དབུ་ཤོག>གསར་འགྱུར།
  • ཀྲུང་གོས་འཇིག་རྟེན་འཕུར་སྐྱོད་ཡོ་ཆས་200ལྷག་ཙམ་འཕེན་གཏོང་བྱེད་རྩིས་ཡོད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-27

    4724742_huangzy_1679846400000_s.jpg

    འདི་ནི་ཀྲུང་གོ་མཁའ་འགྲུལ་འགྲེམས་སྟོན་ཐོག་རྒྱང་སྐྱོད་ཨང་ལྔ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་Bདང་། སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ལྕི་རིགས། རབས་གསར་པའི་མི་ཞུགས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སོགས་ཀྱི་དཔེ་དབྱིབས་ཡིན་པ།

    ཀྲུང་གོས་2022ལོར་འཁོར་ལམ་ཐོག་མེ་ཤུགས་འཕུར་མདའ་ཐེངས་64འཕེན་གཏོང་བྱས་པ་དང་འབྲེལ་རང་རྒྱལ་གྱི་བར་སྣང་ས་ཚིགས་བསྐྲུན་ཡོད། ཀྲུང་གོའི་འཆར་གཞིའི་ནང་2023ལོ་ནི་དེ་བས་བྲེལ་འཚུབ་ཆེ་བའི་ལོ་ཞིག་རེད།

    ཀྲུང་གོའི་བར་སྣང་རྣམ་གྲངས་གཙོ་བོའི་འགན་གཙང་ལེན་མཁན་ཚོང་པ་དང་རྒྱང་སྐྱོད་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་བཟོ་སྐྲུན་ཚོང་པ་ཞིག་ཡིན་པའི་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པས་2022ལོ་ཧྲིལ་པོར་འཕེན་གཏོང་ལས་འགན་ཐེངས་54བྱས་རྗེས་འདི་ལོ་འཇིག་རྟེན་འཕུར་སྐྱོད་ཐེངས་60ལྷག་ཙམ་འཕེན་གཏོང་གི་ལས་འགན་བཀོད་སྒྲིག་བྱེད་རྩིས་ཡོད་ཅེས་ཉེ་ཆར་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པས《ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་བྱེད་སྒོའི་རྒྱབ་ཤ་སྔོན་པོའི་དེབ(2022ལོ)》ཁྱབ་བསྒྲགས་བྱས་ནས་2023ལོའི་ལས་འགན་གཙོ་བོའི་ནང་ཀྲུང་གོའི་བར་སྣང་ས་ཚིགས་སུ་འཕེན་གཏོང་བྱེད་པའི་ལྷ་གྲུ་ཨང་བཅུ་དྲུག་པ་དང་ལྷ་གྲུ་ཨང་བཅུ་བདུན་པའི་མི་ཞུགས་འཕུར་གྲུ་དང་། དེ་བཞིན་འཇིག་རྟེན་འཕུར་སྐྱོད་པར་ཁ་གསབ་མཁོ་འདོན་བྱེད་པའི་མཁའ་གྲུ་ཟོག་འདྲེན་འཕུར་གྲུ་ཨང་དྲུག་པ་བཅས་ཚུད་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པས་2023ལོར་ཁྱོན་འཇིག་རྟེན་འཕུར་སྐྱོད་ཡོ་ཆས་200ལྷག་ཙམ་འཕེན་གཏོང་བྱེད་རྩིས་ཡོད་པ་དང་། རྒྱལ་ཁབ་ཀྱི་དམངས་སྤྱོད་བར་སྣང་རྨང་གཞིའི་སྒྲིག་བཀོད་ཚན་ཞིབ་སྲུང་སྐར་དང་ལས་སྒོའི་སྲུང་སྐར་དང་། གནམ་གཤིས་སྲུང་སྐར། སའི་གོ་ལ་དང་དུས་མཉམ་དུ་འདྲེས་གྲུབ་བྱས་པའི་ཁུང་ཆིང་ལེ་ཏའི་སྲུང་སྐར། དེ་བཞིན་བྱང་སྐར་སྤུན་བདུན་ཨང་གསུམ་པའི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་སྟེ་ཀྲུང་གོ་རང་ཉིད་ཀྱི་གོ་ལ་ཧྲིལ་པོའི་གནས་གཏན་འཁེལ་མ་ལག་བཅས་གྲབས་ཉར་སྲུང་སྐར་3འཕེན་གཏོང་བྱེད་རྩིས་ཡོད་པ་རེད།

    —— ཨ་རིའི་བར་སྣང་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།