དབུ་ཤོག>གསར་འགྱུར།
  • ས་མཐོའི་དྭངས་གཙང་ཆུ་མོ་སྲུང་སྐྱོང་གི་ལས་ལ་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-23

    ཉེ་བའི་ལོ་ཤས་རིང་། ཆུ་མཚོ་ཁྲུའུ་ཡི་ལས་དོན་མི་སྣ་ཡོངས་ཀྱིས་སྐྱེ་ཁམས་ལ་དམིགས་ནས་འབད་འབུངས་ཡར་བརྩོན་བྱས་པ་དང་། དུས་སྐབས་གསར་པའི་མི་དམངས་མང་ཚོགས་ཀྱིས་སྤུས་ལེགས་ཀྱི་ཆུའི་ཐོན་ཁུངས་དང་། བདེ་ཐང་གི་ཆུའི་སྐྱེ་ཁམས། མཛེས་སྡུག་ལྡན་པའི་ཆུའི་ཁོར་ཡུག་བཅས་ཀྱི་དགོས་མཁོ་གཞིར་བཟུང་། རིམ་པ་ལྔ་པའི་ཆུ་དཔོན་དང་མཚོ་དཔོན་མ་ལག་ཕྱོགས་ཡོངས་ནས་བཙུགས་པ་དང་ས་མཐོའི་ཆུ་མཚོ་དོ་དམ་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཟོས་ཏེ་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དེ“མིང་ཡོད་པ་དང་འགན་འཁྲི་ཡོད་པ”ནས“ཕན་ནུས་ལྡན་པའི”བར་སྐུལ་འདེད་བཏང་སྟེ་སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མིན་པའི་གྲུབ་འབྲས་བཏོད་ཡོད་པ་རེད།

    དམ་པ་དོན་གཉེར་བྱས་ནས་འགན་འཁྲི་ཧུར་ཐག་བསྒྲུབས་པ།

    རྒྱལ་ཡོངས་ཀྱི་འཐབ་ཇུས་ཀྱི་ཆུའི་ཐོན་ཁུངས་གསོག་འཇོག་རྟེན་གཞི་གལ་ཆེན་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་བོད་ནི་འབྲི་ཆུ་དང་། ཡར་ཀླུང་གཙང་པོ། རྫ་ཆུ(མེ་ཀུང་གཙང་པོ)སོགས་ཨེ་ཤེ་ཡའི་གཙང་པོ་གཙོ་བོ་མང་པོ་ཞིག་གི་ཆུ་འགོའི་ཁུལ་ཡིན་ཞིང་། མངའ་ཁོངས་ཀྱི་འབབ་རྒྱུད་གཞི་ཁྱོན་སྤྱི་ལེ་ངོས་གྲུ་50ཡན་ཡོད་པའི་ཆུ་བོ་6418ཡོད་པ་དང་། སྤྱིའི་རིང་ཚད་རྒྱལ་ཡོངས་ཀྱི་1/7ཙམ་ཟིན་པ། ལོ་ལྟར་ཆུ་ངོས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1ལས་ཆེ་བའི་མཚོ་མོ་808ཡོད་པ། སྤྱིའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་མཚོ་མོའི་རྒྱ་ཁྱོན་གྱི་1/3ཟིན་པ། ཆུའི་ཐོན་ཁུངས་བསྡོམས་འབོར་དང་མི་རེའི་ཆ་སྙོམས་དབང་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

    དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་ཆུ་བོ་དང་མཚོ་མོ་དོ་དམ་སྲུང་སྐྱོང་གི་ལས་འགན་ཡག་པོ་སྒྲུབ་ཆེད། ཆུ་མཚོ་ཁྲུའུ་ཡི་ལས་དོན་པས་ལྗོངས་ཡོངས་ཀྱི་མཚོ་ངོགས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་འགལ་བ་མངོན་གསལ་དོད་པ་དང་། དོ་དམ་ལས་འགན་ལྕི་བ། མཚོ་ངོགས་སྲུང་སྐྱོང་དང་བེད་སྤྱོད་བཅས་ལ་བརྟེན་ནས་འབབ་རྒྱུད་དང་ས་ཁོངས་ཀྱི་ཆུ་ལོག་སྔོན་འགོག་དང་། ཆུ་མཁོ་འདོན། ཆུའི་སྐྱེ་ཁམས་བདེ་འཇགས་བཅས་འགན་ལེན་བྱེད་པར་ནུས་པ་གལ་ཆེན་ལྡན་པའི་ཆུ་བོ་དང་མཚོ་མོའི་སྒྲིག་ཁོངས་མིང་ཐོ་བཟོས་ནས་འབབ་རྒྱུད་དང་མཚོ་རྒྱུད་ཀྱི་བར་མཐོངས་དོ་དམ་ཚོད་འཛིན་ལས་དོན་སྔར་བས་ཡག་པོ་སྒྲུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད།

