དབུ་ཤོག>གསར་འགྱུར།
  • ​ཨ་དབྱིན་ཨོ་གསུམ་གྱིས་ས་འབྲེལ་ཆབ་སྲིད་ཀྱི་སྒེར་ཕན་ཉིང་རྡུལ་མཚོན་ཆ་རྒྱ་སྐྱེད་མི་གཏོང་བའི་འོས་འགན་གྱི་གོང་དུ་འཇོག་མཚམས་འཇོག་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-03-22

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་ཨ་རི་དང་། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ་བཅས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ས་ཁུལ་དང་རྒྱལ་ཁབ་ཀྱི་འབོད་སྒྲ་ཉན་ཏེ། ས་འབྲེལ་ཆབ་སྲིད་ཀྱི་སྒེར་ཕན་ཉིང་རྡུལ་མཚོན་ཆ་རྒྱ་སྐྱེད་མི་གཏོང་བའི་འོས་འགན་གྱི་གོང་དུ་འཇོག་མཚམས་འཇོག་དགོས་པ་དང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིར་རྒྱལ་ཁབ་གསུམ་གྱི་ཉིང་རྡུལ་ཆུར་འཛུལ་དམག་གྲུའི་མཉམ་ལས་ཆེད་དུ་གཅིག་ལ་གཅིག་འབྲེལ་གྱི་ཁག་ཐེག་འགན་འཁྲི་འཁུར་བའི་བཙན་སྐུལ་བྱེད་མཚམས་འཇོག་དགོས་ཞེས་བརྗོད་པ་རེད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོཌ་འདུར་གསར་འགོད་པ་ཞིག་གིས། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཕུ་ལོ་ཕུ་ཡིས་ཉིན་ཤས་གོང་ཨ་རི་དང་། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ་བཅས་རྒྱལ་ཁབ་གསུམ་ལས་གྲུབ་པའི་མནའ་འབྲེལ་གྱིས་མཉམ་ལས་བྱས་ནས་ཉིང་རྡུལ་ཆུར་འཛུལ་དམག་གྲུ་སྐྲུན་རྩིས་བྱེད་པ་ནི་བྱང་ཆིངས་དམག་དོན་རྨང་གཞིའི་སྒྲིག་བཀོད་ཨེ་ཤེ་ཡར་རྒྱ་སྐྱེད་གཏོང་བ་དང་ཨེ་ཤེ་ཡའི་གདོང་ཐུག་ལ་འགོག་རྐྱེན་བཟོ་བ་ཞིག་རེད་ཅེས་བརྗོད་ཡོད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པ་རེད།

    དབང་ཝུན་པིན་གྱིས་བརྗོད་དོན། ཨ་རི་དང་། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ་བཅས་ཀྱིས་ཤོག་ཁག་ཆུང་ངུ་བཙུགས་ཤིང་། “ཕྱོགས་གསུམ་གྱི་བདེ་འཇགས་རོགས་ཟླའི་འབྲེལ་བ”ཟེར་བ་བཙུགས་ནས་ཉིང་རྡུལ་ཆུར་འཛུལ་དམག་གྲུ་དང་དེ་བཞིན་རྩེར་སོན་གྱི་དམག་དོན་ལག་རྩལ་མཉམ་ལས་ལ་སྐུལ་འདེད་གཏོང་རྩིས་བྱེད་ཀྱི་ཡོད། འདི་ནི་དཔེ་མཚོན་གྱི་རང་བཞིན་ལྡན་པའི་འཇམ་འཐབ་བསམ་བློ་ཞིག་རེད། གལ་སྲིད“ཉིང་རྡུལ་མཚོན་ཆ་འཕེན་སྒམ”ཕྱེ་ན་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་ཕོག་ཐུག་ཚབས་ཆེན་ཡོང་ངེས་ཡིན་པ་སྟེ།

