དབུ་ཤོག>གསར་འགྱུར།
  • ཀྲུང་ཡོའི་དུས་གཏན་མེ་འཁོར“ཁྲེ་ཧྥུང་རྟགས་ཅན”དངོས་ཟོག་བྱུར་བུར་བླུགས་ནས་ཨུ་རུ་སུར་སྐྱོད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-24

    d09dcec9-4db7-47f3-b6a7-1e97de540a44.jpg.jpg

    ནང་སོག་རང་སྐྱོང་ལྗོངས་ཁྲེ་ཧྥུང་གྲོང་ཁྱེར་གྱིས་ཀྲུང་ཡོའི་དུས་གཏན་མེ་འཁོར“ཁྲེ་ཧྥུང་རྟགས་ཅན”གཏོང་བ་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ནས། བྱང་ཕྱོགས་སུ་སྒོ་མོ་དབྱེ་བའི་ཕྱི་ཕྱོགས་ཚོང་དོན་གྱི་བགྲོད་ལམ་གསར་པ་གཏོད་པ་དང་། ས་ཁུལ་གྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་ཐོན་ཁུངས་གཅིག་སྡུད་དང་། ཐོན་ལས་དོན་འཁྱོལ། མཐའ་མཚམས་མཉམ་འགུལ་བཅས་ཀྱི་འགྲོ་ལམ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། ཀྲུང་ཡོའི་དུས་གཏན་མེ་འཁོར“ཁྲེ་ཧྥུང་རྟགས་ཅན”2022ལོའི་ཟླ་4པར་གཏོང་འགོ་ཚུགས་པ་ནས་ད་བར་མེ་འཁོར་10བཏང་ཟིན་པ་དང་། དབྱིན་ཁྲེ་40ཡོད་པའི་དོས་སྒམ་510སྐྱེལ་འདྲེན་བྱས་པར་སྤྱིའི་རིན་ཐང་སྒོར་ཁྲི་16298ཟིན་གྱི་ཡོད། འདི་ནི་ཟླ་3ཚེས་21ཉིན། ཀྲུང་ཡོའི་དུས་གཏན་མེ་འཁོར“ཁྲེ་ཧྥུང་རྟགས་ཅན”ནང་སོག་རང་སྐྱོང་ལྗོངས་ཁྲེ་ཧྥུང་ཁྲལ་སྲུང་ཟོག་འགྲེམས་ལྟེ་གནས་ནས་ཐོན་ཞིང་། དེའི་ནང་སྡེར་འཁྲུད་འཕྲུལ་འཁོར་དང་། གོས་འཁྲུད་འཕྲུལ་འཁོར། འཁྱག་སྒམ་སོགས་དངོས་ཟོག་བླུགས་པའི་དོས་སྒམ་55ལ་དངོས་ཟོག་རིན་ཐང་མི་དམངས་ཤོག་སྒོར་ཁྲི་1150རི་བ་དང་ཨུ་རུ་སུའི་ཁུའུ་ཕཱ་ཕུའུ་ནཱ་བབས་ཚུགས་སུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།