དབུ་ཤོག>གསར་འགྱུར།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རི་ཕྱོགས་ཀྱིས་འགན་འཁུར་བའི་གཞི་ཆེའི་དཔལ་འབྱོར་སྲིད་ཇུས་ལག་ལེན་སྟར་དགོས་པའི་སྐུལ་མ་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-25

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨ་རིའི་ཀུའེ་ཀུ་དངུལ་ཁང་རྐུབ་བརྡིབས་ནས་གོ་ལ་ཧྲིལ་པོའི་དངུལ་རྩའི་ཁྲོམ་རར་ཡོ་ལང་ཆེན་པོ་ཐེབས་པར་དམིགས་ནས། ཚེས་23ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་འགན་འཁུར་བའི་གཞི་ཆེའི་དཔལ་འབྱོར་སྲིད་ཇུས་སྤྱད་དེ། ཡར་སྐུལ་སྲིད་ཇུས་ལེགས་སྒྲིག་བྱས་པ་ལས་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་ནས། 2008ལོའི་དངུལ་རྩའི་ཉམས་ཉེན་གྱི་ལམ་རྙིང་པར་སླར་ཡང་མི་ལོག་པའི་སྐུལ་མ་བཏང་ཡོད་ཅེས་བརྗོད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུར་གསར་འགོད་པ་ཞིག་གིས། ཉེ་ཆར། ཨ་རིའི་ཀུའེ་ཀུ་དངུལ་ཁང་རྐུབ་བརྡིབས་པ་དེ་2008ལོའི་དངུལ་རྩའི་ཉམས་ཉེན་ཐོན་ཚུན་ཨ་རིའི་དངུལ་ཁང་ཆེ་ཤོས་རྐུབ་བརྡིབས་པའི་དོན་རྐྱེན་ཞིག་ཏུ་གྱུར་ཡོད། གཞན་ཡང་ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ཨ་རིར་ཉུང་མཐར་ཡང་དངུལ་ཁང་186ལ་ཀུའེ་ཀུ་དངུལ་ཁང་དང་འདྲ་བའི་ཉེན་ཁ་ཕྲད་ཡོད། འབྲེལ་ཡོད་དོན་རྐྱེན་གྱིས་རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རར་ཡོ་ལང་ཆེན་པོ་ཐེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།

    དབང་ཝུན་པིན་གྱིས། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། གནད་དོན་དེ་ནི་དེང་གི་འཛམ་གླིང་དུ་གོ་ལ་ཧྲིལ་པོའི་དངུལ་རྩའི་ཁོངས་གཏོགས་དང་འབྲེལ་བ་ཆེན་པོ་ཡོད། ཨ་རིའི་དངུལ་ཁང་ལ་གནད་དོན་ཐོན་པ་དེ་ནི་ཨ་རི་རྒྱལ་ཁབ་གཅིག་གི་དོན་དག་ཅིག་གཏན་ནས་མིན། ཨ་རིའི་ཀུའེ་ཀུ་དངུལ་ཁང་གི་དོན་རྐྱེན་དེས་གོ་ལ་ཧྲིལ་པོའི་དངུལ་རྩའི་ཁྲོམ་རར་ཡོ་ལང་ཆེན་པོ་ཐེབས་ཡོད་ཅེས་བརྗོད།

    “ཨ་སྒོར་ནི་རྒྱལ་སྤྱིའི་དངུལ་ལོར་ཞིག་གི་ངོས་ནས་ཨ་རིའི་དངུལ་ལོར་སྲིད་ཇུས་ཀྱིས་རྒྱལ་ནང་གི་དཔལ་འབྱོར་སྙོམས་སྒྲིག་གི་དམིགས་ཚད་ཁོ་ནར་མགོ་འཁོར་ནས་མི་སྡོད་པར་དེའི་ལྡོག་ཕྱོགས་ཀྱི་ནུས་པར་དེ་བས་གཟབ་ནན་ངང་ཚོད་སྐོར་བྱེད་དགོས”ཞེས་དབང་ཝུན་པིན་གྱིས་བརྗོད། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་འགན་འཁུར་བའི་གཞི་ཆེའི་དཔལ་འབྱོར་སྲིད་ཇུས་ལག་ལེན་བསྟར་ནས་ཁྲོམ་རའི་སྔོན་དཔག་དང་མ་དངུལ་འཇོག་མཁན་གྱི་ཡིད་ཆེས་བརྟན་དུ་ཏན་ཏིག་བཏང་སྟེ། ཡར་སྐུལ་སྲིད་ཇུས་ལེགས་སྒྲིག་བྱེད་པ་ལས་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་ནས་2008ལོའི་དངུལ་རྩའི་ཉམས་ཉེན་གྱི་ལམ་རྙིང་པར་སླར་ཡང་མི་ལོག་པའི་སྐུལ་མ་གཏོང་གི་ཡིན་ཞེས་བརྗོད་པ་རེད།

    དབང་ཝུན་པིན་གྱིས། ཀྲུང་གོ་ཕྱོགས་ཀྱིས་དཔལ་འབྱོར་དངོས་ཚན་གཞན་དག་དང་མཉམ་དུ་གཞི་ཆེའི་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་རྩ་བརྟན་པོ་ཡོང་བར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།