དབུ་ཤོག>གསར་འགྱུར།
  • མཐུན་སྒྲིལ་གྱི་ས་བོན་བཏབ། ཞི་མཐུན་གྱི་མེ་ཏོག་བཞད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-24

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱི་མཉམ་སྡེབ་5དང་མི་སྒེར་10ལྷག་ཙམ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་པ་དང་། མཉམ་སྡེབ་107དང་མི་སྒེར་159ལ་རང་སྐྱོང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་པ། མཉམ་སྡེབ་142དང་མི་སྒེར་189ལ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གཟེངས་བསྟོད་ཐོབ་པ་སོགས་ལས། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་ནག་ཆུའི་ཉམས་བཟང་ཞིག་མིག་ལམ་དུ་མངོན།

    སྐུལ་སློང་དང་བཀོད་སྒྲིག་ལ་སྟོབས་ཤུགས་ལྡན་པ།

    གྲོང་ཁྱེར་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་སྐུལ་སྤེལ་གནས་ཚུལ་ཁྱོན་ཡོངས་དང་ཡང་དག་པའི་ངང་ཁོང་དུ་ཆུད་ཆེད། 2019ལོའི་ཟླ་5པར་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་ནས་བཟུང་། ནག་ཆུ་གྲོང་ཁྱེར་འཛུགས་གཏོད་གཞུང་ལས་ཁང་གི་ལས་དོན་པ་རྫོང(ཆུས)11དང་། གྲོང་ཁྱེར་ཐད་གཏོགས་ཚན་པ་དང་། ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན) དགོན་སྡེ་བཅས་ཁག་གཅིག་ལ་བསྐྱོད་ནས། ཞིབ་བཤེར་མཛུབ་ཁྲིད་ཐེངས་6བྱས་ཤིང་། ཕྱོགས་32ཀྱི་ཐད་ནས་དམིགས་སའི་རང་བཞིན་ལྡན་པའི་གསོ་སྦྱོང་བྱས་པར་བརྟེན། ནག་ཆུ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་སྟེ། ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར། སྤྱི་ཚོགས་ཀྱིས་མཐུན་སྦྱོར། དམངས་ཡོངས་ཞུགས་པ། རིམ་མང་མཉམ་སྒུལ་བཅས་བྱེད་པའི་ལས་ཀའི་རྣམ་པ་ཞིག་གྲུབ་ཡོད།

    ནག་ཆུ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ཀྱི་ལས་དོན་སྤེལ་ཚུན། གྲོང་ཁྱེར་དང་། རྫོང(ཆུས) ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན)བཅས་ཚང་མར“འགོ་ཁྲིད་གཙོ་བོ”ཡིས་ཙུའུ་ཀྲང་གི་འགན་འཁུར་བའི་འཛུགས་གཏོད་འགོ་ཁྲིད་ཚོགས་ཆུང་བཙུགས་པ་རེད། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཁག་བགོས་དོ་དམ་འགོ་ཁྲིད་ཀྱིས་དུས་བཀག་ལྟར་ལས་དོན་སྐུལ་སྤེལ་གྱི་གནས་ཚུལ་ལ་འདྲི་རྩད་བྱས་ནས་འཛུགས་གཏོད་གཞུང་ལས་ཁང་ལ་ཐེངས་མང་བསྐྱོད་དེ་ཁ་ཕྱོགས་སྟོན་པ་དང་། བསམ་ཕྱོགས་བཟོ་བ། ཐབས་ལམ་འདོན་པ་བཅས་བྱས་པ་རེད། གྲོང་ཁྱེར་འཛུགས་གཏོད་གཞུང་ལས་ཁང་གིས་མཐུན་སྦྱོར་དང་སྒྲིག་འཛུགས་བྱས་ནས་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དང་སྐུལ་སྤེལ་ཚོགས་འདུ་འཚོགས་ཤིང་། 《ནག་ཆུ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ཀྱི་ལག་བསྟར་ཇུས་གཞི》དང་། 《ནག་ཆུ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ཀྱི་ཚད་ལེན་གདེང་འཇོག་གི་དམིགས་ཚད》འཆར་ཟིན་བཀོད་ཅིང་། 《ནག་ཆུ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ཀྱི་ཚོད་ལྟའི་ཚན་པ་སྐྲུན་རྒྱུའི་སྐོར་གྱི་གཏན་འབེབས》སོགས་བཀྲམ་ནས། དམིགས་ཚད་ལས་འགན་དང་། སྒྲིག་འཛུགས་འགོ་ཁྲིད། བྱེད་སྒོའི་གཞི་རྟེན། འགན་འཁྲི་ལས་བགོས། ལག་བསྟར་གོ་རིམ། འགན་ལེན་བྱེད་ཐབས་བཅས་ཁ་གསལ་བཟོས་པ་དང་། དུས་ཚོད་རེའུ་མིག་དང་འཆར་འགོད་བཟོས་ཏེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་བྱེད་པའི་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ཡོད། རྫོང(ཆུས)དང་གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་གིས་ཁོངས་གཏོགས་ཁུལ(ཚན་པ་དེ་རང)དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ལག་བསྟར་ཇུས་གཞི་དང་ཚད་ལེན་གདེང་འཇོག་གི་དམིགས་ཚད་བཟོས་པ་རེད།

    ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཕུགས་ཕན་ལ་སྐུལ་འདེད་བཏང་བ།

    མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་དང་བདེ་སྐྱིད་ཀྱི་འབྱུང་རྩ་ཡིན་པ་དང་། ལས་དོན་ཐམས་ཅད་ལེགས་པོ་སྒྲུབ་པའི་རྩ་བའི་སྔོན་འགྲོའི་ཆ་རྐྱེན་དང་འགན་ལེན་ཡང་རེད། ནག་ཆུ་གྲོང་ཁྱེར་གྱིས་མཉམ་སྒུལ་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྩ་འཛུགས་དང་། དྲིལ་བསྒྲགས། འཐབ་ཕྱོགས་གཅིག་གྱུར། སྲིད་ཁྲིམས། ཏང་གི་སློབ་གྲྭ སློབ་གསོ། འཕེལ་སྒྱུར། སྤྱི་བདེ། ཆོས་ལུགས། ནོར་སྲིད། དམངས་སྲིད། རིག་གནས་ཡུལ་སྐོར་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཕན་ཚུན་གཞོགས་འདེགས་དང་མཉམ་སྒུལ་བྱེད་པའི་ལས་ཀའི་ལམ་སྲོལ་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་བ་རེད།

    དྲིལ་བསྒྲགས་སློབ་གསོའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་།“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་དང་། “བདུན་གཅིག”ཏང་འཛུགས་དུས་ཆེན། ཟླ་དགུ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོའི་ཟླ་བ། དེ་བཞིན་བྱང་ཐང་འཆར་ཅན་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་སོགས་དུས་སྟོན་གལ་ཆེན་བཅས་ལ་དམིགས་ནས། གྲོང་ཁྱེར་ཡོངས་སུ་རྣམ་པ་སྣ་ཚོགས་དང་གོ་བདེ་རྟོགས་སླའི“བརྒྱད་སྤེལ”བྱེད་སྒོ་སྤེལ་ཞིང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་ཚད་ལྡན་ཅན་དང་། ལམ་ལུགས་ཅན། རྒྱུན་གཏན་ཅན་བཅས་སུ་འགྱུར་བར་བྱས་པ་རེད།

    རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་ཁྲིད་གཙོ་བོར་བྱེད་པའི་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དང་། “གཅིག་གཏད་གཅིག”དང“མང་གཏད་གཅིག”གི་བོད་རྒྱ་སྐད་གཉིས་སློབ་སྦྱོང་དང“ལས་བྱེད་པ་དང་གྲྭ་བཙུན་ཆ་སྒྲིག་གིས་སྐད་གཉིས་སློབ་སྦྱོང་བྱེད་པའི”བྱེད་སྒོ་རྒྱ་ཁྱབ་སྤེལ་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱིས་བོད་རྒྱ་སྐད་ཡིག་གཉིས་ཁོང་དུ་ཆུད་པའི་ནུས་པ་ཆེ་རུ་བཏང་བ་རེད།

    འགལ་བ་དང་རྩོད་གཞི་གྲལ་བཤེར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་མི་དམངས་ནང་ཁུལ་གྱི་འགལ་ཟླར་སྲིད་ཇུས་དང་། བཅའ་ཁྲིམས། དཔལ་འབྱོར། སྲིད་འཛིན་སོགས་ཀྱི་ཐབས་ལམ་ཕྱོགས་བསྡུས་སྤྱད་ནས་སེལ་ཐབས་བྱས་ཏེ། ཁྲིམས་ཡོད་ཕྱིན་ངེས་པར་དུ་བརྩི་སྲུང་དང་། ཁྲིམས་ལག་བསྟར་བྱེད་སྐབས་ངེས་པར་དུ་གཟབ་ནན། ཁྲིམས་ལས་འགལ་ཚེ་ངེས་པར་དུ་རྩད་གཅོད་བཅས་ཐུབ་པར་བྱས་པ་རེད།

