འདི་ནི་ཁྲུང་ཆིང་ཁྲང་ཨན་རླངས་འཁོར་མ་རྐང་ཚད་ཡོད་ཀུང་སིའི་རིག་ནུས་ཅན་གྱི་བཟོ་གྲྭའི་ནང་རླངས་འཁོར་བཟོ་བཞིན་པ།
ཀྲུང་གོ་ནི་འཛམ་གླིང་ཐོག་གི་རླངས་འཁོར་ཁྲོམ་ར་ཆེ་ཤོས་ཤིག་ཡིན་པ་མ་ཟད། འཇར་མན་གྱི་རླངས་འཁོར་བཟོ་ལས་ཀྱི་ཁྲོམ་ར་ཆེས་གལ་ཆེན་ཞིག་ཀྱང་ཡིན་ལ། ཐ་ན་གོ་ལ་ཧྲིལ་པོའི་རླངས་འཁོར་བཟོ་ལས་ཀྱི་སླད་ཕྱིན་གྱི་ཁྲོམ་ར་གལ་ཆེན་ཞིག་ཀྱང་ཡིན་རྒྱུ་རེད། རླངས་འཁོར་ཁྲོམ་ར་གང་རུང་ཞིག་གིས་ཀྱང་ཀྲུང་གོ་ལྟ་བུའི་དེང་རབས་ཅན་གྱི་རླངས་འཁོར་ཁྲོམ་ར་ཞིག་བྱེད་ཐུབ་མཁན་བྱུང་མེད། ཀྲུང་གོར་སྔོན་ཐོན་གྱི་གློག་སྒུལ་རླངས་འཁོར་དང་ཁ་ལོ་རང་སྒྱུར་རླངས་འཁོར་འབོར་ཆེན་ལྡན་ཡོད། དེ་ནི་འཇར་མན་རླངས་འཁོར་བཟོ་སྐྲུན་ཚོང་པས་ངེས་པར་དུ་དོ་སྣང་ཆེན་པོ་བྱེད་དགོས་པའི་ཁྲོམ་ར་ཞིག་རེད།
འདས་ཟིན་པའི་ལོ་ཤས་རིང་གི་ཕྱིར་ཚོང་གྲངས་གཞིར་བལྟས་ཚེ་གནས་ཚུལ་ཞིག་གསལ་པོ་མཐོང་ཐུབ་པ་སྟེ། ཀྲུང་གོའི་འཕེལ་རྒྱས་ལ་ཤེས་རྟོགས་བྱེད་པ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་པ་རེད། 2022ལོར་ཀྲུང་གོའི་རླངས་འཁོར་ཁྲི་2000ཕྱིར་ཚོང་བྱས་ནས་འཇར་མན་རླངས་འཁོར་ཕྱིར་ཚོང་བྱས་པའི་ལྡབ་དགུ་ཡིན་པ་རེད། ཡོ་རོབ་ཧྲིལ་པོའི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་དེ་ཀྲུང་གོའི་ཕྱེད་ཀ་ཙམ་ཡིན་པ་རེད། ཨ་རིའི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་ཀྱང་ཀྲུང་གོ་དང་བསྡུར་ཐབས་བྲལ་ཡོད། མིག་སྔར་ཀྲུང་གོའི་གྲོང་མི་1000ལ་རླངས་འཁོར་ལྡན་ཚད་དེ་ཨ་རི་དང་ཡོ་རོབ་མནའ་འབྲེལ་ལས་ཞེ་དྲག་གིས་ཉུང་བ་ཡོད་པས། ཀྲུང་གོར་རླངས་འཁོར་ཕྱིར་ཚོང་བྱེད་པའི་མི་མངོན་པའི་སྟོབས་ཤུགས་སྔར་བཞིན་ཆེན་པོ་ལྡན་ཡོད།
—— འཇར་མན་གྱི《དཔལ་འབྱོར་གཟའ་འཁོར་རེའི་དུས་དེབ》ཀྱི་དྲ་ཚིགས་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་།