ཉེ་ཆར། ལན་ཀྲོའུ་ཁུལ་གསར་གྱི་མེ་ཏོག་ཐོན་ལས་རྟེན་གཞིས་བཏབ་པའི་མེ་ཏོག་རབ་ཏུ་བཞད་ཅིང་། ལག་རྩལ་བས་རིག་ནུས་དྲོད་ཁང་ཆེན་པོར་མེ་ཏོག་སྔོག་འཐུ་དང་། དབྱེ་གསེད། ཐུམ་རྒྱག་པ་བཅས་བྱེད་བཞིན་ཡོད་པ་རེད། འདི་ལོ་ཐོན་ལས་རྟེན་གཞིས་མེ་ཏོག་སྣ་ཁ་གསར་པ་14ནང་འདྲེན་བྱས་པས་མེ་ཏོག་གི་ཐོན་འབབ་ཁྲི་1500ཡན་ཟིན་ནས་མེ་ཏོག་སོས་པ་རི་པིན་དང་། ཧན་གོ སིང་ཀ་ཕོར། ཨུ་རུ་སུ་སོགས་རྒྱལ་སྤྱིའི་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་ཡོད་པ་རེད། འདི་ནི་2023ལོའི་ཟླ་3ཚེས་15ཉིན། ལན་ཀྲོའུ་ཁུལ་གསར་གྱི་དེང་རབས་ཞིང་ལས་དཔེ་སྟོན་གླིང་གི་མེ་ཏོག་ཐོན་ལས་རྟེན་གཞིའི་རིག་ནུས་དྲོད་ཁང་དུ་ལག་རྩལ་བས་རིག་ནུས་ཅན་ལ་བརྟེན་ནས་མེ་ཏོག་སོས་པར་དབྱེ་འབྱེད་དང་ཐུམ་སྒྲིལ་རྒྱག་བཞིན་པ།