    གཅིག་ནི་རྒྱལ་སྤྱིའི་ཉིང་རྡུལ་རྒྱ་སྐྱེད་མི་གཏོང་བའི་མ་ལག་ལ་ཕོག་ཐུག་ཚབས་ཆེན་གཏོང་སྲིད་ཅིང་། རྒྱལ་ཁབ་གསུམ་པོའི་མཉམ་ལས་ནི་ཉིང་རྡུལ་མཚོན་ཆ་ཡོད་པའི་རྒྱལ་ཁབ་ཀྱིས་ཉིང་རྡུལ་མཚོན་ཆ་མེད་པའི་རྒྱལ་ཁབ་ལ་ཉིང་རྡུལ་ཆུར་འཛུལ་དམག་གྲུའི་སྒུལ་ཤུགས་ཕུང་པོ་དང་དེ་བཞིན་གོ་མཚོན་རིམ་པའི་ཡུ་གར་པོ་ནང་བཤུག་ཐེངས་དང་པོ་གཏོང་སྲིད། དེ་ལས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་ད་ལྟ་ལག་ལེན་བསྟར་བའི་འགན་ལེན་ལྟ་སྐུལ་མ་ལག་གིས་ལྟ་འདོམས་ནུས་ལྡན་བྱེད་ཐབས་བྲལ་བས་ཉིང་རྡུལ་རྒྱ་སྐྱེད་གཏོང་བའི་ཉེན་ཁ་ཚབས་ཆེན་འགྲུབ་སྲིད་པ་དང་། སྒྲིག་གཞིའི་དབང་གྲགས་ལ་གནོད་འཚེ་ཚབས་ཆེན་ཕོག་སྲིད་ལ། སྒྲིག་གཞིའི་འགན་སྲུང་ལྟ་སྐུལ་མ་ལག་ལ་ཕོག་ཐུག་གཏོང་སྲིད།

    གཉིས་ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལྟེ་བར་འཛིན་པའི་ས་ཁུལ་གྱི་མཉམ་ལས་སྒྲོམ་གཞིར་ཕོག་ཐུག་ཚབས་ཆེན་གཏོང་སྲིད། ཨ་རིའི་མངའ་ཁོངས་ཀྱི་ཆབ་སྲིད་དམིགས་ཡུལ་ལ་ཞབས་འདེགས་ཞུ་བ་ལྟེ་བར་འཛིན་པ་དང་དམག་དོན་ཟིལ་ཤུགས་ཐབས་ཤེས་སུ་བྱས་པའི་རྒྱལ་ཁབ་གསུམ་པོའི་མཉམ་ལས་དེ། ཕན་ཚུན་བརྩི་འཇོག་དང་། སྒོ་དབྱེ་བསྟུན་མཁས། གྲོས་མོལ་གཅིག་མཐུན། ཕྱོགས་ཁག་གི་བདེ་སྣང་ལ་ལྟ་རྟོག་སོགས་རྩ་དོན་གལ་ཆེན་དུ་འཛིན་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་བྱེད་སྟངས་དང་རྒྱབ་འགལ་དུ་སོང་ཡོད། དེ་ལས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་གྱི་ཉིང་རྡུལ་མཚོན་ཆ་མེད་པའི་ཁུལ་སྐྲུན་པར་འབད་བརྩོན་བྱས་པར་གཏོར་བཤིག་ཕོག་སྲིད་ལ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལྟེ་བར་བྱས་པའི་ཨེ་ཤེ་ཡ་ཤར་མའི་ས་ཁོངས་ཀྱི་མཉམ་ལས་སྒྲོམ་གཞིར་ཡང་གནོད་འཚེ་ཚབས་ཆེན་ཕོག་སྲིད།

    གསུམ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་ཕོག་ཐུག་ཚབས་ཆེན་གཏོང་སྲིད། རྒྱལ་ཁབ་གསུམ་པོའི་མཉམ་ལས་ཀྱིས་ཚོགས་པའི་ཆབ་སྲིད་དང་འཇམ་རྒོལ་བྱེད་ཐབས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་དུ་ནང་འདྲེན་བྱེད་པའི་དམིགས་ཡུལ་ནི“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་པར་གཞིའི་བྱང་ཆིངས་རྩ་འཛུགས”འཛུགས་པའི་ཆེད་དུ་རེད། གལ་སྲིད་ལྐོག་གཡོ་དེ་གྲུབ་ཚེ། ལོ་བཅུ་གྲངས་རིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་དར་རྒྱས་བརྟན་ལྷིང་བྱུང་བའི་རྣམ་པར་སྔར་འབྱུང་མྱོང་མེད་པའི་འཇིགས་སྐུལ་དང་འགྲན་སློང་འཕྲད་སྲིད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།