
ཧའེ་ནན་ཞིང་ཆེན་ཧའེ་ཁའུ་གྲོང་ཁྱེར་གྱི་ཤིན་ཧའེ་སྒྲིལ་འཇུག་གྲུ་ཁའི་འགྲུལ་སྐྱེལ་ཕྱོགས་བསྡུས་ལྟེ་བའི་ས་ཚིགས་ཀྱི་རྣམ་གྲངས་ནི་གྲུ་ཁར་གྲུ་སྒུག་དང་། འགག་སྒོར་དཔྱད་བཤེར། ལྟེ་བའི་ཚོང་ལས་སོགས་ནུས་པ་གཅིག་ཏུ་འདུས་པའི་འགྲིམ་འགྲུལ་ལྟེ་བ་ཆེ་གྲས་ཤིག་རེད། རྣམ་གྲངས་བསྐྲུན་རྗེས། ཡུལ་སྐོར་བས་རྒྱ་མཚོ་སྒྲོལ་བར“བརྗེ་སྡོད་བྱེད་མི་དགོས་པ”བྱུང་ནས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་སྐྲུན་རྒྱུར་རམ་འདེགས་ཐུབ་རྒྱུ་ཡིན་ཞིང་། འདི་ནི་ཚ་ཚ་འུར་འུར་ངང་ཨར་ལས་བྱེད་བཞིན་པའི་རྣམ་གྲངས་ཡིན་པ།