དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས“3·15”མཚན་ཚོགས་ལ་དམར་རྗེན་དུ་བཏོན་པའི་གནད་དོན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-24

    ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བ་དང་བོད་ལྗོངས་ཚོང་འཕྲིན་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི“3·15”མཚན་ཚོགས་ལ་དམར་རྗེན་དུ་བཏོན་པའི་གནད་དོན་ལ་དམིགས་ཏེ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“3·15”མཚན་ཚོགས་ལ་དམར་རྗེན་དུ་བཏོན་པའི་ཧོ་ཧྥེ་གྲོང་ཁྱེར་གྱི་ཤང་ཝང་འབྲུ་སྣུམ་བཟའ་བཅའ་ཚན་རྩལ་ཚད་ཡོད་ཀུང་སི་དང་། ཧོའེ་ནན་གྲོང་ཁྱེར་ཁྲུའུ་ཧྥེང་བཟོ་ལས་ཚོང་དོན་ཚད་ཡོད་ཀུང་སི། ཧོའེ་ནན་གྲོང་ཁྱེར་ཧྲོའུ་རྫོང་ཡུང་ལེང་གི་འབྲས་ཀྱི་ལས་རིགས་བཅས་ཁེ་ལས་གསུམ་གྱི་འབྲས་རྫུན་མའི་གནད་དོན་ལ་ལེབ་བཤེར་བྱས་ནས། གནད་དོན་ཡོད་པའི་འབྲས་ཁྲོམ་རར་གཏན་འགོག་བྱས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་བ་རེད། དེ་དང་དུས་མཚུངས་འབྲས་ཕྱིར་ཚོང་ཚན་པ་ཚང་མར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཤིང་། ཞིབ་བཤེར་བྱེད་རིང་གཉེར་སྐྱོང་བར་ཁྲིམས་འགལ་བྱེད་སྤྱོད་ཀྱི་དོགས་གཞི་ཡོད་པ་ཤེས་རིགས་འཕྲལ་མར་བཀག་འགོག་དང་ཞིབ་བཤེར་ཐག་གཅོད་ཐུབ་པའི་འགན་ལེན་བྱས་ཡོད། མིག་སྔའི་བར། བཟའ་བཅའ་ཕྱིར་ཚོང་ཚན་པ་322ལ་གྲལ་བཤེར་བྱས་ཤིང་། གནད་དོན་ཡོད་པའི་འབྲས་ཁྲོམ་རར་བཏོན་ཡོད་པ་གནས་སྐབས་ཤེས་རྟོགས་བྱུང་མེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།