
ཧོ་ལན་གྱི་རྒྱལ་ས་ཨམ་སི་ཐེན་ཏམ་ཉེ་འགྲམ་གྱི་ལི་སི་གྲོང་རྡལ་ཆུང་ངུར་གནས་པའི་ཁུའུ་ཁེན་ཧོ་ཧྥུའུ་སྤྱི་གླིང་ནི་ཧོ་ལན་བས་ཧ་ཅང་དགའ་པོ་བྱེད་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གྲས་ཤིག་ཡིན་ལ་གོ་ལ་ཧྲིལ་པོར་སྐད་གྲགས་ཆོད་པའི་མེ་ཏོག་ཡུས་ཅིན་ཤང་གི་ལྡུམ་ར་ཞིག་ཀྱང་ཡིན། ཁུའུ་ཁེན་ཧོ་ཧྥུའུ་སྤྱི་གླིང་ལོ་ལྟར་གྱི་ཟླ་གསུམ་པ་ནས་ལྔ་པའི་བར་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ཡི་ཡོད་པ་དང་འདི་ལོ་སྒོ་མོ་ཕྱེ་བའི་དུས་ཚོད་ནི་ཟླ་3ཚེས་23ནས་ཟླ་5ཚེས་14ཉིན་བར་ཡིན་ཞིང་། འདི་ནི་ཡུལ་སྐོར་བས་ཧོ་ལན་ལི་སིའི་ཁུའུ་ཁེན་ཧོ་ཧྥུའུ་སྤྱི་གླིང་དུ་པར་རྒྱག་བཞིན་པ།