    གྲངས་གཞི་ལས་གསལ་པོ་མཐོང་ཐུབ་པ་སྟེ། ཆུ་མཚོ་ཁྲུའུ་ཡིས་རིམ་རྩིས་བྱས་ན་རིམ་ཁག་ཆུ་དཔོན་དང་མཚོ་དཔོན་གྱིས་ཆུ་བོ་དང་མཚོ་མོར་སྐོར་ཞིབ་བྱེད་མཁན་མི་ཐེངས་ཁྲི་34.9ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། ཆུ་བོ་དང་མཚོ་མོའི“ཟང་ཟིང་བཞིའི”གནད་དོན་1663གྲལ་བཤེར་བྱས་པ་དང་འབྲེལ་ཚང་མ་བཅོས་སྒྲིག་གིས་ཐག་གཅོད་བྱས་པ། ཆུ་ལམ་སྤྱི་ལེ་ཁྲི་65ལ་སྐོར་ཞིབ་བྱས་པ་དང་ཁྲིམས་འགལ་ངང་བྱེ་རྡོ་སྔོག་འདོན་གྱི་བྱེད་སྤྱོད་ཁག་30ཞིབ་བཤེར་ཐག་གཅོད་བྱས་པ། གྲོང་ཁྱེར་དང་ས་ཁུལ་ཁག་ལ་མ་དངུལ་སྒོར་དུང་ཕྱུར་1.96གྲབས་གསོག་བྱེད་པར་མཛུབ་ཁྲིད་བྱས་པ། ཆུ་བོ་དང་མཚོ་མོ་468ཀྱི་དོ་དམ་ཁྱབ་ཁོངས་དབྱེ་འབྱེད་དང་དེ་བཞིན་ཆུ་བོ་དང་མཚོ་མོའི་ངོགས་107སྲུང་སྐྱོང་དང་བེད་སྤྱོད་ཀྱི་འཆར་འགོད་བཟོ་བའི་ལས་དོན་ལེགས་སྒྲུབ་བྱས་པ་རེད།

    བྱ་ཐབས་སྣ་ཚོགས་སྤྱད་ནས་ཆུ་བོ་དང་མཚོ་མོ་སྲུང་སྐྱོང་བྱས་པ།

    དེ་སྔོན་བོད་ཀྱི་ཆུ་ལམ་ཁག་གཅིག་ཏུ་གང་བྱུང་དུ་སྔོག་འདོན་བྱེད་པ་དང་གད་སྙིགས་གང་བྱུང་དུ་སྤུངས་པའི་སྣང་ཚུལ་ཡོད་ལ། འབྲུབ་དུས་སུ་གཙང་ཆུ་རྒྱས་ནས་ཞིང་ཁ་བསྣུབས་པའི་སྣང་ཚུལ་ཡང་ཡང་ཐོན་གྱི་ཡོད།

    ཆུ་བོ་དང་མཚོ་མོ་བཅོས་སྐྱོང་བྱེད་པའི་གནད་འགག་ཆུ་ལ་ཐུག་ཡོད་པ་དང་། རྩ་བ་མཚོ་རྒྱུད་དུ་གནས་ཡོད། ཆུ་མཚོ་ཁྲུའུ་ཡིས་ཆུ་བོར་ལྟ་ཞིབ་དང་། བཅོས་སྒྲིག དོ་དམ་བཅས་ཏན་ཏིག་བྱེད་པར་དམིགས་ཏེ་ཆུ་བོ་བཅོས་སྒྲིག་གི་ཐབས་བཟང་སྣ་མང་བཏོན་ཡོད།

    “ཆུ་དཔོན་དང་མཚོ་དཔོན་+ཅན་ཁྲ་ཀྲང་+ཉེན་རྟོག་དཔོན”གྱི་མཐུན་སྦྱོར་ལམ་སྲོལ་ཕྱོགས་ཡོངས་ནས་བཟོས་ཏེ། ཆུ་བོ་དང་མཚོ་མོར་སྐོར་ཞིབ་བྱས་ནས་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་བཏང་ཞིང་། 2021ལོར་ཆུ་བོ་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་ཁུངས་སྣེ་132བདག་སྤྲོད་བྱས་པ་དང་། གྱོད་གཞི་113ཐོ་བཀོད་པ། ཆུ་བོ་དང་འབྲེལ་བ་ཡོད་པའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་74གྲལ་བཤེར་བྱས་པ། ཆུ་བོ་དང་འབྲེལ་བ་ཡོད་པའི་གྱོད་གཞི་4ཞིབ་བཤེར་ཐག་གཅོད་བྱས་པ་རེད།

