དབུ་ཤོག>གསར་འགྱུར།
  • ཀྲུང་གོས་ལོ་སིར་རོགས་སྐྱོར་བྱེད་པའི་རྒྱང་ཁྲིད་སློབ་གསོའི་འདུ་འགོད་ཀྱི་རྣམ་གྲངས་ལག་ལེན་སྟར་འགོ་ཚུགས་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-25

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོས་ལོ་སིར་རོགས་སྐྱོར་བྱེད་པའི་རྒྱང་ཁྲིད་སློབ་གསོའི་འདུ་འགོད(ལག་རྩལ་རོགས་སྐྱོར་གྱི་ཆ་ཤས)རྣམ་གྲངས་ལག་ལེན་སྟར་འགོ་ཚུགས་པའི་མཛད་སྒོ་ལོ་སིའི་རྒྱལ་ས་ཝན་ཐེན་དུ་འཚོགས་པ་རེད།

    ལོ་སིའི་སློབ་གསོ་དང་ལུས་རྩལ་པུའི་པུའུ་ཀྲང་ཕུའུ·ཤིན་མཱ་ལ་ཧྥེང་དང་ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དཔལ་འབྱོར་ཚོང་དོན་ཁྲུའི་ཚན་ཙན་ཀྲའོ་ཝུན་ཡུས། དེ་བཞིན་ཧྲང་ཧའེ་སློབ་གསོ་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་མིའོ་ཧུང་ཚའེ་བཅས་མཛད་སྒོར་ཕེབས་ནས་ཤིས་ཚིག་བསྒྲོན་པ་དང་། ལོ་ཀྲུང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སའེ་སཱ་ན་སོགས་མི་50ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

    ཕུའུ·ཤིན་མཱ་ལ་ཧྥེང་གིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ལོ་སིའི་སློབ་གསོ་དང་ལུས་རྩལ་གྱི་ཁྱབ་ཁོངས་ལ་རྩ་ཆེའི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། ད་ཐེངས་ཀྱི་རོགས་སྐྱོར་བརྒྱུད། ཀྲུང་གོའི་སྔོན་ཐོན་གྱི་སློབ་གསོའི་འདུ་ཤེས་དང་། ཕུན་སུམ་ཚོགས་པའི་ཉམས་མྱོང་། དེ་བཞིན་རྒྱལ་སྤྱིའི་སློབ་གསོའི་ཆ་འཕྲིན་ལག་རྩལ་གྱི་ཤེས་བྱ་གསར་ཤོས་བཅས་ལོ་སིར་དྲངས་ཏེ། ལོ་སིའི་སློབ་གསོ་རྒྱལ་སྤྱི་དང་སྦྲེལ་མཐུད་བྱེད་རོགས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་ཧེ་བག་ཆུང་དུ་བཏང་སྟེ། ལོ་སིའི་རྒྱང་ཁྲིད་སློབ་གསོ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཀྲའོ་ཝུན་ཡུས་ཀྱིས། ཀྲུང་གོ་ཕྱོགས་ཀྱིས་ལོ་སི་ཕྱོགས་དང་མཉམ་དུ་སློབ་གསོའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དང་། འཛམ་གླིང་གི་ཕན་པ་ལྡན་པའི་ཤེས་དཔལ་གྲུབ་འབྲས་མཐའ་དག་ལ་སློབ་སྦྱོང་། རང་སོ་སོའི་སློབ་གསོ་འཕེལ་རྒྱས་ཀྱི་གྲུབ་འབྲས་དཔྱད་གཞིར་འཛིན་པ་བཅས་བྱས་ནས། ཀྲུང་ལོའི“རྒྱུད་གཅིག་ལམ་གཅིག”གི་སློབ་གསོའི་མཉམ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    ལོ་སིར་རོགས་སྐྱོར་བྱེད་པའི་ཀྲུང་གོའི་རྒྱང་ཁྲིད་སློབ་གསོའི་འདུ་འགོད(ལག་རྩལ་རོགས་སྐྱོར་གྱི་ཆ་ཤས)ཀྱི་རྣམ་གྲངས་ནི་ཧྲང་ཧའེ་སློབ་གསོ་དཔེ་སྐྲུན་ཁང་གིས་སྒྲིག་འཛུགས་དང་ལག་ལེན་སྟར་བའི་འགན་འཁུར་བ་དང་། དེའི་ནང་དོན་གཙོ་བོ་ནི་ལོ་སིར་རྒྱང་ཁྲིད་གསོ་སྦྱོང་ས་ཚིགས་20བཙུགས་པའི་ནང་རྒྱང་ཁྲིད་སློབ་གསོའི་གསོ་སྦྱོང་ལྟེ་གནས་19དང་རྒྱང་ཁྲིད་སློབ་གསོའི་གསོ་སྦྱོང་ཐོན་ཁུངས་ལྟེ་གནས་1ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།