དབུ་ཤོག>གསར་འགྱུར།
  • ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཤ་མོ་སྐྱེ་རྩྭའི་ལག་རྩལ་དཔེ་སྟོན་ལྟེ་གནས་ཧྥི་ཅིར་སྒོ་བྱང་བཀལ་ནས་ལས་གཉེར་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-24

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སུ་ཝ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཤ་མོ་སྐྱེ་རྩྭའི་ལག་རྩལ་དཔེ་སྟོན་ལྟེ་གནས་ཀྱི་སྒོ་བྱང་བཀལ་ནས་ལས་གཉེར་བྱེད་འགོ་ཚུགས་པའི་མཛད་སྒོ་ཚེས་22ཉིན་ཧྥི་ཅིའི་རྒྱལ་ས་སུ་ཝར་གཉེར་བ་རེད། ཀྲུང་ཧྥི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་དཔོན་རིགས་དང་། ཧྥི་ཅིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲོའུ་ཅན། ཧྥི་ཅིར་བཅའ་སྡོད་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་གི་འཐུས་མི། དེ་བཞིན་ཀྲུང་གོའི་མ་འཇོག་ཁེ་ལས་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་སོགས་གདན་ཞུས་ལྟར་ཕེབས་ཡོད་པ་རེད།

    ཀྲུང་གོ་རྒྱལ་སྤྱི་འཕེལ་རྒྱས་མཉམ་ལས་ཧྲུའི་ཧྲུའུ་ཀྲང་གཞོན་པ་ཐང་ཝུན་ཧུང་གིས་ཤིས་ཚིག་སྒྲོན་སྐབས། ཤ་མོ་སྐྱེ་རྩྭའི་ལག་རྩལ་ནི་ཀྲུང་གོས་དབུལ་པོ་ཉུང་གཏོང་དང་དབུལ་སྒྲོལ་ཉམས་མྱོང་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ཐད་སྤྱད་པའི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་ཡིན་པ་དང་། མིག་སྔར་རྒྱལ་ཁབ་100ལྷག་ཙམ་དུ་རྩ་བ་བརྟན་པོ་ཚུགས་ཡོད། ཀྲུང་ཧྥིའི་ཤ་མོ་སྐྱེ་རྩྭའི་ལག་རྩལ་མཉམ་ལས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ལ་གཞིགས་ནས། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཤ་མོ་སྐྱེ་རྩྭའི་ལག་རྩལ་དཔེ་སྟོན་ལྟེ་གནས་ཧྥི་ཅིར་བདེ་བླག་ངང་བཙུགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྒོ་བྱང་བཀལ་ནས་ལས་གཉེར་བྱེད་འགོ་ཚུགས་པའི་མཛད་སྒོ་གོ་སྐབས་སུ་བྱས་ནས། སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་གཙོ་གནད་མཉམ་ལས་ཁྱབ་ཁོངས་ལ་དམིགས་ཏེ། ཧྥི་ཅི་སོགས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

    ཧྥི་ཅིའི་སྲིད་གཞུང་གི་འཐུས་མི་ཞིང་ལས་དང་ཆུ་ལམ་པུའི་པུའུ་ཀྲང་ལཱ་ཡ་ལུའུ་ཡིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་སྲིད་གཞུང་གིས་ཤ་མོ་སྐྱེ་རྩྭའི་ལག་རྩལ་གྱི་རྒྱབ་སྐྱོར་བྱས་ནས། ཧྥི་ཅིའི་རྒྱལ་ཁབ་སོགས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ལ་དབུལ་པོ་ཉུང་གཏོང་དང་དབུལ་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་བྱེད་རོགས་བྱས་ཏེ་རྒྱུན་མཐུད་ཡར་ཐོན་དང་འཕེལ་རྒྱས་ཡོང་བར་རམས་འདེགས་ཐུབ་རྒྱུ་རེད། ཁྱབ་ཁོངས་འདིའི་ནང་གི་ཕྱོགས་གཉིས་ཀའི་མཉམ་ལས་ཀྱི་མདུན་ལམ་དེ་བས་ཡངས་པོ་ཡོང་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།