དབུ་ཤོག>གསར་འགྱུར།
  • ང་དང་ཀྲུང་གོའི་དབར་གྱི་འགྲོ་འོང་ལ་དྲོ་སྐྱིད་དང་མཛེས་སྡུག་ལྡན་པའི་དྲན་འཆར་གྱིས་ཁེངས་ཡོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-22

    “ང་དང་ཀྲུང་གོའི་དབར་གྱི་ལོ་བཅུ་གྲངས་རིང་གི་འགྲོ་འོང་ལ་ཕྱིར་དྲན་བྱེད་སྐབས། དེར་དྲོ་སྐྱིད་དང་མཛེས་སྡུག་ལྡན་པའི་དྲན་འཆར་གྱིས་ཁེངས་ཡོད”ཅེས་ཉེ་ཆར་ཀྲུང་གོར་འཚམས་འདྲིར་ཕེབས་གྲབས་ཡོད་པའི་བྷེ་ཨུ་རུ་སུའི་ཙུང་ཐུང་ཡ་ལི་ཧྲན་ཏ·ལུ་ཁ་ཧྲེན་ཁེ་ཡིས་ཉིན་ཤས་གོང་བྷེ་ཨུ་རུ་སུའི་རྒྱལ་ས་མེན་སི་ཁེར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་དེ་ལྟར་བརྗོད།

    2023ལོ་ནི་ཀྲུང་གོ་དང་བྷེ་ཨུ་རུ་སུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་31འཁོར་བའི་ལོ་ཡིན་ཞིང་། ལོ་30ལྷག་ཙམ་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྤུས་ཚད་མཐོ་རུ་ཕྱིན་པ་དང་རིམ་པ་འཕར་ནས་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་སྐུལ་མ་ཏན་ཏིག་ཐེབས་ཡོད། 2022ལོའི་ཟླ་9ཚེས་15ཉིན། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་བྷེ་ཨུ་རུ་སུའི་ཙུང་ཐུང་ལུ་ཁ་ཧྲེན་ཁེ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ས་མར་ཧན་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཉིས་པར་ཞུགས་རིང་མཇལ་འཛོམས་གྲོས་མོལ་གནང་ནས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་འབྲེལ་བ་རྣམ་པ་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་བའི་ཐག་བཅད་གནང་བ་དང་། ཀྲུང་གོ་དང་བྷེ་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད།

    ལུ་ཁ་ཧྲེན་ཁེ་ཡིས་ཀྲུང་གོར་སླར་ཡང་འཚམས་འདྲིར་འགྲོ་བའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། “ང་ཀྲུང་གོར་ཐེངས་མང་འགྲོ་མྱོང་ཡོད། ཉེ་ཆར་སླར་ཡང་ཀྲུང་གོར་འཚམས་འདྲི་དང་ཀྲུང་གོའི་འགོ་ཁྲིད་པ་དང་མཇལ་འཛོམས་བྱུང་ལ། ལྷག་པར་དུ་ངའི་གྲོགས་པོ་རྙིང་པ་ཀྲུའུ་ཞི་ཞི་ཅིན་ཕིང་མཇལ་བར་ཧ་ཅང་དགའ་པོ་བྱུང་། ཁོང་ནི་བློ་གྲོས་ཟབ་མོ་ལྡན་པ་དང་། ལྟ་ཚུལ་གསར་པ་ལྡན་པ། དུས་བསྟུན་འཕེལ་རྒྱས་བཅས་ཀྱི་གཙོ་འཛིན་ཞིག་རེད”

    བཅར་འདྲི་བྱེད་རིང་ལུ་ཁ་ཧྲེན་ཁེ་ཡིས་ཁོང་དང་ཀྲུང་གོའི་དབར་གྱི་འགྲོ་འོང་གི་གཏམ་རྒྱུད་ལ་ཕྱིར་དྲན་ཟབ་མོ་བྱས་ཤིང་། ཁོང་གིས་ང་རང་བྷེ་ཨུ་རུ་སུའི་ཙུང་ཐུང་གི་མིང་ཐོག་ནས་ཀྲུང་གོར་འཚམས་འདྲི་བྱེད་ཐེངས་དང་པོ་ནི་ལོ་20ལྷག་ཙམ་གྱི་གོང་དུ་རེད། དེའི་གོང་ངས་གྲོས་མིའི་མིང་ཐོག་ནས་ཀྲུང་གོར་འཚམས་འདྲི་བྱས་པ་དང་འབྲེལ་དཔལ་འབྱོར་དམིགས་བསལ་ཁུལ་དུ་ལྟ་སྐོར་ཡང་བྱས་པ་ཡིན་ཞེས་ངོ་སྤྲོད་གནང་།

    ལུ་ཁ་ཧྲེན་ཁེ་ཡིས། ཀྲུང་གོར་འཕེལ་རྒྱས་ཧ་ཅང་ཆེན་པོ་འབྱུང་སྲིད་པར་བརྟེན། ཀྲུང་གོའི་ས་ནས་འཕེལ་རྒྱས་ཀྱི་ཉམས་མྱོང་སློབ་སྦྱོང་བྱེད་དགོས་པ་ནི། ངས་ཀྲུང་གོར་འཚམས་འདྲི་བྱས་རྗེས་ངོས་འཛིན་བྱུང་།

    ལུ་ཁ་ཧྲེན་ཁེ་ཡིས། བྷེ་ཨུ་རུ་སུའི་འཕེལ་རྒྱས་དང་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་འཛིན་པ་ཁ་འབྲལ་ཐབས་མེད། “ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་བྱེད་སྐབས། ང་ཚོས་ཀྲུང་གོའི་དཔལ་འབྱོར་དམིགས་བསལ་ཁུལ་གྱི་ཉམས་མྱོང་ལ་ཞིབ་འཇུག་བྱས་པ་ཡིན། དེ་རྗེས་ང་ཚོས་ཀྲུང་གོའི་ཉམས་མྱོང་ལ་དཔེ་བལྟས་ནས་རང་མོས་དཔལ་འབྱོར་ཁུལ་ཁག་གཅིག་བཙུགས་པའི་ནང་དུ་ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་ཚུད་ཡོད”ཅེས་གསུངས།

    ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་ནི་བྷེ་ཨུ་རུ་སུའི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཆེ་ཤོས་ཤིག་རེད་ལ། ཀྲུང་གོ་དང་བྷེ་ཨུ་རུ་སུའི་རྒྱལ་ཁབ་གཉིས་པོའི་གཙོ་བདག་སྐུ་ངོ་མས་སྐུལ་འདེད་བཏང་བ་དང་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་བའི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རྣམ་གྲངས་ཤིག་ཀྱང་རེད། 2015ལོའི་ཟླ་5པར་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་ལ་རྟོག་ཞིབ་གནང་བ་ནས་བཟུང་། བཟོ་ལས་གླིང་གསར་སྤེལ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་མེན་སི་ཁེ་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།