མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པ་ལྟར་ན། ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུ་བཙན་སྒྲོལ་གྱི་མཐར་ཟད་འགྲན་སློང་འགྲན་བསྡུར་སྐབས་བཅུ་བདུན་པར་ད་ལོ་སླར་ཡང་རིམ་པ་སྤར་ནས། སྐར་གསོག་འགྲན་བསྡུར་གྱི་རྣམ་པ་ཐོག་མར་སྤྱོད་པ་དང་། སྒོ་དབྱེ་རང་བཞིན་དང་ཁྲོམ་ར་ཅན་གྱི་གཉེར་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་འགྲན་སློང་གི་དཀའ་གནད་མུ་མཐུད་ཆེ་རུ་གཏོང་གི་ཡོད་པ་རེད།
ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུ་བཙན་ སྒྲོལ་གྱི་མཐར་ཟད་འགྲན་སློང་འགྲན་བསྡུར་སྐབས་བཅུ་བདུན་པ་ཟླ་6ཚེས་16ཉིན་ནས་ཟླ་6ཚེས་26ཉིན་བར་གཉེར་གྱི་ཡོད་པ་རེད།
ད་ཐེངས་ཀྱི་འགྲན་བསྡུར་དེ་མཚོ་ཤར་གྲོང་ཁྱེར་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་། གསེར་ཆེན་རྫོང་ཚ་རྔ་འགག་གྲོང་རྡལ། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་བཅས་ས་ཆ་བཞིར་བྱེད་ཀྱི་ཡོད། སྒྲིག་འཛུགས་ཨུ་ལྷན་གྱིས་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་དང་། རིག་གནས། ཚོང་དོན་སོགས་ཀྱི་ལེ་ལག་ཚང་བའི་ཁྱད་ལྡན་བྱེད་སྒོ་སྤེལ་གྱི་ཡོད་པ།