དབུ་ཤོག>གསར་འགྱུར།
  • འཛམ་གླིང་ལ་འཕེལ་རྒྱས་ཀྱི་གདེང་ཚོད་དང་སྒུལ་ཤུགས་དེ་བས་མང་བ་སྦྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-26

    6efdd41c-014f-4d73-85ef-4bf3b97c5c80.jpg.jpg

     འདི་ནི་2023ལོའི་ཟླ་2ཚེས་24ཉིན་ཕྱི་རྒྱལ་ཚོང་པ(གཡས་ཀྱི་གཉིས་པ)ཞིག་གིས་ཀྲུང་གོའི(ཐའེ་ཀྲོའུ) “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྒྲོལ་ཉོ་སྒྲུབ་སྦྲེལ་མཐུད་འདུ་ཚོགས་ནས་ཐོན་རྫས་སྐོར་སྐད་ཆ་འདྲི་བཞིན་པ།

    2e0ac145-4786-45bb-b124-892bdf9d462d.jpg.jpg

    འདི་ནི་ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་དུ་བྷེ་ཨུ་རུ་སུའི་སྨན་རྫས་ཁེ་ལས་ཀྱི་ལས་དོན་མི་སྣས་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་པ།

    f2f87884-10f7-46be-8223-54e3bfa9a184.jpg.jpg

    འདི་ནི་2022ལོའི་ཟླ་10ཚེས་29ཉིན་ཀྲུང་གོའི་ཆུ་འབྲས་རིགས་གཅིག་མཁས་ཅན་ཏན་སུང་པོའོ(གཡོན་གྱི་དང་པོ)ཡིས་པུ་རུན་ཏི་པུའུ་པན་ཀྲ་ཞིང་ཆེན་ཅི་ཧང་ཅ་རྫོང་དུ་ཡུལ་དེའི་ཞིང་པར་ཆུ་འབྲས་འདེབས་སྟངས་སློབ་བཞིན་པ།

    e005fc60-2f74-4a1c-83c6-3223ad98403f.jpg.jpg

    ཧ་སག་སི་ཐན་གྱི་ཀྲ་ན་ཐ་སིའི་ཀྲའོ་ཝ་100ཡི་རླུང་གློག་རྣམ་གྲངས་ནི་ཀྲུང་ཧ་མཉམ་ལས་ཀྱི་ཨེ་ཤེ་ཡ་དབུས་མའི་རླུང་གློག་རྣམ་གྲངས་ཆེ་ཤོས་དེ་ཡིན་ཞིང་། འདི་ནི་ཀྲ་ན་ཐ་སིའི་རླུང་གློག་ས་ཚིགས་ཀྱི་རླུང་འཁོར་ཡིན་པ།

    ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་གི་རེ་སྒུག་དང་མཐུན་ཡོད།

    སིང་ཀ་ཕོར་རྒྱལ་བཙུགས་སློབ་ཆེན་ལི་ཀོང་ཡའོ་སྤྱི་པའི་སྲིད་ཇུས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཀུའུ་ཆིང་དབྱང་།

    ཀྲུང་གོར“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་འཛིན་ཕྱི་མཐུད་ཀྱི་འགག་རྩའི་ལོ་སྟེ། 2023ལོའི་ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་རྒྱལ་ཁའི་ངང་འཚོགས་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུཌ་ཆེ་བ་དང་། མངོན་མེད་སྟོབས་ཤུཌ་ཆེ་བ། གསོན་ཤུགས་ཆེ་བས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་བྱེད་པ་མ་ཟད། ཚོགས་འདུ་གཉིས་བརྒྱུད་ནས་ཀྲུང་གོའི་ལོ་ཧྲིལ་པོའི་འཐབ་ཇུས་བཀོད་སྒྲིག་གསར་པར་ཤེས་རྟོཌ་བྱས་ཏེ་ཀྲུང་གོ་དང་སྤེལ་རེས་མཉམ་ལས་སྔར་བས་ཡག་པ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

    སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ལྷག་ཙམ་རིང་། ཀྲུང་གོར་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་། མིག་སྔར་འཕར་ཚད་མགྱོགས་པོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་སྒྱུར་བྱེད་པའི་འགག་རྩའི་དུས་སུ་སླེབས་ཡོད། ནང་ངོས་ནས་བལྟས་ན། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་ཁོར་ཡུག་སྲུང་སྐྱོང་དང་གྲོང་ཁྱེར་དང་གྲོང་གསེབ་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་ཀྲུང་གོས་རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་གཙོ་རྐང་དུ་བྱེད་པ་དང་། རྒྱལ་སྤྱི་རྒྱལ་ནང་གི་རྒྱུན་འཁོར་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་དུས་མཚུངས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། རྒྱུན་མཐུད་ཆོག་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་མགྱོགས་མྱུར་ཆགས་པར་བྱས་ཡོད། ཕྱི་ཕྱོགས་ནས་བལྟས་ན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུའི་ནན་བཤད་བྱས་ཡོད་པས། ཕྱི་རོལ་གྱི་ཁོར་ཡུག་གི་ཉེན་ཁ་ནུས་ལྡན་ངང་སེལ་ཐུབ།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དེས་གོ་ལ་ཧྲིལ་པོ་དང་། ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་པ་མ་ཟད། ཀྲུང་གོའི་རྒྱལ་ཁབ་ཆེན་པོའི་འགན་སེམས་ཀྱང་མངོན་གྱི་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་པ་གཏོད་རྒྱུ་དེ་གོ་ལ་ཧྲིལ་པོ་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།