དབུ་ཤོག>གསར་འགྱུར།
  • སྙེ་མོ་རྫོང་གིས་དུས་ཚིགས་དང་པོའི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ལ་འགོ་ཚུགས་མ་ཐག་གྲུབ་འབྲས་ཐོབ་པའི་བརྩོན་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-24

    ལོ་གསར་པ་ཤར་བ་དང་བསྟུན་ནས་སྙེ་མོ་རྫོང་གིས“འགོ་ཚུགས་ནི་མཐའ་མའི་རྒྱལ་ཁ་ཡིན་པ་དང་། འགོ་ཚུགས་ནི་མཐའ་མའི་གདོང་མཆོང་ཡིན་པའི”བསམ་བློའི་འཁྱེར་སོར་བརྟེན་ནས། ལོ་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་འཛུགས་སྐྲུན་རྣམ་གྲངས་ཀྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕེལ་ཐབས་དང་འཛུགས་སྐྲུན་ཡག་པོ་བྱས་ནས་རྫོང་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་འཛུགས་སྐྲུན་རྣམ་གྲངས་ལས་དོན་དུས་ཚིགས་དང་པོར་འགོ་ཚུགས་མ་ཐག་ནས་གྲུབ་འབྲས་ཐོབ་པའི་བརྩོན་ལེན་གྱིས་ལོ་ཧྲིལ་པོའི་ལས་དོན་ཐུགས་གྲ་ལེགས་འགྲིག་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    སྙེ་མོ་རྫོང་གཞུ་སྨད་ཤང་ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་སྙེ་མོའི་ཀྲའོ་ཝ་60ཡི་འབྲོག་ལས་དང་ཉི་ནུས་གསབ་རེས་ཀྱི་གསོག་ནུས་འོད་ཤུགས་གློག་གཏོང་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ཨར་སྐྲུན་མི་སྣས་ཨར་སྐྲུན་ལས་ལ་གཞོལ་བཞིན་ཡོད་པས་གང་སར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད།

    “རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད། ང་ཚོས་དུས་ཆེན་རིང་ལས་མཚམས་མི་བཞག་པར་ཨར་སྐྲུན་གྱི་འཆར་གཞི་ཞིབ་ཚགས་བཟོས་ཡོད་ལ། ཨར་སྐྲུན་མི་སྣ་བཀོད་སྒྲིག་བྱས་ནས་ཉིན་ལྟར་ཨར་ལས་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ང་ཚོས་ཨར་སྐྲུན་མི་སྣའི་དུས་ཆེན་རིང་གི་ཕན་བདེའི་ཐོབ་ཆའང་འགན་ལེན་གང་ལེགས་བྱས་ནས་ཁོང་ཚོའི་ཕུགས་ཀྱི་སེམས་ཁྲལ་བསལ་ཡོད”ཅེས་རྣམ་གྲངས་ཀྱི་གློག་རླངས་ལག་རྩལ་ཆེ་མོ་བ་ཐང་ཝུན་ཅཱ་ཡིས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་སྙེ་མོའི་ཀྲའོ་ཝ་60ཡི་འབྲོག་ལས་དང་ཉི་ནུས་གསབ་རེས་ཀྱི་གསོག་ནུས་འོད་ཤུགས་གློག་གཏོང་རྣམ་གྲངས་དེ་2022ལོའི་ཟླ་11ཚེས་17ཉིན་ལས་འགོ་ཚུགས་ཤིང་། རྣམ་གྲངས་བསྐྲུན་འགོ་ཚུགས་ཚུན་རྫོང་དང་ཤང་རིམ་པ་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་པ་དང་། འགོ་ཁྲིད་གཙོ་བོས་བཀོད་གཏོང་ཚོགས་འདུ་ཐེངས་མང་འཚོགས་པ་དང་འབྲེལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་མཛུབ་ཁྲིད་ཀྱང་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ཁྲོད་ལྷག་པའི་དཀའ་གནད་དུས་ཐོག་ཏུ་ཐག་གཅོད་བྱས་ནས་རྣམ་གྲངས་ཀྱི་འཕེལ་རིམ་བདེ་བླག་ཡོང་བའི་འགན་ལེན་བྱས་པ་རེད། མིག་སྔར་རྣམ་གྲངས་དེ་གློག་ཤུགས་སྒྲིག་ཆས་སྒྲིག་སྦྱོར་དང་ཚོད་གཏོང་གི་དུས་མཚམས་སུ་སླེབས་ནས་མི་རིང་བར་དྲ་སྦྲེལ་གློག་གཏོང་བྱེད་རྩིས་ཡོད་པ་རེད། རྣམ་གྲངས་བསྐྲུན་རྗེས་ས་གནས་དེ་གའི་དྲོད་རླངས་མཁོ་འདོན་གྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ད་དུང་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ནས་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་རེད།

    རང་སྐྱོང་ལྗོངས་ཀྱི་རྐང་འཛིན་ཆུ་མཛོད་ལས་གྲྭའི་གྲས་ཤིག་ཡིན་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་7ལྷག་ཙམ་བཏང་བའི་སྙེ་མོ་རྫོང་བྲག་སྐོར་ཆུ་མཛོད་འཛུགས་སྐྲུན་རྣམ་གྲངས་ཀྱི་ཨར་སྐྲུན་བྱ་ཡུལ་དུ་འཕྲུལ་འཁོར་གྱི་འུར་སྒྲའི་ཁྲོད་རྐོ་འདྲུའི་འཕྲུལ་འཁོར་དང་སྐྱེལ་འདྲེན་རླངས་འཁོར་ཕར་འགྲོ་ཚུར་འོང་གིས་ཨར་སྐྲུན་ལས་ལ་བྲེལ་བཞིན་ཡོད། རྣམ་གྲངས་དེ་ན་ནིང་ལོ་མཇུག་ནས་ད་བར་ལས་མཚམས་འཇོག་མྱོང་མེད་པར་ཨར་སྐྲུན་པ་40ལྷག་ཙམ་གྱིས་འཐབ་ས་དང་པོར་འབད་འཐབ་བྱས་དང་བྱེད་བཞིན་ཡོད།

    རྣམ་གྲངས་དེ་2024ལོའི་ཟླ་8པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་ཡིན་པ་དང་། རྣམ་གྲངས་བསྐྲུན་ཚར་རྗེས་སྙེ་མོ་རྫོང་གྲོང་གི་ཆུ་སྤྱོད་བདེ་འཇགས་དང་། དེ་བཞིན་སྨད་རྒྱུད་ཀྱི་བྲག་སྐོར་ཤང་དང་སྙེ་མོ་ཤང་གི་གྲོང་གསེབ་ཀྱི་མི་ཕྱུགས་ཀྱི་ཆུ་སྤྱོད་བདེ་འཇགས་ལ་འགན་ལེན་ནུས་ལྡན་ཐུབ་ནས། འབབ་རྒྱུད་ཀྱི་ཞིང་ཆུ་འདྲེན་ཁུལ་དུ་བློས་འགེལ་ཆོག་པའི་ཆུ་ཁུངས་འགན་ལེན་གྱིས་དེ་བས་འཐུས་སྒོ་ཚང་བའི་ཆུ་འདྲེན་མ་ལག་ཅིག་གྲུབ་སྟེ། འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་དང་། རྩྭ་རར་ཕྱུགས་རིགས་གཤོང་ནུས་ཆེ་རུ་ཕྱིན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཐུབ་པར་འགན་ལེན་ནུས་ལྡན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།