དབུ་ཤོག>གསར་འགྱུར།
  • ཁྲེང་ཏུའུ་འཛམ་གླིང་གི་ལུས་རྩལ་གྲགས་ཅན་གྲོང་ཁྱེར་གྱི་ཕྱོགས་སུ་སྐྱོད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-27

    4724738_huangzy_1679846400000_s.jpg

    འདི་ནི་ཁྲེང་ཏུའུ་ལུས་རྩལ་འགྲན་ཚོགས་ཆེ་མོའི་ལུས་རྩལ་པའི་གྲོང་ཚོ་ཡིན་པ།

    འཛམ་གླིང་ལུས་རྩལ་འགྲན་ཚོགས་སྐབས་12པ་དེ་2025ལོའི་ཟླ་8པར་འཚོག་རྒྱུ་ཡིན་པ་དང་། མགྲོན་བདག་ནི་ཀྲུང་གོའི་ཁྲེང་ཏུའུ་རེད། འཛམ་གླིང་གི་ལུས་རྩལ་འགྲན་ཚོགས་ལ་ཨོ་ལིམ་ཕིག་ལུས་རྩལ་རྣམ་གྲངས་མིན་པའི་ཁྱད་ཆོས་ལྡན་ཡོད།

    འཛམ་གླིང་གི་ལུས་རྩལ་འགྲན་ཚོགས་ཕུད་ཁྲེང་ཏུའུ་ནི་ལུས་རྩལ་འགྲན་བསྡུར་གལ་ཆེན་གཞན་དག་གཉེར་ཡུལ་ཞིག་ཀྱང་རེད། འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ཀྱི་ལུས་རྩལ་འགྲན་ཚོགས་ནི་འདི་ལོའི་ཟླ་7པར་ཁྲེང་ཏུའུ་རུ་འཚོག་རྒྱུ་ཡིན་པ་དང་། 2024ལོར་ཁྲེང་ཏུའུ་ཡིས་ད་དུང་ལོ་གཉིས་རེར་ཐེངས་གཅིག་གཉེར་བའི་འཛམ་གླིང་བྱ་སྒྲོའི་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་ཐང་མུའུ་སི་བུམ་པ་དང་ཡིའུ་པོ་བུམ་པའི་འགྲན་བསྡུར་གཉེར་རྒྱུ་རེད།

    2022ལོའི་ཡུལ་དེ་གའི་ལུས་རྩལ་ཐོན་ལས་ཀྱི་སྙན་ཞུ་ལྟར་ན། 2021ལོར་ཁྲེང་ཏུའི་ལུས་རྩལ་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་925ལས་བརྒལ་བ་དེས་ས་ཁུལ་དེའི་ཐོན་སྐྱེད་སྤྱིའི་རིན་ཐང་བསྡོམས་འབོར་གྱི་1.76%བཟུང་བ་དང་། ལས་གཉེར་མི་སྣ་ཁྲི་16ལྷག་ཙམ་ཟིན་པ་དེ་ལོ་བཅུའི་གོང་གི་ལྡབ་གཉིས་ཡིན་པ་རེད།

    མིག་སྔར་ཁྲེང་ཏུའུ་ཡིས་རྨང་གཞིའི་སྒྲིག་བཀོད་སྣ་ཚོགས་གང་མགྱོགས་སྐྲུན་བཞིན་ཡོད་ཅིང་། གྲོང་མིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོང་ཁྱེར་གྱི་འགྲན་རྩོད་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་བཏང་ནས་ལུས་རྩལ་འགྲན་བསྡུར་གལ་ཆེན་སྔར་བས་མང་བ་གཉེར་རྒྱུར་གྲ་སྒྲིག་བྱེད་ཀྱི་ཡོད། ཁྲེང་ཏུའུ་གྲོང་ཁྱེར་སྲིད་གཞུང་གིས་ལུས་རྩལ་ཐོན་ལས་དེ་གཞི་ཁྱོན་སྒོར་དུང་ཕྱུར་5000ཟིན་པའི་ཐོན་ལས་སུ་འཕེལ་རྒྱས་གཏོང་རྒྱུའི་གྲོས་འགོ་བཏོན་ཡོད། དེ་ས་ཁུལ་དེའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་4%ཡན་དང་མཚུངས།

    —— འཇར་མན་གྱི《རྐང་འཁོར་ཡུལ་སྐོར་བའི》དུས་དེབ་ཀྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།