ཉེ་ཆར། བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་ཆུ་འགྲམ་སྡེ་ཁུལ་ཏང་ཀྲི་པུས་ཁོངས་གཏོགས་ཁུལ་གྱི་བུད་མེད་ཚོ་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་གྱི་བུད་མེད་མ་བྱན་གྱི་ཕྱུག་འགྱུར་ལས་སྟེགས་ལ་ཞུགས་པར་ཁྲིད་སྟོན་ཧུར་ཐག་བྱས་ནས་སྲོལ་རྒྱུན་གྱི་ཁྱད་ལྡན་ཁ་ཟས་བཟོས་ཏེ། སྡེ་ཁུལ་གྱི་བུད་མེད་མ་བྱན་གྱི་ཁྱད་ལྡན་སྤུས་རྟགས་བཏོད་པ་དང་། སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་མང་དུ་བཏང་བ། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་ཤིང་། འདི་ནི་སྡེ་ཁུལ་གྱི་བུད་མེད་ཀྱིས་ཁ་ཟས་བཟོ་བཞིན་པ།