དབུ་ཤོག>གསར་འགྱུར།
  • “བདེ་སྐྱིད་ལྡན་པའི་ལྷ་ས·འཛད་སྤྱོད་འཛིན་ཤོག་ལོངས་སྤྱོད”ཅེས་པའི་འཛད་སྤྱོད་འཛིན་ཤོག་མུ་མཐུད་སྤྲོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-28

    ཉེ་ཆར་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་འབྲེལ་ཐོག“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་གོ་སྐབས་དང་བསྟུན་ནས“འཛད་སྤྱོད་ཀྱི་ཡིད་ཆེས་འཕེལ་བའི”བརྗོད་དོན་གཙོ་བོར་དམིགས་ཏེ“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོར་ཆེད་དོན་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་བྱེད་སྒོ་སྤེལ་ཞིང་། ད་རེས་ཀྱི་བྱེད་སྒོ་སྤེལ་ཚུན། འཛད་སྤྱོད་འཛིན་ཤོག་42200སྤྲད་པ་དང་། འཛིན་ཤོག་24041དངོས་སུ་འཛད་སྤྱོད་བྱས་པར་དངུལ་འབོར་སྒོར་ཁྲི་254ཟིན་ནས་འཛད་སྤྱོད་སྒོར་ཁྲི་1377ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རེས་སྐོར་འདིའི་བྱེད་སྒོའི་བར“བདེ་སྐྱིད་ལྡན་པའི་ལྷ་ས·འཛད་སྤྱོད་འཛིན་ཤོག་ལོངས་སྤྱོད”ཀྱི་འཛད་སྤྱོད་འཛིན་ཤོག་རེས་སྐོར་3སྤྲད་དེ་ཆེད་སྤྱོད་མ་དངུལ་སྒོར་ཁྲི་1500བཏང་ནས་རིམ་རྩིས་བྱས་ན་འཛིན་ཤོག་137733སྤྲད་པ་དང་། འཛིན་ཤོག་ཁག་62773དངོས་སུ་འཛད་སྤྱོད་བྱས་པར་དངུལ་འབོར་སྒོར་ཁྲི་615ཟིན་པ། འཛད་སྤྱོད་སྒོར་ཁྲི་3077ཐུབ་རྒྱུར་སྐུལ་ཁྲིད་བྱས་ནས་འཛད་སྤྱོད་ཀྱི་གདེང་ཚོད་འཕེལ་བ་དང་། འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་འདོན་སྤེལ། འཛད་སྤྱོད་ཁྲོམ་ར་དར་རྒྱས། འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་བཅས་ཀྱི་སྤྱིའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།