་ནུས་ཆེན་པོ་གཅིག་ཏུ་བསྡུས་ཡོད།

    ཟླ་3ཚེས་26ཉིན། གམ་པ་རྫོང་གུར་མེ་ཤང་གིས“ང་ཚོས་བསྟོད་གླུ་མི་ལེན་ག་ལ་སྲིད”ཅེས་པའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་དྲན་གསོ་ཞུ་བ་བརྗོད་དོན་གཙོ་བོར་བྱས་ནས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་རབ་དང་རིམ་པའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོས་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་གཅེས་སྤྲོ་སེམས་འཕེལ་བ་དང་། རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་དང་བསམ་བློའི་ངོས་འཛིན་ཟབ་ཏུ་ཕྱིན་པ། མང་ཚོགས་ཀྱིས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྩོན་ལེན་བྱ་རྒྱུར་སྐུལ་ལྕག་ཐེབས་ཡོད།

    རིན་སྤུངས་རྫོང་རིན་སྤུངས་ཤང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ཤིང་། “ང་ཚོས་བསྟོད་གླུ་མི་ལེན་ག་ལ་སྲིད”ཅེས་པའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་རིང་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་པ་ཟླ་བས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗོད་དོན་གཙོ་བོ་དང་གྲུབ་འབྲས་གཙོ་བོར་དམ་པོར་དམིགས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་རེད། རིག་རྩལ་འཁྲབ་སྟོན《ནམ་ཡང་ཏང་གི་རྗེས་སུ་འབྲང་། རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱེད》ཅེས་པའི་ཞབས་བྲོའི་ཁྲོད་འགོ་ཚུགས་ཤིང་། དེ་ནས《མེ་ཏོག་སོས་པ་མའོ་ཀྲུའུ་ཞིར་འབུལ》དང་། 《བཀྲ་ཤིས་དགའ་འཛོམས》 《མཛེས་སྡུག་ལྡན་པའི་དུས་རབས》སོགས་རིག་རྩལ་ལེ་ཚན་རེས་མོས་ཀྱིས་འཁྲབ་སྟོན་བྱས་ནས་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་མཐོང་ཚོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཏེ་གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་དང་། ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ་བ་དང་། མེས་རྒྱལ་ལ་བསྟོད་གླུ་འབུལ་བ། བསྟོད་གླུ་ཕུལ་ནས་ཀྲུང་གོའི་ཕུགས་འདུན་མཚོན་པ་བཅས་བྱས་པ་རེད།

    གཞིས་རྩེའི་མི་དམངས་ཁྲི་80ལྷག་ཙམ་གྱིས་དེ་བས་དཔའ་ངར་ཆེར་སྐྱེད་དང་དེ་བས་ཞུམ་མེད་སྤོབས་ཆེའི་གོམ་སྟབས་ལ་བརྟེན་ནས“དོན་ཆེན་བཞི”དང“འགན་ལེན་བཞིར”ཧུར་ཐག་དམིགས་ཏེ། “འཛུགས་གཏོད་བཞིའི”གྲས་འགོའི་དམག་བྱེད་ཕོད་པའི་ཐོག་ནས་གངས་ལྗོངས་ས་མཐོའི་འབད་འཐབ་པའི་འོད་སྟོང་འཕྲོ་བའི་ལེའུ་མུ་མཐུད་རྩོམ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།