པ་ཧྥུའུ་ས་མུ་ནི་ཁ་མེ་རོང་ནུབ་རྒྱུད་ས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་ཡིན་ཞིང་། དེའི་མཐའ་འཁོར་དུ་གྲོང་ཁྱེར་དང་གྲོང་རྡལ་མང་པོ་ཡོད། གྲོང་ཁྱེར་འཕེལ་རྒྱས་དང་མི་འབོར་གྱི་གཞི་ཁྱོན་ཆེ་རུ་འགྲོ་བ་དང་བསྟུན་ནས། དུས་རབས་གོང་མའི་དུས་མཇུག་ཏུ་བསྐྲུན་པའི་ཆུ་མཁོ་འདོན་བཟོ་གྲྭ་རྙིང་པའི་ཆུ་མཁོ་འདོན་བྱེད་ནུས་དང་ཆུའི་སྤུས་ཚད་ཀྱིས་དམངས་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། 2014ལོར་ཀྲུང་ཏི་ཕྱི་རྒྱལ་ཚོགས་པ་ཁ་མེ་རོང་ཀུང་སིས་གྲོང་ཁྱེར་དགུའི་ཆུ་མཁོ་འདོན་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གྲྭར་བརྟེན་ནས་ཁ་མེ་རོང་གི་གྲོང་ཁྱེར་4ལ་འཐུང་ཆུ་གཙང་གསིང་བཟོ་གྲྭ་དང་དེ་བཞིན་འབྲེལ་ཡོད་ཀྱི་ལེ་ལག་ཚང་བའི་སྒྲིག་ཆས་བསྐྲུན་པ་རེད། 2017ལོར་པ་ཧྥུའུ་ས་མུའུ་ཡི་འཐུང་ཆུ་གཙང་གསིང་བཟོ་གྲྭ་བསྐྲུན་ཏེ་གང་མགྱོགས་བེད་སྤྱོད་གཏོང་འགོ་ཚུགས་ཡོད། ཆུ་མཁོ་འདོན་བཟོ་གྲྭ་རྙིང་པ་རྒྱས་སྐྲུན་བྱས་པའི་ངོས་ནས་ཆུ་མཁོ་འདོན་བཟོ་གྲྭ་གསར་པས་མིག་སྔར་ཉིན་རེར་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་1རེ་གཏོང་ཐུབ་ཀྱི་ཡོད། ཆུ་མཁོ་འདོན་བཟོ་གྲྭ་གསར་པ་བསྐྲུན་པ་དེས་དེ་སྔའི་ཆུ་མཁོ་འདོན་བཟོ་གྲྭ་ལས་ཆུ་མཁོ་འདོན་བྱེད་ནུས་30%འཕར་ཞིང་། ཁྱོན་གྲོང་མི་ཁྲི་50ཙམ་ལ་ཁྱབ་པ་དང་ཁྱབ་ཚད་65%ཙམ་ཟིན་ཏེ། པ་ཧྥུའུ་ས་མུའུ་ཡི་ཆུ་མཁོ་འདོན་བྱེད་ནུས་ཆེ་རུ་ཕྱིན་པ་མ་ཟད། ཉེ་འཁོར་གྱི་གྲོང་ཁྱེར་དང་གྲོང་རྡལ་6ལའང་ཁྱབ་ཡོད་པ་རེད།
འདི་ནི་ཁ་མེ་རོང་ནུབ་རྒྱུད་ས་ཁུལ་གྱི་གྲོང་ཁྱེར་པ་ཧྥུའུ་ས་མུའུ་ནས་པར་བརྒྱབ་པའི་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་རོགས་བྱས་པའི་ཆུ་གསོག་མཐོ་ལྕོག་ཡིན་པ།