དབུ་ཤོག
  • མོ་ཊ་ཉོས་ན་ཁ་གསབ་མཐོ་ཤོས་སྒོར་ཁྲི་2.3དང་ཁྱིམ་ཆས་ཉོས་ན……

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-03-27

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི“བདེ་སྐྱིད་ལྡན་པའི་བོད་ལྗོངས། སྤྲོ་སྣང་ལྡན་པའི་འཛད་སྤྱོད”ཅེས་པའི་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་ཆེད་དོན་བྱ་སྤྱོད་ཇུས་གཞིར》ཆོག་མཆན་སྤྲད་ནས་མོས་མཐུན་བྱས་ཡོད། དེའི་དམིགས་ཡུལ་ནི་འཛད་སྤྱོད་སླར་གསོ་དང་ཁྱབ་རྒྱ་ཆེ་རུ་བཏང་ནས། དཔལ་འབྱོར་འཕེལ་རྒྱས་ཡོང་བར་འཛད་སྤྱོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དེ་ཡིན་པ་རེད།

    微信图片_20230327155506.jpg

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་3པ་ནས་ལོ་མཇུག་བར། རང་སྐྱོང་ལྗོངས་སྲིད་གཞུང་གིས་འཛད་སྤྱོད་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་1གཏོང་རྒྱུ་ཡིན་ཞིང་། ལྗོངས་ཡོངས་སུ“བདེ་སྐྱིད་ལྡན་པའི་བོད་ལྗོངས། སྤྲོ་སྣང་ལྡན་པའི་འཛད་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་རེད།

    ད་ཐེངས་ཀྱི་བྱེད་སྒོའི་ནང་། རླངས་འཁོར་གྱི་ཁ་གསབ་མཐོ་ཤོས་སྒོར་ཁྲི་2.3དང་། ཁྱིམ་སྤྱོད་གློག་ཆས་ཀྱི་ཁ་གསབ་མཐོ་ཤོས་སྒོར་1500 དྲ་ཐོག་ནས་ཟོག་ཉོའི་ཁ་གསབ་མཐོ་ཤོས་སྒོར་150བཅས་ཡོད་པ་རེད། དེ་དང་ཆབས་ཅིག དངུལ་རྩའི་སྒྲིག་གཞི་དང་། ལས་སྟེགས་ཀྱི་ཁེ་ལས། བྱེད་སྒོར་ཞུགས་མཁན་ཚོང་དུད་སོགས་ལ་སྐུལ་ལྕག་བྱས་ཏེ། ཕན་སྦྱར་གཟིགས་སྐྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་བྲིན་ཚོང་བྱེད་སྒོ་སྣ་ཚོགས་ནང་ཞུགས་ནས། སྲིད་ཇུས་ཀྱི་ཕན་འབྲས་རྒྱ་ཆེར་གཏོང་བ་དང་འཛད་སྤྱོད་སླར་གསོ་བྱ་རྒྱུ་མ་ཟད། ཁེ་ལས་དང་དམངས་ལ་ཕན་འདོགས་རྒྱུ་ཡིན་པ་རེད།

    གཞན་ཡང་། “བདེ་སྐྱིད་ལྡན་པའི་བོད་ལྗོངས། སྤྲོ་སྣང་ལྡན་པའི་འཛད་སྤྱོད”ཅེས་པའི་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་ཆེད་དོན་བྱ་སྤྱོད་བརྒྱུད“དུས་ཚིགས་རེར་བརྗོད་དོན་རེ་ཡོད་པ་དང་། ཟླ་བ་རེར་བྱེད་སྒོ་རེ་ཡོད་པ། གཟའ་འཁོར་རེར་རྣམ་པ་རེ་ཡོད་པ”བཅས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཞིག་ཆགས་པར་བྱས་ནས“2023ལོར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་10%ཡས་མས་འཕར་བའི”དམིགས་ཚད་མངོན་འགྱུར་ཡོང་བར་བརྩོན་ལེན་བྱེད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།