    ཆུ་བོ་དང་མཚོ་མོའི“ཟང་ཟིང་བཞི་བཅོས་སྒྲིག”གི་གནད་དོན་ངོས་འཛིན་གཏན་འཁེལ་དང་གཙང་བཤེར་དག་ཐེར་གྱི་ཚད་གཞི་བཟོས་ཤིང་། ཁྱབ་ཁོངས་དེ་གཙང་པོ་དང་ཆུ་བོ་ཆེན་པོ་ནས་ཆུ་བོ་འབྲིང་ཆུང་དང་གྲོང་གསེབ་ཀྱི་ཆུ་བོ་དང་མཚོ་མོའི་བར་སྣུར་སྲིང་བྱས་པ་དང་། ཆུ་ལམ་དང་ཆུ་རྒྱུད་སྤྱི་ལེ་148.7ཁྲིམས་འགལ་བཟུང་སྤྱོད་བྱས་པའི་གནས་ཚུལ་གཙང་བཤེར་བྱས་པ་རེད།

    སྔ་རྗེས་སུ་མངོན་ཞིབ་ལྐོག་འདྲི་ཐེངས་52བྱས་ནས་ལྗོངས་ཡོངས་ཀྱི་རྫོང(ཆུས)74རུ་བསྐྱོད་དེ་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་དང་ཆུ་བོ་དང་མཚོ་མོ་དོ་དམ་སྲུང་སྐྱོང་གི་ད་ལྟའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། སྒྲུབ་གཉེར་ཡི་གེ་དང་བརྡ་ཁྱབ་སོགས་བརྒྱུད་ཆུ་བོ་དང་མཚོ་མོ་དང་འབྲེལ་བའི་མངོན་གསལ་དོད་པའི་གནད་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་སྒྲུབ་གཉེར་བྱས་པ་རེད།

    ལག་གདང་དཔུང་སྦྲེལ་གྱིས་སྐྱེ་ཁམས་ཀྱི་རང་གདངས་མངོན་པར་བྱས་པ།

    ཕྱོགས་གཅིག་གི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱ་ཆེད། ཆུ་མཚོ་ཁྲུའུ་ཡིས་རིམ་ལྔའི་ཆུ་དཔོན་དང་མཚོ་དཔོན་དོན་འཁྱོལ་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་སྤྱི་ཚོགས་ལས་རིགས་ཁག་ཆུ་བོ་དང་མཚོ་མོ་སྲུང་སྐྱོང་བྱ་སྤྱོད་ནང་ཞུགས་རྒྱུའི་སྐུལ་སློང་བྱེད་པ་དང་། དམངས་ཁྲོད་ཀྱི་ཆུ་དཔོན་དང་མཚོ་དཔོན་དང་། ཁེ་ལས་ཀྱི་ཆུ་དཔོན་དང་མཚོ་དཔོན། ཆུ་བོ་དང་མཚོ་མོའི་དང་བླངས་ཞབས་ཞུ་རུ་ཁག་བཅས་བཙུགས་ནས་ཆུ་བོ་དང་མཚོ་མོའི་སྐྱེ་ཁམས་སྲུང་སྐྱོང་དྲིལ་བསྒྲགས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་རེད།

    ཆུ་དཔོན་ལམ་ལུགས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་ཆུའི་ཁོར་ཡུག་བཅོས་སྐྱོང་རིམ་སྤོར་བྱས་པ་བརྒྱུད། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་བསམ་བློར“ཆུ་འདང་མིན”ནས“ཆུ་སྤུས་ཡག་མིན”བར་འགྱུར་ལྡོག་ཕྱིན་ནས་ཆུ་བོ་དང་མཚོ་མོ་སྲུང་སྐྱོང་གི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ཆུ་བོ་དང་མཚོ་མོར་གཅེས་སྐྱོང་དང་། ཆུ་བོ་དང་མཚོ་མོར་གཅེས་སྤྲས། ཆུ་བོ་དང་མཚོ་མོ་སྲུང་སྐྱོང་བཅས་བྱེད་པའི་རྣམ་པ་རིམ་བཞིན་ཆགས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།