དབུ་ཤོག>གསར་འགྱུར།
  • མཚོ་སྔོན་ཟི་ལིང་གིས་སློབ་གྲྭ་དྲུག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཚོགས་པ་ཅན་གྱི་སློབ་གཉེར་ཁོངས་སུ་བཅུག་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-24

    མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བར། 2023ལོའི་དཔྱིད་ཀའི་སློབ་དུས་སུ། ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་འོས་འགན་སློབ་གསོའི་ཚོགས་པའི་གྲོང་གསེབ་ཀྱི་སློབ་གྲྭ་ཁག་གཅིག་ལེགས་སྒྲིག་བྱས་ཏེ། ཟི་ལིང་གྲོང་ཁྱེར་ཙོང་ཁ་ཆུས་ཐེན་ཅ་གྲོང་སྡེའི་ལྟེ་བའི་སློབ་གྲྭ་དང་། གསེར་ཆེན་ཤང་ལྟེ་བའི་སློབ་གྲྭ ཝུའུ་ཀྲོང་སྟོད་གྲོང་རྡལ་ལྟེ་བའི་སློབ་གྲྭ ཏ་ཐུང་རྫོང་སྐྱིད་ལྷ་ཤང་ལྟེ་བའི་སློབ་གྲྭ སྟོང་སྐོར་རྫོང་ཏ་ཧྭ་གྲོང་རྡལ་ལྟེ་བའི་སློབ་གྲྭ སྟོང་སྐོར་སློབ་འབྲིང་གཉིས་པ་བཅས་སློབ་གྲྭ་6གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཚོགས་པ་ཅན་གྱི་སློབ་གཉེར་བྱེད་ཁོངས་སུ་དངོས་སུ་བཅུག་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལེགས་སྒྲིག་ལ“ཚོགས་པ་གཅིག་དང་། སློབ་ཁུལ་མང་པོ། གཅིག་གྱུར་དོ་དམ། མཉམ་འདྲེས་འཕེལ་རྒྱས”བཅས་ཀྱི་སློབ་གཉེར་བྱེད་སྟངས་ལ་གཞིགས་ནས་གྲོང་གསེབ་ཀྱི་སློབ་གྲྭ་6ཚོགས་པ་ཅན་གྱི་སློབ་གཉེར་བྱེད་ཁོངས་སུ་བཅུག་པ་དང་། གྲོང་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་སྤུས་ལེགས་ཀྱིས་གྲོང་གསེབ་སློབ་གྲྭའི་འཕེལ་རྒྱས་ལ་ཁྲིད་སྟོན་དང་། ཁྱབ་འགྱེད། ཁྲིད་རོགས་བཅས་བྱེད་པའི་ནུས་པ་བཏོན་ནས་གྲོང་གསེབ་ཀྱི་ཕྲུ་གུ་དེ་བས་མང་བས་ཚོགས་པ་ཅན་གྱི་སློབ་གཉེར་སྒྱུར་བཅོས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།