དབུ་ཤོག>གསར་འགྱུར།
  • “ཀྲུའུ་ཞི་ཞི་ཅིན་ཕིང་ནི་ཐུན་མོང་མ་ཡིན་པའི་ཐུགས་གཤིས་མངའ་བའི་གཙོ་འཛིན་ཞིག་རེད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-23

    20dbe2da-b328-432b-8458-3944ab4ebdb9.jpg.jpg

     འདི་ནི་ཟླ་3ཚེས་3ཉིན་ཨུ་རུ་སུ་མོ་སི་ཁོ་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་ཡོན་ཀྲང་ཨ་ནཱ་ཐོ་ལི·ཐོར་ཁུའུ་ནུའོ་ཧྥུའུ་ཡིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

    “དེ་ནི་ངས་ཚེ་གང་བརྗེད་པར་དཀའ་བའི་དྲན་གསོ་ཞིག་ཡིན”ཞེས་ལོ་བཅུའི་གོང་གི་གཏམ་བཤད་དེའི་སྐོར་གྱི་བག་ཆགས་འདྲི་སྐབས་ཨུ་རུ་སུ་མོ་སི་ཁོ་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་ཡོན་ཀྲང་ལོ་30ལྷག་ཙམ་བྱས་ཟིན་པའི་ཨ་ནཱ་ཐོ་ལི·ཐོར་ཁུའུ་ནུའོ་ཧྥུའུ་ཡི་གདོང་ལས་སྔར་བཞིན་སེམས་འགུལ་ཐེབས་པའི་རྣམ་འགྱུར་རང་དབང་མེད་པར་མངོན་འོང་།

    2013ལོའི་ཟླ་3ཚེས་23ཉིན་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བཞེས་རྗེས་ཐོག་མར་ཨུ་རུ་སུར་འཚམས་འདྲིར་ཕེབས་པ་མ་ཟད། མོ་སི་ཁོ་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་དུ《དུས་རབས་མདུན་སྐྱོད་ཀྱི་རླབས་རྒྱུན་དང་འཚམ་པ་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གཏམ་བཤད་གལ་ཆེན་གནང་ནས། རྒྱལ་ཁབ་ཁག་གིས་ཕན་ཚུན་འབྲེལ་གཏུག་དང་ཕན་ཚུན་རྟེན་རེས་བྱེད་ཚད་སྔར་བས་ཟབ་ཏུ་གཏོང་བ་དང་། མིའི་རིགས་སའི་གོ་ལའི་གྲོང་ཚོར་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད་པས་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོན་གནང་བ་རེད།

    སྐབས་དེ་དུས་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་ཚོགས་འདུའི་ཚོམས་ཆེན་དུ“དགེ་སློབ་ཧ་ཅང་མང་པོ་སླེབས་ནས་རྣམ་པ་འཁྲུག་ཆ་དོད་པོ་ཡོད་པ”ཐོར་ཁུའུ་ནུའོ་ཧྥུའུ་ཡིས་ད་ལྟའང་གསལ་ལྷང་ངེར་དྲན་བཞིན་ཡོད།

    “ཀྲུའུ་ཞི་ཞི་ཅིན་ཕིང་ནི་ཐུན་མོང་མ་ཡིན་པའི་ཐུགས་གཤིས་མངའ་བའི་གཙོ་འཛིན་ཞིག་རེད” “རྒྱལ་ཁབ་འཕེལ་རྒྱས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་ཧ་ཅང་ཆེན་པོ་འདོན་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་གི་གཙོ་འཛིན་ང་ཚོའི་སློབ་གྲྭར་གཏམ་བཤད་གནང་བར་ཕེབས་པས། སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་དེ་ནི་གཟི་བསོད་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་ཐོར་ཁུའུ་ནུའོ་ཧྥུའུ་ཡིས་བརྗོད།

    ཐོར་ཁུའུ་ནུའོ་ཧྥུའུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གཏམ་བཤད་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་དགོངས་པ་གཏིང་ཟབ་པས། བློ་འབྱེད་ཆེན་པོ་བྱུང་བ་དང་དེ་གར་ཡོད་པའི་མི་ཚང་མར་བག་ཆགས་གཏིང་ཟབ་བཞག་ཡོད། “དགེ་རྒན་བཟང་པོ་དཔེ་ཆ་འབུམ་ཕྲག་བཀླགས་པ་ལས་ལྷག་ཅེས་པ་ལྟར་ཀྲུའུ་ཞི་ཞི་ཅིན་ཕིང་ནི་རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་མི་སྣ་ཡིན་པ་མ་ཟད་དེ་གར་ཡོད་པའི་མི་ཚང་མའི་དགེ་རྒན་ཡང་རེད”ཅེས་བརྗོད།

