དབུ་ཤོག>གསར་འགྱུར།
  • ཀྲུང་གོ་བས་རྒྱལ་ནང་གི་རིག་གནས་ཐོན་རྫས་ལ་ཧ་ཅང་དགའ་པོ་བྱེད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-27

    4724736_huangzy_1679846400000_s.jpg

    འདི་ནི་ཧྲང་ཧའེ་ཡི་གྲོང་མིས་གློག་བརྙན་ཁང་ཞིག་ནས་སྤ་སེ་ལེན་བཞིན་ཡོད་པ་དང་སྒོ་རྩར་ཡོད་པའི《འཇིག་རྟེན་འཁྱམ་པོ་2》ཞེས་པའི་གློག་བརྙན་བརྡ་ཁྱབ་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།

    ད་ཆ་ཀྲུང་གོ་བ་ཚོས་རོལ་རྩེད་དང་སོས་དལ་གྱི་འཛད་སྤྱོད་བྱེད་སྐབས་ཕྱི་རྒྱལ་གྱི་ཐོན་རྫས་ལ་དེ་ཙམ་དགའ་པོ་མི་བྱེད་པར་རྒྱལ་ནང་གི་རིག་གནས་ཐོན་རྫས་ལ་དགའ་པོ་བྱེད་ཀྱི་ཡོད། དུས་རབས་གོང་མའི་ལོ་རབས་80པར་གྲོང་ཁྱེར་ཆེན་པོའི་ནང་འཚར་ལོངས་བྱུང་བའི་ཀྲུང་གོ་བ་མང་པོ་ཞིག་གིས《གྲོགས་པོ་རྙིང་པ》ཞེས་པ་དེ་ལྟ་མྱོང་ཡོད་པ་དང་ཉེ་ཧྥན་རོལ་དབྱངས་ཚོགས་པའི་གླུ་གཞས་ཀྱང་ཉན་མྱོང་ཡོད་པ་མ་ཟད། ཨ་རི་དང་། རི་པིན། ཧན་གོ་སོགས་རྒྱལ་ཁབ་ཀྱི་རིག་གནས་ཐོན་རྫས་ཀྱང་འཛད་སྤྱོད་བྱེད་མྱོང་ཡོད། ད་ཆ་ཀྲུང་གོའི་ན་གཞོན་མང་པོ་ཞིག་གིས་རྒྱལ་ནང་གི་དར་སྲོལ་ཆེ་བའི་འདར་འགྲིལ་རོལ་དབྱངས་ཚོགས་པའི་གླུ་གཞས་ཉན་རྒྱུར་དེ་བས་དགའ་པོ་བྱེད་པ་དང་བརྙན་འཕྲིན་ནས་རྒྱལ་ནང་གི་གྲགས་ཅན་མི་སྣའི་ཕྱོགས་བསྡུས་སྒྱུ་རྩལ་ལེ་ཚན་ལྟ་རྒྱུར་ཡང་དགའ་པོ་བྱེད་ཀྱི་ཡོད།

    འགྱུར་ལྡོག་དེ་འདྲ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་སྟེ། ཀྲུང་གོའི་རིག་གནས་རོལ་རྩེད་ཐོན་ལས་ཀྱི་གཞི་ཁྱོན་ཆེ་བ་དང་གློག་བརྙན་ལས་རིགས་ལ་མ་དངུལ་ཆེན་པོ་བཞག་པ་ཡིན་པ་མངོན་གསལ་དོད་པོ་རེད། ཁྲོམ་རའི་དགོས་མཁོ་ནས་བལྟས་ཚེ་2020ལོའི་གོང་ཀྲུང་གོའི་གློག་བརྙན་གྱི་སྤ་སེ་བཙོངས་ཚད་བརྟན་པོའི་ངང་འཕར་བ་དང་། རྣམ་པ་དེ་ཏོག་དབྱིབས་ནད་དུག་ཐོན་རྗེས་ཉམས་ཞན་དུ་གྱུར་ཡང་། རྒྱུན་ཁྲིགས་སྨྱན་སྦྱོར་ལས་སྟེགས་སྤྱོད་ཚད་མང་དུ་ཤུགས་ཆེན་ཕྱིན་པ་དང་2022ལོར་རྒྱུན་ཁྲིགས་སྨྱན་སྦྱོར་གྱི་ནང་དོན་བཟོ་མཁན་ཁེ་ལས་མང་པོ་ཐོན་ཡོད། གློག་བརྙན་ཕུད་ད་དུང་བརྙན་འཕྲིན་ལེ་ཚན་དང་བརྙན་ཐུང་སོགས་མང་པོ་ཐོན་ཞིང་། འདས་ཟིན་པའི་ལོ་བཅུའི་རིང་ཀྲུང་གོའི་དར་སྲོལ་ཆེ་བའི་རོལ་དབྱངས་ཐོན་ལས་ཀྱང་འཕེལ་རྒྱས་མྱུར་པོ་ཕྱིན་ནས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་རིགས་གཅིག་པའི་ཐོན་ལས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།

    —— སི་ཕེན་གྱི་ཉིན་རེའི་གསར་འགྱུར་དྲ་བའི་ཐོག་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།