    གཞི་རིམ་གྱི་དྲིལ་བསྒྲགས་ལ་གྲུབ་འབྲས་གལ་ཆེན་ཐོབ་པ།

    ནག་ཆུ་གྲོང་ཨུད་ཏང་གི་སློབ་གྲྭས་རྩ་ཁྲིམས་དང་། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས། མི་རིགས་སྲིད་ཇུས་ཁྲིམས་སྲོལ་བཅས་ཏང་དོན་ལས་དོན་པའི་ཏང་འཛུགས་སྐྱོང་ལས་སྒོའི་གསོ་སྦྱོང་དང་། གྲོང་ཚོ(གྲོང་ལྷན)ཚན་ཁག་དང་། ཧྲུའུ་ཅི་དང་པོ། གཞི་རིམ་སྲིད་ཇུས་འགྲེལ་བཤད་པ། དགོན་སྡེའི་དོ་དམ་ཨུ་ལྷན་གྱི་རྩ་འཛུགས་སོགས་འབྲེལ་ཡོད་འཛིན་གྲྭའི་གསོ་སྦྱོང་གི་ནང་དོན་དུ་བཅུག་སྟེ། དུས་ཐེངས་དང་ཁག་བགོས་ནས་ལས་བྱེད་ལས་བཟོ་དང་ལྷག་པར་དུ་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཀྱི་སྒྲོག་འགྲེལ་བར་བརྒྱུད་རིམ་ལྡན་པའི་སྒོ་ནས་གསོ་སྦྱོང་བྱས་ཏེ། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་བསླབ་གཞི་དང་། སློབ་ཁང་། བསམ་བློ་བཅས་སུ་འཇུག་པར་སྐུལ་འདེད་བཏང་བ་རེད། གྲོང་ཨུད་དྲིལ་བསྒྲགས་པུས་འཛུགས་གཏོད་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ཏེ་མེ་འཁོར་བབས་ཚུགས་དང་རྒྱལ་ལམ་109ཡི་ནག་ཆུ་དུམ་བུ་སོགས་སུ་སྦྱར་ཡིག་གསར་པ་བཟོས་ནས་བཀལ་བ་དང་། མཐའ་སྲུང་རྒྱལ་སྲུང་དང་དམག་དམངས་མཐུན་སྒྲིལ་སོགས་སྔོན་ཐོན་དཔེ་མཚོན་སྔོག་འདོན་ཧུར་ཐག་བྱས་པ། བོད་གསར་རྙིང་སྡུར་བའི་དྲིལ་བསྒྲགས་ཀྱི་ནང་དོན་དང་རྣམ་པ་མུ་མཐུད་ཕུན་སུམ་ཚོགས་སུ་བཏང་སྟེ། 《འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་བསྔགས་བརྗོད་བྱས་ཏེ་དམག་དམངས་སེམས་པ་གཅིག་མཐུན་གྱི་ཕུགས་འདུན་སྒྲུབ་པ》དང་། 《ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན་པ》 《ལོ་ངོ70ཡི་རིང་འབད་འབུངས་ཡར་བརྩོན་བྱས་པའི་བྱང་ཐང་གསར་པ》《སྐྱེ་མི་ཆོག་པའི་མི》སོགས་གཏམ་བརྗོད་ཟློས་གར་གྱི་རིག་རྩལ་འཁྲབ་སྟོན་བྱས་པ་དང་འབྲེལ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་སྐོར་སྐྱོད་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ཀྱང་སྤེལ་བ་རེད། ནག་ཆུའི་ཚགས་པར་དང་། ནག་ཆུ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། དྲ་འཕྲིན་བྱང་ཐང་། ནག་ཆུ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་སྐད་འཕྲིན་སྤྱི་རྟགས། ཀུན་སེམས་གཅིག་སྒྲིལ་དྲིལ་བསྒྲགས་སྐད་འཕྲིན་སོགས་ལས་སྟེགས་སུ《བྱང་ཐང་ས་གཞི་ཆེན་པོར་མི་རིགས་ཀྱི་མཐུན་སྒྲིལ་མེ་ཏོག་བཞད》དང་། 《ཁོ་ཚོས་ལྷད་མེད་བརྩེ་སེམས་བཅངས་ནས་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་རྩོམ》 《བོད་རྒྱ་ལོ་གསར་མཉམ་དུ་འཁེལ། མི་རིགས་མཐུན་སྒྲིལ་ལེའུ་གསར་རྩོམ》སོགས་ཀྱི་སྔོན་ཐོན་བྱས་རྗེས་100ལྷག་ཙམ་བཀོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།