    ལོ་30སླེབས་པའི་ཡཱ་ལི་ཧྲན་ཏ·པོ་པུའུ་ལུའོ་ཧྥུའུ་ནི་མོ་སི་ཁོ་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་རྒྱལ་སྤྱིའི་འབྲེལ་བ་དང་དོ་དམ་སློབ་གླིང་གི་ཡོན་ཀྲང་རེད། ལོ་བཅུའི་གོང་ཁོང་སློབ་མ་ཡིན་པ་དང་སྐབས་དེ་དུས་གཏམ་བཤད་གལ་ཆེན་དེ་ཉན་པར་སླེབས་ཡོད།

    “ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལས། འཛམ་གླིང་འཕེལ་རྒྱས་གཏོང་སྟངས་གཅིག་རང་ལས་མེད་པ་མིན་པ་གསལ་སྟོན་གནང་ཡོད”འདུ་ཤེས་དེས་མིའི་རིགས་ཡོངས་ཀྱིས་ཐུན་མོང་རིན་ཐང་དང་དམིགས་ཚད་དོན་གཉེར་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་ལ། རང་སོ་སོའི་ཤེས་དཔལ་གྱི་དམིགས་བསལ་རང་བཞིན་སྲུང་སྐྱོང་བྱས་ནས་ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་ཡང་གནང་ཡོད་ཅེས་པོ་པུའུ་ལུའོ་ཧྥུའུ་ཡིས་བརྗོད།

    “མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་ཀྱིས་རྒྱལ་ཁབ་ཁག་དབར་འདྲ་མཉམ་ངང་གླེང་མོལ་དང་མཐུན་སྦྱོར་བྱེད་པར་སྐུལ་འདེད་ཐེབས་རྒྱུ་རེད། དེས་མིའི་རིགས་ཡོངས་ཀྱི་འབྱུང་འགྱུར་ཡར་རྒྱས་དང་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུ་རེད”ཅེས་པོ་པུའུ་ལུའོ་ཧྥུའུ་ཡིས་བརྗོད།

    གསར་འགོད་པས་བཅར་འདྲི་བྱེད་པའི་ཉིན་དེར་མོ་སི་ཁོ་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གིས“ཀྲུང་གོའི་ཡིད་དབང་འཕྲོག་ཤུགས”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་གཉེར་བ་དང་སྐབས་འཁེལ་འདུག བྱེད་སྒོ་སྤེལ་ཡུལ་དུ་མི་ཚོགས་མཐུག་ལ་འཁྲུག་ཆ་ཧ་ཅང་དོད། མོ་སོ་ཁོའི་སློབ་གྲྭ་འབྲིང་ཆུང་མང་པོ་ཞིག་གི་དགེ་སློབ་བརྒྱ་ལྷག་གིས་ཀྲུང་གོའི་ཇ་ལ་བྲོ་བ་ལྟ་བ་དང་། ཡིག་གཟུགས་སྦྱོང་བ། ཤོག་དྲས་འདྲ་གཟུགས་བཟོ་བ་སོགས་བྱས་པ་མ་ཟད། མོ་སི་ཁོ་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་སློབ་མས་དེ་གར་སྤེལ་རེས་དང་གྲོས་བསྡུར་ཡང་བྱས།

    “ང་ཚོའི་སློབ་མ་མང་པོ་ཞིག་གིས་རྒྱ་ཡིག་སྦྱོང་བཞིན་ཡོད་པ་དང་དགེ་རྒན་དང་དགེ་རྒན་ཆེ་མོ་བ་མང་པོ་ཞིག་གིས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ཞིབ་འཇུག་ནང་ཧུར་ཐག་ཞུགས་བཞིན་ཡོད”མོ་སི་ཁོ་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གིས་པར་སྐྲུན་བྱས་པའི་རིག་གཞུང་དུས་དེབ་བཅུ་ལྷག་ཁྲོད་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ནང་དོན་གྱིས་ཐོག་མཐའ་བར་གསུམ་དུ་གནས་བབ་གལ་ཆེན་བཟུང་ཡོད་ཅེས་ཐོར་ཁུའུ་ནུའོ་ཧྥུའུ་ཡིས་བརྗོད།

    ཐོར་ཁུའུ་ནུའོ་ཧྥུའུ་ཡིས། ཉེ་བའི་ལོ་ཤས་རིང་ཨུ་ཀྲུང་འབྲེལ་བའི་ཁྱབ་ཁོངས་ཁག་ལ་གཡུར་ཟའི་འབྲས་བཟང་ཐོབ་ཡོད། རྒྱལ་ཁབ་གཉིས་ཀྱི་མཐོ་སློབ་དབར་གྱི་མཉམ་ལས་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད།“ང་ཚོས་ཨུ་རུ་སུའི་སློབ་མ་སྔར་ལས་མང་བ་ཀྲུང་གོར་སློབ་སྦྱོང་བྱེད་པར་གཏོང་རྒྱུ་ཡིན་ལ། ཀྲུང་གོའི་ཕྱི་སྦྱོང་སློབ་མ་སྔར་ལས་མང་བ་ཨུ་རུ་སུར་ཡོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།