དབུ་ཤོག>གསར་འགྱུར།
  • ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གྱིས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་དགེ་མཚན་ལྡན་པའི་རྣམ་འགྱུར་བསྟན་པའི་ཐོག་ནས་ས་ཁུལ་དང་རྒྱལ་ཁབ་ཀྱི་བསམ་འདུན་གང་ལེགས་མཚོན་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-03-28

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་གྱིས་ཉེ་དུས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་དགེ་མཚན་ལྡན་པའི་རྣམ་འགྱུར་བསྟན་པའི་ཐོག་ནས་ས་ཁུལ་དང་རྒྱལ་ཁབ་ལ་ཞི་བདེ་དགོས་པ་ལས་གདོང་ཐུག་མི་དགོས་པ་དང་། མཉམ་ལས་བྱེད་པ་ལས་འགྲན་རྒོལ་དུ་མི་ལངས་པ། བཙན་སྐུལ་དང་བཙན་བརྙས་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་བསམ་ཚུལ་གང་ལེགས་མཚོན་ཡོད་ཅེས་བརྗོད་པ་རེད།

    དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་དྲིས་དོན། སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་གྱིས་ཉེ་ཆར་ཀྲུང་གོ་འཕེལ་རྒྱས་ཕྱིན་པ་དེས་ཁམ་ཕུ་ཁྲེ་རྒྱལ་ཁབ་ཙམ་མ་ཟད། ཐ་ན་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཡོངས་ལ་ཁེ་ཕན་ཐོབ་ཡོད། སུ་ཞིག་གིས་ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་བྱེད་མི་ཐུབ། གཞན་ཡང་ང་ཚོར་དོ་སྣང་བྱུང་བར་གཞིགས་ན། ཧུང་སེན་གྱིས་འགྲན་རྩོད་ངན་པའི་ནང་ཕན་ཚུན་དམར་གསོད་གཏོང་རྒྱུ་ལས་གཞན་མ་མཆིས། མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཚེ་གཞི་ནས་གཉིས་ཁེ་གཉིས་ཕན་ཡོང་སྲིད་པས་ཁམ་ཕུ་ཁྲེས་རྒྱལ་ཁབ་གང་རུང་ཞིག་དང“རོགས་པ་བསྒྲིགས”ནས་རྒྱལ་ཁབ་གཞན་ཞིག་ལ་བཀག་འགོག་དང་གནོན་ཤུགས་སྤྲོད་མི་སྲིད་ཅེས་ནན་བཤད་བྱས་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།

    མའོ་ཉིང་གིས་བརྗོད་དོན། ཀྲུང་གོ་ཕྱོགས་ཀྱིས་དབུ་བཞུགས་བློན་ཆེན་ཧུང་སེན་གྱི་འབྲེལ་ཡོད་རྣམ་འགྱུར་ལ་དོ་སྣང་བྱུང་། དེ་ཐོག་ནས་ས་ཁུལ་དང་རྒྱལ་ཁབ་ལ་ཞི་བདེ་དགོས་པ་ལས་གདོང་ཐུག་མི་དགོས་པ་དང་། མཉམ་ལས་བྱེད་པ་ལས་འགྲན་རྒོལ་དུ་མི་ལངས་པ། བཙན་སྐུལ་དང་བཙན་བརྙས་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་བསམ་ཚུལ་གང་ལེགས་མཚོན་ཡོད། དེ་ཐོག་ནས་ཀྱང་ས་ཁུལ་ཁག་ཏུ་ངན་པ་ཁྱུ་སྒྲིག་གིས་བཙན་ཤེད་ངང“འབྲེལ་ཐག་གཅོད་རྒྱུར”སྐུལ་འདེད་ཤུགས་ཆེན་བཏང་བ་དེ་ནི་མིའི་བློ་ལ་གཏན་ནས་མི་བབས་པ་ཞིག་ཡིན་པ་གསལ་པོར་མཚོན་ཡོད།

    མའོ་ཉིང་གིས་བརྗོད་དོན། ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་མཛའ་བརྩེ་དང་། ལྷག་བསམ་རྣམ་དག ཕན་འདོགས་པ། བསྟུན་མཁས་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ས་ཁུལ་དང་རྒྱལ་ཁབ་ཀྱི་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་གི་ཡོད། ན་ནིང་གི《ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན》ལ་ནུས་པ་ཐོན་རྗེས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དབར་གྱི་ཚོང་དོན་དངུལ་འབོར་15%འཕར་བ་དང་ལྷག་པར་དུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་ཞིང་ལས་ཐོན་རྫས་ཀྲུང་གོར་འདྲེན་པའི་བསྡོམས་འབོར་21.3%འཕར་ནས་ཁམ་ཕུ་ཁྲེའི་ཤིང་འབྲས་འབྲུག་མིག་དང་། ཝེ་ཐེ་ནམ་གྱི་ཤིང་འབྲས་ལིའུ་ལེན་སོས་པ། ལོ་སིའི་ཤིང་འབྲས་པའེ་ཤང་གོ་སོགས་ཞིང་ལས་ཐོན་རྫས་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོའི་མི་སེར་ལ་ལོངས་སྤྱོད་བྱ་རྒྱུ་བྱུང་ཡོད།

    “ཀྲུང་གོས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་སྔ་ཕྱི་བར་གསུམ་དུ་དར་སྤེལ་དང་སྐུལ་འདེད་བཏང་སྟེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་བྱེད་མགྱོགས་སུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཐའ་འཁོར་རྒྱལ་ཁབ་ཚུད་པའི་འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕར་རྒྱུར་རྒྱུན་མཐུད་སྒུལ་ཤུགས་མཁོ་འདོན་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།