དབུ་ཤོག>གསར་འགྱུར།
  • ཨུ་རུ་སུའི་སྨྱན་སྦྱོར་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་སྤེལ་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོའི་གདེང་འཇོག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-23

    ཟླ་3ཚེས་20ཉིན་མོ་སི་ཁོར་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ལ་རྒྱལ་དོན་འཚམས་འདྲི་གནང་སྐབས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས《ཨུ་རུ་སུའི་ཚགས་པར》དང་ཨུ་རུ་སུའི་གསར་འགྱུར་ཁང་གི་དྲ་ཚིགས་ཐོག《སེམས་ཤུགས་ཆེན་པོས་མདུན་སྐྱོད་བྱས་ཏེ་ཀྲུང་ཨུའི་མཛའ་མཐུན་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་གནང་བ་རེད།

    རྩོམ་ཡིག་ལ་ཨུ་རུ་སུ་དང་རྒྱལ་ཁབ་མང་པོའི་མི་སྣའི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཁོང་ཚོས། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པ་དེས་ཀྲུང་ཨུའི་འབྲེལ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུའི་ཡིད་ཆེས་ཡོད་ལ། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རིང་འཛམ་གླིང་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཀྲུང་ཨུའི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་ཁ་སྒྱུར་ཕྱོགས་སྟོན་གནང་བ།

    《ཨུ་རུ་སུའི་ཚགས་པར》གྱི་ཧྲེ་ཀྲང་ཉེ་ཀེ་དབྱི་ཁྲ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་དེ་གཟིགས་རྒྱང་རིང་བས“སྤྱི་ཡོངས་རང་བཞིན་ལྡན་ཡོད”“རྩོམ་ཡིག་ནང་འདས་ཟིན་པའི་ལོ་10ཡི་རིང་ཨུ་ཀྲུང་འབྲེལ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་ཕྱོགས་སྡོམ་གནང་བ་མ་ཟད། ད་དུང་འབྱུང་འགྱུར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་མཛུབ་ཁྲིད་མཛད་ཕྱོགས་ཀྱང་རྒྱས་བཤད་གནང་ཡོད”ཅེས་བརྗོད། ཉེ་ཀེ་དབྱི་ཁྲ་ཡིས། ཨུ་རུ་སུའི་སྤྱི་ཚོགས་ལས་རིགས་ཁག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། “ཀྲུང་གོ་ནི་ང་ཚོའི་ཁྱིམ་མཚེས་བཟང་པོ་ཡིན་ལ་ང་ཚོས་བློས་འགེལ་ཆོག་པའི་རོགས་ཟླ་ཞིག་ཀྱང་ཡིན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྱི་སྤེལ་རེས་དང་ཁ་འབྲལ་ཐབས་མེད། མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་ཨུ་ཀྲུང་མཉམ་ལས་དེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཀྱི་སྣེ་ཁྲིད་དང་ཁ་འབྲལ་ཐབས་མེད”ཅེས་བརྗོད་པ་རེད།

    ཀྲུང་ཨུའི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ལ་འཆར་གཞི་བཀོད་པ།

    “ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པ་དེས་ཀྲུང་ཨུ་ཕྱོགས་གཉིས་པོའི་མཉམ་ལས་ལ་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གསར་པ་བཏོད་གནང་བ་དང་། ཚན་རྩལ་དང་བར་སྣང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་དེ་བས་ཀྱང་དེ་འདྲ་རེད”ཨུ་ཟ་བྷེ་ཁི་སི་ཐན་ཐ་ཧྲི་ཀན་རྒྱལ་བཙུགས་ཤར་ཕྱོགས་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་ཧྲ་ཀྲ་མོ་ནུའོ་ཧྥུའུ་ཡིས་མཚན་བཀོད་རྩོམ་ཡིག་བཀླགས་རྗེས། གོ་ལ་ཧྲིལ་པོ་ཅན་ལས་ལྡོག་པའི་བསམ་བློའི་རླབས་རྒྱུན་རིམ་གྱིས་འཕྱུར་བ་དང་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་མངོན་གསལ་དོད་དུ་ཕྱིན་པའི་རྒྱབ་ལྗོངས་འོག ཨུ་ཀྲུང་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དེས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་དང་། ཞི་བདེ་དང་། བདེ་འཇགས། བརྟན་ལྷིང་བཅས་ལ་སྔར་བས་སྲུང་སྐྱོང་དང་རྒྱལ་ཁབ་ཁག་གི་མི་དམངས་དབར་གྱི་མཛའ་གཅུགས་ཟབ་ཏུ་དང་བསམ་ཤེས་བྱེད་ཤུགས་ཆེ་རུ་འགྲོ་རྒྱུར་གལ་འགངས་ཤིན་ཏུ་ཆེན་པོ་ཡོད་ཅེས་བརྗོད་པ་རེད།

