དབུ་ཤོག>གསར་འགྱུར།
  • ཀྲུང་གོའི་ཤིན་ཅང་གི་འཐུས་མིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་52པའི་ཐོག་གཏུམ་སྤྱོད་འཇིགས་སྐུལ་གྱི་གནོད་འཚེ་ཐེར་འདོན་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-24

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོའི་ཤིན་ཅང་ནས་ཡོང་བའི་ཝ་རེ་སི་ཅང·མའེ་མའེ་ཐིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་52པའི་ཐོག་གཏམ་བཤད་སྤེལ་ནས་གཏུམ་སྤྱོད་འཇིགས་སྐུལ་གྱི་གནོད་འཚེ་ཐེར་འདོན་བྱས་པ་རེད།

    ཝ་རེ་སི་ཅང·མའེ་མའེ་ཐི་ཡིས་ཤིན་ཅང་ཨ་ཁེ་སུའུ་ས་ཁུལ་གྱི་ཝུའུ་ཧྲི་རྫོང་ཨའོ་ཐེ་པེ་ཞི་ཤང་མངགས་གཏོང་ཁང་དུ་ལས་ཀ་བྱས་ནས་ལོ་13སོང་ཡོད། ཁོང་གིས། ལོ་ཤས་གོང་ང་རང་གཏུམ་སྤྱོད་འཇིགས་སྐུལ་གྱི་གྱོད་གཞི་ཐག་གཅོད་བྱེད་པའི་ནང་ཐེངས་མང་ཞུགས་མྱོང་ཡོད། གཏུམ་སྤྱོད་འཇིགས་སྐུལ་གྱི་གྱོད་གཞི་ལས་ཉེས་མེད་ཀྱི་མི་སྣ་ཤི་རྨས་མང་པོ་བྱུང་བ་དང་རྒྱུ་ནོར་གྱི་གྱོང་གུན་ཆེན་པོ་ཕོག་ནས་སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་ཚབས་ཆེན་དང་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་སེམས་སྡུག་ཆེན་པོ་བཟོས་པ་མ་ཟད། ཚེ་སྲོག་གི་དབང་ཆ་དང་། འཚོ་གནས་ཀྱི་དབང་ཆ། འཕེལ་རྒྱས་ཀྱི་དབང་ཆ་བཅས་རྡོག་རོལ་དུ་ཚབས་ཆེན་བཏང་བ་མིག་མཐོང་ལག་ཟིན་བྱུང་། དེ་དག་ཡིད་ལ་འཁོར་རིམ་བཞིན་ཁོང་ཁྲོ་ཆེན་པོ་ལང་གི་འདུག་ཅེས་བརྗོད་པ་རེད།

    ཝ་རེ་སི་ཅང·མའེ་མའེ་ཐི་ཡིས། འཇིགས་སྐུལ་རིང་ལུགས་ནི་མིའི་རིགས་སྤྱི་ཡོངས་ཀྱི་གནོད་འཚེ་ཞིག་ཡིན་ལ་འཇིགས་སྐུལ་པ་ནི་ང་ཚོ་ཐུན་མོང་གི་དགྲ་བོ་ཡིན། ཤིན་ཅང་གིས་ཁྲིམས་ལྟར་འཇིགས་སྐུལ་ལ་ངོ་རྒོལ་བྱས་ནས་ཁྲིམས་འགལ་ཉེས་གསོག་གི་འཇིགས་སྐུལ་པར་རྡུང་རྡེག་གཏོང་བ་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། འགྲོ་བ་མིའི་ཐོབ་ཐང་འགན་ལེན་བཅས་བྱེད་པའི་དྲང་བདེན་གྱི་བྱ་སྤྱོད་ཅིག་རེད། ཤིན་ཅང་གིས་ཐལ་སྐྱོད་ཅན་མེད་པར་བཟོ་བ་དང་མི་རིགས་ཀྱི་དབྱེ་བ་མེད་པའི་ལས་དོན་སྒྲུབ་བཞིན་ཡོད་པས། མི་རིགས་ལ་མཐོང་ཆུང་བྱེད་པའི་གནད་དོན་རྩ་བ་ནས་མེད་ཅིང་། དེ་ནི་ཐལ་སྐྱོད་རིང་ལུགས་ལ་འགོག་ཟོན་དང་ཆད་གཅོད་བྱེད་པ་དང་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་རྩ་བཅོས་ཀྱི་ཐབས་ཇུས་ཤིག་རེད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།