དབུ་ཤོག>གསར་འགྱུར།
  • ཧྲུན་ཧྥུང་མྱུར་སྐྱེལ་ཀུང་སིས་མངའ་རིས་ས་ཁུལ་ལ་ལས་སྒོ་དངོས་སུ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-25

    ཉེ་ཆར། མངའ་རིས་ས་ཁུལ་སྒར་རྫོང་དུ་གནས་པའི་ཧྲུན་ཧྥུང་མྱུར་སྐྱེལ་ལས་གཉེར་ས་ཚིགས་དངོས་སུ་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་ཧྲུན་ཧྥུང་མྱུར་སྐྱེལ་ཀུང་སིས་མངའ་རིས་ས་ཁུལ་དུ་ལས་སྒོ་དངོས་སུ་གཉེར་འགོ་བཙུགས་པ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལས་གཉེར་ས་ཚིགས་དེ་ནི་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་དུ་གནས་ཤིང་། ལས་མི་8ཡོད་པ་དང་སྒྲིག་ཆས་ཆ་ཚང་ལ། སྡེ་ཁུལ་3དང་སྲིད་འཛིན་གྲོང་ཚོ་1ལ་ཞབས་འདེགས་ཞུ་རྒྱུ་ཡིན་པ་དང་། མིག་སྔར་གཉེར་སྐྱོང་ཚོད་ལྟ་བྱེད་འགོ་ཚུགས་པ་རེད། དེ་དང་ཆབས་ཅིག་ཧྲུན་ཧྥུང་གི་འཐུས་སྒོ་ཚང་བའི་མྱུར་སྐྱེལ་ཟོག་འགྲེམས་མ་ལག་དང་ཐོན་ཁུངས་གསར་པར་བརྟེན་ནས་ས་གནས་དེ་གའི་ཡུལ་མི་ཁྲི་2ལྷག་ཙམ་གྱི་ཚགས་ཤ་ཕག་ཤ་ལུག་ཤ་དང་། སྨན་རྫས་མཁོ་ཆས། བཏུང་བྱ། འཚོ་བའི་དངོས་ཟོག་སོགས་ཕྱིར་གཏོང་ནང་འདྲེན་གྱི་ཞབས་ཞུའི་འགན་སྲུང་ཐུབ་རྒྱུ་རེད།

    བོད་ལྗོངས་ཧྲུན་ཧྥུང་མྱུར་སྐྱེལ་ཀུང་སིའི་འགན་འཁུར་བ་ཀྲང་དབྱང་གིས། མངའ་རིས་ས་ཁུལ་དུ་མྱུར་སྐྱེལ་ས་ཚིགས་བཙུགས་རྗེས་ཕྱོགས་གཅིག་ནས་ས་གནས་དེ་གའི་ཟོག་འགྲེམས་མྱུར་སྐྱེལ་ཞབས་ཞུའི་ནུས་པར་ཁ་གསབ་ནུས་ལྡན་བྱུང་བས་ས་གནས་དེ་གའི་མྱུར་སྐྱེལ་ནུས་པ་30%ཡན་ཆེ་རུ་ཕྱིན་པ་དང་། ཕྱོགས་གཞན་ཞིག་ནས་ས་གནས་དེ་གའི་ཞིང་འབྲོག་པའི་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་ནས་ས་གནས་དེ་གའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་ཐོན་ལས་འཁོར་འབྲེལ་གྱི་སྤུས་རྟགས་གཏོད་པར་སྐུལ་འདེད་ཐེབས་ཏེ་མངའ་རིས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།