འདི་ནི་ཉེ་ཆར་ཧུའུ་པེ་རིག་གནས་དང་རང་བྱུང་ཚན་རིག་ཚན་ཁག་སློབ་གླིང་གི་འོད་གློག་རྒྱུ་ཆ་དང་ལྷུ་ལག་གི་ཧུའུ་པེ་ཞིང་ཆེན་གྱི་གཙོ་གནད་ཚོད་ལྟ་ཁང་དུ་དགེ་སློབ་ཚོས་ཞིབ་འཇུག་བྱ་གཞིར་ཞིབ་འཇུག་བྱེད་བཞིན་པ།
འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། 2022ལོར་ཀྲུང་གོའི་རྒྱལ་སྤྱིའི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་ཁྲི་7ལས་ཐོག་མར་བརྒལ་ནས་ལོ་4བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།
2022ལོར་གོ་ལ་ཧྲིལ་པོའི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་དུས་མཚུངས་ལས་0.3%འཕར་ནས་རེ་ཞུའི་ཁ་གྲངས་ཁྲི་27.81ཟིན་པའི་ནང་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་གྲུབ་འབྲས་ཕུལ་བྱུང་ཡིན་པ་སྟེ། ཀྲུང་གོར་ལོ་གོང་མའི་དུས་མཚུངས་ལས་0.6%འཕར་ནས་རེ་ཞུའི་ཁ་གྲངས་ཁྲི་7.15ཟིན་པ་དང་། རྒྱ་གར་དུ་ལོ་གོང་མའི་དུས་མཚུངས་ལས་25%འཕར་ནས་རེ་ཞུའི་ཁ་གྲངས་2618ཟིན་པ། ཧན་གོར་ལོ་གོང་མའི་དུས་མཚུངས་ལས་6.2%འཕར་ནས་རེ་ཞུའི་ཁ་གྲངས་ཁྲི་2.20ཟིན་ཡོད་པ་རེད།
ཁེ་ལས་ལ་བལྟས་ན། ཨེ་ཤེ་ཡའི་ཚན་རྩལ་མཐོ་བའི་ཁེ་ལས་ཀྱི་མཚོན་ཚུལ་འཁྲུག་ཆ་དོད་པོ་ཡིན་པ་སྟེ། ཀྲུང་གོའི་ཧྭ་ཝེ་ཐོན་རྫས་ཀྱི་རེ་ཞུའི་ཁ་གྲངས་7689ཟིན་ནས་ཨང་དང་པོར་སླེབས་པ་དང་། ཨང་གཉིས་པ་ནི་ཧན་གོའི་སན་ཤིང་གློག་རྡུལ(ཐོན་རྫས་ཀྱི་རེ་ཞུའི་ཁ་གྲངས་4387)ཡིན་པ། རི་པིན་གྱི་སན་ལིང་གློག་སྒུལ་འཕྲུལ་ཆས་ཀྱི་རེ་ཞུའི་ཁ་གྲངས་2320ཟིན་ནས་ཨང་བཞི་པར་སླེབས་ཡོད་པ་རེད།
འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཏེང་ཧུང་སེན་གྱིས། གོ་ལ་ཧྲིལ་པོའི་དཔལ་འབྱོར་དུས་བབ་ཛ་དྲག་ཆེ་བ་དང་མ་དངུལ་བསྡུ་སྒྲིལ་ཉུང་དུ་ཕྱིན་རུང་ཁེ་ལས་ཀྱིས་ད་དུང་གསར་གཏོད་ལ་མ་དངུལ་རྒྱུན་གཏོང་བྱེད་ཀྱི་ཡོད། 2022ལོའི་རྒྱལ་སྤྱིའི་ཤེས་བྱའི་བདག་དབང་རེ་ཞུ་བྱེད་ཚད་གཞི་རྩའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བརྗོད་པ་རེད།
—— 《རི་པིན་གྱི་དཔལ་འབྱོར་གསར་འགྱུར》དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།