དབུ་ཤོག>གསར་འགྱུར།
  • མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས“པེ་ཤིས”ཀྱི་འབར་གས་དོན་རྐྱེན་ལ་རྒྱལ་སྤྱིའི་བརྟག་དཔྱད་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡིན།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-25

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས། “པེ་ཤིས”རང་བྱུང་སོལ་རླངས་ཀྱི་མདོང་ལམ་འབར་གས་དོན་རྐྱེན་གྱི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད། ཨུ་རུ་སུས་བཏོན་པའི་གྲོས་ཆོད་འཆར་ཟིན་གྱི་སྙིང་པོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་བརྟག་དཔྱད་བྱེད་པར་སྐུལ་འདེད་གཏོང་དགོས་པ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་བསམ་ཕྱོགས་དེར་མོས་མཐུན་བྱེད་ཀྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་བརྟག་དཔྱད་གཙོ་སྐྱོང་བྱས་ནས་སྤེལ་ཚེ། ད་ཡོད་ཀྱི་རྒྱལ་ཁབ་མི་འདྲ་བའི་བརྟག་དཔྱད་དང་མཉམ་ཤུགས་ཤིག་ཆགས་པར་ཕན་ཐོགས་ཡོད་ལ་གནས་ཚུལ་ངོ་མ་རྩད་ཆོད་དེ་བས་མྱུར་པོ་ཐུབ་ཅེས་བརྗོད།

    དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུར་གསར་འགོད་པ་ཞིག་གིས། གནས་ཚུལ་ལ་རྒྱུས་མངའ་ཡོད་མཁན་ཞིག་གིས་ཉིན་ཤས་གོང་ཨུ་རུ་སུས་སོ་སོས་བཏོན་པའི“པེ་ཤིས”མདོང་ལམ་དོན་རྐྱེན་སྐོར་གྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་འཆར་ཟིན་ལ་ཁ་མི་གྲགས་པའི་གོ་རིམ་ལག་ལེན་བསྟར་མོད། འོན་ཀྱང་ཨ་རི་སོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ནུབ་ཕྱོགས་ཁོངས་མིས་ཁ་གྲགས་ནས་རྒྱལ་སྤྱིའི་རང་ཚུགས་བརྟག་དཔྱད་ཨུ་ལྷན་འཛུགས་པའི་ཐད་བསམ་འཆར་མི་འདྲ་བ་བཏོན་ཡོད་ཅེས་བཤད་འདུག ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    དབང་ཝུན་པིན་གྱིས“པེ་ཤིས”རང་བྱུང་སོལ་རླངས་ཀྱི་མདོང་ལམ་འབར་གས་དོན་རྐྱེན་གྱི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོངས་མི་མང་ཆེ་བས་གནས་ཚུལ་ངོ་མ་གང་མགྱོགས་རྩད་གཅོད་གསལ་པོ་བྱེད་དགོས་པའི་རེ་འབོད་བྱེད་ཀྱི་ཡོད། ཨུ་རུ་སུས་བཏོན་པའི་གྲོས་ཆོད་འཆར་ཟིན་གྱི་སྙིང་པོ་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་བརྟག་དཔྱད་བྱེད་པར་སྐུལ་འདེད་གཏོང་དགོས་པ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་བསམ་ཕྱོགས་དེར་མོས་མཐུན་བྱེད་པ་དང་ཨུ་རུ་སུའི་འཆར་ཟིན་ལ་རྒྱབ་སྐྱོར་ཡང་བྱེད་ཀྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ནི་དབང་གྲགས་ཀྱི་རང་བཞིན་དང་མཚོན་བྱེད་ཀྱི་རང་བཞིན་ཆེ་ཤོས་ལྡན་པའི་རྒྱལ་སྤྱིའི་སྒྲིག་གཞི་ཞིག་ཡིན་པས། རྒྱལ་སྤྱིའི་བརྟག་དཔྱད་གཙོ་སྐྱོང་བྱས་ནས་སྤེལ་ན། ད་ཡོད་ཀྱི་རྒྱལ་ཁབ་མི་འདྲ་བའི་བརྟག་དཔྱད་དང་མཉམ་ཤུགས་ཤིག་ཆགས་པར་ཕན་ཐོགས་ཡོད་ལ། གནས་ཚུལ་ངོ་མ་རྩད་དེ་བས་མྱུར་པོ་ཆོད་ཐུབ་ཅེས་བརྗོད།

    དབང་ཝུན་པིན་གྱིས། ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་བྱེད་པར་རྒྱབ་སྐྱོར་བྱེད་པ་མ་ཟད། དགེ་མཚན་ལྡན་པའི་ངང་གྲོས་ཆོད་འཆར་ཟིན་གྱི་གྲོས་མོལ་ལ་ཡང་ཐེ་ཇུས་བྱས་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་ཁོངས་མི་ཁག་གཅིག་གིས་ཀྱང་ལུགས་མཐུན་གྱི་བསམ་འཆར་དང་གྲོས་འགོ་བཏོན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།