དབུ་ཤོག>གསར་འགྱུར།
  • ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་སྒྱུར་གྱི་དམིགས་ཚད་མངོན་འགྱུར་ཡོང་བར་དཔྱད་གཞིར་འཛིན་འོས་པའི་དོན་སྙིང་ལྡན་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-26

    ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོར་ལྟ་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་རེད། ལོ་ལྟར་ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་རིང་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་དེ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་བརྗོད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། དེའི་ནང་དཔལ་འབྱོར་འཕར་སྟངས་དང་། ཚན་རྩལ་གསར་གཏོད། རྒྱལ་སྤྱིའི་མཉམ་ལས་སོགས་ཐད་ཀྱི་ནང་དོན་ལ་མི་རྣམས་ཀྱིས་དེ་བས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།

    ཉེ་བའི་ལོ་ཤས་རིང་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་ཀྲུང་གོར་རང་ངོས་འཕེལ་རྒྱས་ཡོང་བར་གལ་འགངས་ཤིན་ཏུ་ཆེ་བ་མ་ཟད། ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕྱོགས་སྒྱུར་དམིགས་ཚད་མངོན་འགྱུར་བྱེད་པར་དཔྱད་གཞིར་འཛིན་འོས་པའི་དོན་སྙིང་ཡང་ལྡན་ཡོད།

    ཁོ་ལོམ་པི་ཡའི་མཐོ་སློབ་ཀྱིས་ཀྲུང་གོའི་ཞིང་ལས་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད་ཐད་ཚད་བརྒལ་བྱུང་བར་དོ་ཁུར་ཆེན་པོ་བྱེད་པ་དང་འབྲེལ། ཀྲུང་གོའི་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞི་དང་ཕྱོགས་མང་པོའི་ཐད་ཀྱི་འབྲེལ་གཏུག་དང་མཉམ་ལས་བྱེད་ཀྱི་ཡོད་པ་ངས་དོ་སྣང་བྱུང་། ཉེ་བའི་ལོ་གཉིས་ནང་། ཁོ་ལོམ་པི་ཡའི་མཐོ་སློབ་50ལྷག་ཙམ་གྱིས་ཀྲུང་གོའི་རིག་གནས་དང་། སློབ་གསོ། ཞིང་ལས། ཚན་རྩལ་བཅས་ཀྱི་འཆད་ཁྲིད་ཁག་80ལྷག་ཙམ་གཉེར་རྒྱུའི་ནང་ཞུགས་པ་མ་ཟད། ད་དུང་དྲ་ཐོག་གི་སློབ་གསོའི་གླེང་སྟེགས་དང་། སློབ་ཆེན་གྱི་ཀྲུང་གོའི་རིག་གནས་གཟའ་འཁོར། ཀྲུང་གོའི་ཞིང་ལས་རིག་ནུས་སྒྲིག་ཆས་ཁོ་ལོམ་པི་ཡའི་དངོས་མང་སྟོན་ཚོགས་སུ་བཤམས་སྟོན་བྱེད་པ་སོགས་ཀྱི་བྱེད་སྒོ་བརྒྱུད། ཀྲུང་གོ་ཕྱོགས་ཀྱི་རོགས་ཟླར་ཤེས་རྟོགས་བྱེད་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མཐོ་སློབ་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

    2020ལོའི་ཟླ་12པར་ལ་ཏིང་མེ་གླིང་གི་ཞིང་ལས་ཚན་རྩལ་སློབ་གླིང་དང་སློབ་གྲྭ་མང་པོ་ཞིག་གིས་ཀྲུང་གོའི་ཧྭ་ནན་ཞིང་ལས་སློབ་ཆེན་དང་མཉམ་དུ“ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཞིང་ལས་སློབ་གསོའི་ཚན་རྩལ་གསར་གཏོད་མནའ་འབྲེལ”བཙུགས་ཡོད། མནའ་འབྲེལ་བཙུགས་མ་ཐག་པའི་སྐབས་སུ་ཐོག་མར་རྒྱལ་ཁབ་13དང་། སློབ་གླིང་དང་སློབ་གྲྭ་དང་ཚན་ཞིབ་སྒྲིག་གཞི་ཁག་46ཡོད་ཅིང་། དེའི་ནང་ཁོ་ལོམ་པི་ཡའི་མཐོ་སློབ་20ཡོད། མནའ་འབྲེལ་ནང་ལ་ཏིང་མེ་གླིང་དང་ཀྲུང་གོའི་ཞིང་ལས་མཐོ་སློབ་དང་དེ་བཞིན་ཚན་ཞིབ་སྒྲིག་གཞིའི་ལེགས་ཆའི་ཐོན་ཁུངས་དང་ཚན་ཞིབ་གྲུབ་འབྲས་འདུས་ཡོད་པ་དང་། ཤེས་ལྡན་པ་གསོ་སྐྱོང་དང་། ཚན་ཞིབ་མཉམ་ལས། ལག་རྩལ་གསོ་སྦྱོང་། ལག་རྩལ་ཁྱབ་གདལ། དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་ནང་སྔ་རྗེས་སུ་མཉམ་ལས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།