དབུ་ཤོག>གསར་འགྱུར།
  • “འགྱིག་བལ་གྲོང་ཁྱེར”ལས་ཀྲུང་གོའི་གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-27

    4724744_huangzy_1679846400000_s.jpg

    ཉེ་བའི་ལོ་ཤས་རིང་། ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་གྱིས་སྐྱེ་ཁམས་གྲོང་ཁྱེར་དང་འགྱིག་བལ་གྲོང་ཁྱེར་སོགས་ཀྱི་འདུ་ཤེས་གྲོང་ཁྱེར་འཕེལ་རྒྱས་ནང་མཉམ་འདྲེས་བྱས་ཤིང་། འདི་ནི་ཝུའུ་ཧུའུ་གྲོང་ཁྱེར་ཅིའུ་ཅང་ཆུས་དབྱིན་ཧུའུ་སྤྱི་གླིང་དུ་གྲོང་མི་ཚོས་ཆུ་འགྲམ་ཁྱམས་རིང་དུ་འཆམ་འཆམ་བྱེད་བཞིན་པ།

    ཀོང་ཏུང་ཧྲེན་ཀྲེན་མཚོ་ཁུག་འགྲམ་དུ་ཡོད་པའི་ཧྥུའུ་ཐན་སྡོང་དམར་ནགས་ཚལ་རང་བྱུང་སྲུང་སྐྱོང་ཁུལ་དེ་ད་ཆ་ཧྲེན་ཀྲེན་གྱི“ལྗང་མདོག་ལྕགས་རི་རིང་པོའི”གྲས་ཤིག་ཡིན་པས། དེས་ཧྲེན་ཀྲེན་གྱི་སྤྱི་ལེ་260ཡི་མཚོ་ངོགས་རྒྱུད་ཀྱི་ཚད་མཐོའི་འཕེལ་རྒྱས་ས་ཁུལ་ཁ་ཤས་སུ་ཆུ་ལོག་གི་གནོད་འཚེ་མི་ཕོག་པར་བྱས་ཡོད།

    ཧྥུའུ་ཐན་སྡོང་དམར་ནགས་ཚལ་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱ་རྒྱུ་ནི་ཀྲུང་གོའི“འགྱིག་བལ་གྲོང་ཁྱེར”གྱི་འཆར་གཞིའི་ཆ་ཤས་ཤིག་རེད། “འགྱིག་བལ་གྲོང་ཁྱེར”གྱི་འཆར་གཞི་ནི་བབ་བསྟུན་སྣེ་ཁྲིད་དང་མིག་རྒྱང་རིང་བའི་ཚོད་ལྟ་ཞིག་ཡིན་པ་སྟེ། གྲོང་ཁྱེར་ལ་ཆུ་ལོག་ཐོན་པ་དང་ཐན་པ་བསྟན་པར་སྔོན་འགོག་བྱ་ཆེད། ས་གནས་ཁག་ཏུ་གསར་གཏོད་རང་བཞིན་གྱི་ཆུ་བེད་ལས་གྲྭའི་ཐག་གཅོད་ཇུས་གཞི་ལག་བསྟར་བྱས་ཡོད།

    2015ལོར་ཀྲུང་གོ་སྲིད་གཞུང་གིས“འགྱིག་བལ་གྲོང་ཁྱེར”གྱི་ཐ་སྙད་དེ་རྒྱལ་ཡོངས་རང་བཞིན་གྱི་གྲོས་འགོར་གྱུར་བ་བྱས་ཡོད། ཁག་དང་པོའི“འགྱིག་བལ་གྲོང་ཁྱེར”16གྱི་ཚོད་ལྟའི་ཁྲོད་དུ་ཀྲུང་གོར་ཆུ་ལོག་དང་ཞོད་སྐྱོན་ཚབས་ཆེན་བྱུང་བའི་ས་ཆ་ཁག་གཅིག་ཚུད་ཡོད། ཚོད་ལྟའི་གྲོང་ཁྱེར་ལ་མ་དངུལ་འཇོག་པ་དེ་འབྲེལ་ཡོད་ཀྱི་འཆར་འགོད་ཇུས་འགོད་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་སྤྱད་ཡོད། “འགྱིག་བལ་གྲོང་ཁྱེར”གྱི་འཆར་གཞིའི་ནང་ཚུད་པའི་གནད་དོན་ནི་དེ་སྔའི་ཇུས་གཞི་ལས་ཁྱབ་རྒྱ་ཆེ་བ་ཡོད་པ་དང་། གྲོང་ཁྱེར་གྱི་ཆུ་ལོག་དང་ཞོད་སྐྱོན་སེལ་བ་དང་། རང་བྱུང་སྐྱེ་ཁམས་མ་ལག་སླར་གསོ་བྱེད་པ། གྲོང་ཁྱེར་ཚ་དྲོད་གླིང་ཕྲན་གྱི་ནུས་པ་ཆུང་དུ་བཏང་བ་སོགས་ཚུད་ཡོད། གཞན་ཡང“འགྱིག་བལ་གྲོང་ཁྱེར”གྱིས་ད་དུང་གོ་ལ་ཧྲིལ་པོ་དྲོ་རུ་འགྲོ་རྒྱུར་ཁ་གཏད་གཅོག་པར་ཕན་པ་ལྡན་ཡོད།

    —— ཨ་རིའི་ཕྱི་འབྲེལ་མཁས་དབང་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།