དབུ་ཤོག>གསར་འགྱུར།
  • ང་ཚོས་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་དང་གསོན་ཤུགས་ཚོར་བྱུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-26

    ངས་བལྟས་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འདི་ལོ་དོ་ཁུར་ཆེ་ཤོས་བྱེད་པའི་ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་འགག་རྩའི་ཚིག་ནི་དཔལ་འབྱོར་འཕེལ་རྒྱས་རེད་འདུག འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་ཡིན་པའི་ངོས་ནས་འདས་ཟིན་པའི་ལོ་གསུམ་ནང་ཀྲུང་གོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། 2022ལོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་120ལས་བརྒལ་བ་མ་ཟད། ཚན་རྩལ་ཡར་ཐོན་ལའང་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་ཁྲིད་སྟོན་ནུས་ལྡན་ཐུབ་ཡོད།

    དོ་སྣང་བྱེད་རིན་ཡོད་པ་ཞིག་ནི་ཀྲུང་གོས་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བ་དང་དུས་མཚུངས། ལྗང་མདོག་དང་གསར་གཏོད་འཕེལ་རྒྱས་ལ་དེ་བས་ཀྱང་དོ་ཁུར་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ནུས་རྒྱུ་གསར་པ་རྒྱུན་ཆད་མེད་པར་གསར་སྤེལ་དང་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ནུས་རྒྱུ་ལྗང་མདོག་དང་ཐཱན་ཉུང་ཕྱོགས་སྒྱུར་ལ་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད། མིག་སྔར་ཀྲུང་གོས་འཛམ་གླིང་གི་དྭངས་གཙང་གློག་གཏོང་མ་ལག་ཆེ་ཤོས་བསྐྲུན་ཟིན་པ་དང་། གློག་གཏོང་ཚད་བརྟན་པོའི་ངང་འཕར་བཞིན་ཡོད།

    ངས་ཀྱང་འདི་ལོའི་ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བའི་འབྲེལ་ཡོད་སྲིད་ཇུས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་གོས་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་དངོས་མང་སྟོན་ཚོགས་དང་ནང་འདྲེན་དངོས་མང་སྟོན་ཚོགས་སོགས་འགྲེམས་ཚོགས་ཆེ་གྲས་གཉེར་ནས་གོ་ལ་ཧྲིལ་པོའི་ཁེ་ལས་དང་ཚོང་པ་ཀྲུང་གོའི་ཁྲོམ་རར་ཞུགས་པ་དང་། རྒྱལ་ཁབ་ཁག་གི་ཁེ་ལས་དང་སྤེལ་རེས་མཉམ་ལས་བྱེད་པར་ལས་སྟེགས་བཏོད་ཡོད། འདི་ལོའི་ཀྲུང་གོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ཀྲུང་གོས་ཕྱི་རྒྱལ་གྱི་མ་དངུལ་བསྡུ་འགུག་དང་བེད་སྤྱོད་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས་ཁྲོམ་རའི་འཇུག་འཐུས་རྒྱ་ཆེར་གཏོང་བ་དང་། དེང་རབས་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱི་རྒྱལ་དམངས་ཐོབ་ཐང་དོན་འཁྱོལ་ཡག་པོ་བྱེད་པ་བཅས་བཏོན་ཡོད། ཀྲུང་གོའི་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་བཏང་སྟེ་རྒྱལ་ཁབ་གཞན་དག་དང་ཀྲུང་གོ་མཉམ་དུ་འཕེལ་རྒྱས་འགྲོ་བར་གོ་སྐབས་བསྐྲུན་ཡོད། ཕྱི་རྒྱལ་གྱི་མ་དངུལ་དང་ཁེ་ལས་དེ་བས་མང་བའི་ཡིད་དབང་འགུག་ཐབས་དང་ཚོང་གཉེར་ཁོར་ཡུག་དེ་བས་ལེགས་སུ་གཏོང་བའི་བྱ་ཐབས་དོན་འཁྱོལ་བྱས་པ་དང་བསྟུན་ནས་ཕྱི་རྒྱལ་གྱི་ཁེ་ལས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་སྔར་བས་ཞུགས་ཏེ། འཛམ་གླིང་གི་རྒྱལ་ཁབ་གཞན་དག་ལ་ཀྲུང་གོའི་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་ཐུབ་པའི་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།