    འཛམ་གླིང་དང་། དུས་རབས། ལོ་རྒྱུས་བཅས་ཀྱི་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་པ།

    དེང་གི་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འཕོ་འགྱུར་ཆེན་པོ་ཡོང་བཞིན་ཡོད། སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་འགྲན་སློང་སྣོལ་མར་གནས་པ་དང་། བཙན་དབང་དང་དྲག་ཐབས་བཙན་བརྙས་ཀྱི་བྱེད་སྤྱོད་ཀྱིས་གནོད་འཚེ་ཚབས་ཆེན་བཟོས་པས། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་འགོག་རྐྱེན་མང་པོ་འཕྲད་ཡོད། རྒྱལ་ཁབ་མང་པོའི་མི་སྣས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་བཀོད་རྩོམ་ཡིག་ནང་བཏོན་གནང་བའི་ཀྲུང་གོའི་ཇུས་གཞིས་ཉམས་ཉེན་སེལ་བའི་མཉམ་ལས་ཀྱི་ཐབས་ལམ་བཟང་པོ་བཏོན་ཡོད་ཅེས་བརྗོད་པ་རེད།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྩོམ་ཡིག་ནང“ང་ཚོས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཧུར་ཐག་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་བཅས་ལས་ཨུ་རུ་སུ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཁོ་འདོན་ཐུབ་རྒྱུའི་ཡིད་ཆེས་ཡོད”ཅེས་ནན་བཤད་གནང་བར་ཨ་མཱ་ཏུའུ་·ཏི་ཨའོ་ཕུའུ་ཡི་སེམས་ཤུགས་རབ་ཏུ་འཕེལ་ཡོད། ཁོང་གིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བྱ་གཞག་གིས་སེ་ནེ་ཀལ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་བློ་སྒོ་མུ་མཐུད་འབྱེད་རྒྱུ་དང་ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་གཞན་དག་ཐུན་མོང་དར་རྒྱས་ཡོང་བར་གོ་སྐབས་ཧ་ཅང་ཡག་པོ་མཁོ་འདོན་བྱས་ཡོད། “ཀྲུང་གོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ལྟ་བུའི་ལམ་སྲོལ་དང་འཆར་གཞི་གལ་ཆེན་སོགས་ཀྱི་འདོད་ཚུལ་གལ་ཆེན་ཞིབ་ཕྲ་ཅན་དུ་འགྱུར་བ་དང་འབྲེལ། དམ་ཚགས་དང་གསར་གཏོད་རྣམ་པའི་ཕྱོགས་གཉིས་དང་ཕྱོགས་མང་པོའི་མཉམ་ལས་ལ་བརྟེན་ནས་དོན་འཁྱོལ་བྱ་རྒྱུ་རེད། དེང་སྐབས་ཡམ་ཡོམ་དང་བདེ་འཇགས་མེད་པའི་གོ་ལ་ཧྲིལ་པོའི་རྒྱབ་ལྗོངས་འོག་འཛམ་གླིང་རྒྱལ་ཁབ་ཁག་གིས་ངེས་པར་དུ་མཉམ་ལས་བྱེད་དགོས”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།