དབུ་ཤོག>གསར་འགྱུར།
  • དཔྱིད་རླུང་བྱ་སྤྱོད་ཀྱིས་ཁེ་ལས་དང་དམངས་ལ་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-22

    2022ལོར་བོད་ཀྱི་ཁྲལ་དོན་སྡེ་ཚན་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། གནད་སྨིན་ནུས་ལྡན་གྱི་བྱ་སྤྱོད་དང་ཕན་ནུས་དངོས་ཐོན་གྱི་བྱེད་ཐབས་རེ་རེ་སྤྱད་དེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་ཡོད།

    《ཁྲལ་བསྡུའི་དོ་དམ་སྒྱུར་བཅོས་སྔར་བས་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དོན་འཁྱོལ་གཏིང་ཟབ་བྱས་པ་དང་བསྟུན་ནས་ཁྲལ་བསྡུའི་ཆ་འཕྲིན་ཅན་རིག་ནུས་ཅན་གྱི་དུས་མཚམས་སུ་སླེབས་ཡོད། 2022ལོར་བོད་ཀྱི་ཁྲལ་དོན་སྡེ་ཚན་གྱིས་གྲངས་གཞི་ཆེ་མོའི་བྱེད་ཐབས་སྤྱད་དེ་བརྒྱུད་རིམ་ལེགས་སུ་དང་ཉུང་དུ་བཏང་རྗེས། དགོས་མཁོ་དང་ལེན་དེ་བས་དུས་ཐོག་དང་ཁྲལ་སྒྲུབ་བརྒྱུད་རིམ་དེ་བས་ཁུ་བསྡུ་རུ་བཏང་བས་རིག་ནུས་ཅན་གྱི་ཁྲལ་སྒྲུབ་གྲོན་འཇལ་རྒྱུན་རྣམ་དུ་གྱུར་ཡོད།

    བྱེད་ཐབས་སྣ་མང་སྤྱད་དེ་ཁྲལ་གྲོན་སྲིད་ཇུས་ཐད་ཀར་དང་གང་མགྱོཌ་ལོངས་སུ་སྤྱོད་ཐུབ་པ།

    ཁྲལ་འཇལ་བ་དང་གྲོན་དངུལ་འཇལ་མཁན་གྱིས་ཁྲལ་བསྡུའི་སྲིད་ཇུས་ཀྱི་ཁེ་སྤོགས་ལོངས་སྤྱོད་བྱེད་དགོས་རིགས་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱེད་ཆེད། བོད་ཀྱི་ཁྲལ་དོན་སྡེ་ཚན་གྱིས“ཀུན་གསལ་རིག་ནུས་དཔྱ་ཁྲལ”ལས་སྟེགས་ཀྱི་རིག་ནུས་ཕྱི་ཕྱོགས་འབོད་སྐུལ་མ་ལག་བརྒྱུད། འཕྲལ་མར་ཚན་པའི་ཁྲལ་འཇལ་བར་ཆ་འཕྲིན་ཞིབ་བསྡུར་གྱི་དྲན་སྐུལ་ཁ་པར་གཏོང་བ་དང་། ཞིབ་བསྡུར་བྱས་རྗེས་ཁ་པར་གྱི་བཅར་འདྲིའི་བརྒྱུད་རིམ་སྒྲུབ་པར་ཆ་སྙོམས་སྐར་མ་གཅིག་ལས་འགོར་གྱི་མེད། མིག་སྔའི་བར་ལས་སྟེགས་དེ་བརྒྱུད་དུད་ཚང་ཁྲི་1ལྷག་ཙམ་ལ་ཁ་པར་ཐོག་ནས་བཅར་འདྲི་བྱས་ཏེ། ཁེ་ལས་འབྲིང་ཆུང་ལ་དུས་ཐོག་ཏུ་ཁྲལ་བསྡུའི་སྲིད་ཇུས་དང་ཞབས་ཞུ་བྱེད་ཐབས་སོགས་ཁྲལ་འབྲེལ་ཆ་འཕྲིན་ཤེས་རྟོགས་ཐུབ་པར་རོགས་རམ་ནུས་ལྡན་བྱས་ཡོད།

    གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཁྲལ་བསྡུ་དང་ཁྲལ་འཇལ་མཉམ་འགུལ་ལས་སྟེགས་ལེགས་སུ་ཧུར་ཐག་བཏང་ནས་རྒྱང་ཁྲིད་བརྙན་ལམ་སྤེལ་རེས་དང་། རྒྱང་ཁྲིད་རོགས་སྐྱོར། དྲ་ཐོག་ནས་དོགས་གཞིར་ལན་འདེབས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཁྲལ་འཇལ་བ་དང་གྲོན་དངུལ་འཇལ་མཁན་གྱིས་སྡེབ་སྒྲིག་རྣམ་པའི་ཁྲལ་བསྡུའི་སྲིད་ཇུས་མི་ཤེས་པ་དང་། མཉེན་ཆས་བཀོལ་སྤྱོད་བྱང་ཆུབ་པོ་མེད་པ། ཁྲལ་སློག་བརྒྱུད་རིམ་ལ་ནོར་འཁྲུལ་ཐོན་སླ་བ་སོགས་ཀྱི་དཀའ་གནད་ལ་དམིགས་ཏེ་དྲ་ཐོག་ནས་ལན་རྒྱག་པ་དང“འདྲི་བ་སྒྲུབ་པ་ཟུང་འབྲེལ”ཐུབ་པར་བྱས་ནས། ཁྲལ་འཇལ་བའི་ཁྲལ་སྒྲུབ་ཉམས་ལེན་དང་ཁྲལ་འཇལ་བ་བློ་ཡིད་ཚིམ་ཚད་རྒྱུན་མཐུད་མཐོ་རུ་བཏང་ཡོད། དེ་དང་ཆབས་ཅིག་སྡེབ་སྒྲིག་རྣམ་པའི་ཁྲལ་བསྡུའི་སྲིད་ཇུས“ཁེ་སྤོགས་རྩིས་ཁྲ”ཁྱབ་གདལ་བཏང་ནས་ཁེ་ལས་ལ་ཁྲལ་སློག་དང་། ཁྲལ་རིན་གཉིས་གཅོག་གི་ཁེ་སྤོགས་རྩིས་ཐོ་གཙང་རྩིས་དང་ཞིབ་ཚགས་ཏུ་བཏང་སྟེ་ཁྲལ་འཇལ་བ་དང་གྲོན་དངུལ་འཇལ་མཁན་གྱི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་ཀྱི་ཐོབ་སྣང་མུ་མཐུད་ཆེ་རུ་བཏང་ཡོད། 2022ལོར་ལྗོངས་ཡོངས་སུ་ཁྲལ་རིན་གཉིས་གཅོག་གི་ཁེ་སྤོགས་རྩིས་ཐོ་ཡོད་པའི་དུད་ཚང་7889ཟིན་པ་དང་དུད་ཚང་7187ལ་ཁྱབ་གདལ་བཏང་ཡོད།

    མཐུན་སྦྱོར་མཉམ་བཅོས་བྱས་ནས་ཁྲལ་སྒྲུབ་གྲོན་འཇལ་སྟབས་བདེ་རུ་བཏང་བ།

    2022ལོ་ཚུན། ཁྲལ་འཇལ་བས་གློག་རྡུལ་ཁྲལ་དོན་ཅུས་དང་། རང་བརྟེན་ཁྲལ་སྒྲུབ་མཐའ་སྣེ། སྤྱི་ཚོགས་འགན་སྲུང་གྲོན་འཇལ་གྱིAPPསོགས་དྲ་ཐོག་ཁྲལ་སྒྲུབ་ཐབས་ལམ་བརྒྱུད་ཁྲལ་འབྲེལ་གྲོན་འཇལ་ལས་གཉེར་དང་དྲ་ཐོག་ནས་ལས་སྒོ་གཉེར་ཚད་98.18%ཟིན་ཡོད། ཞིབ་མཆན་འགོད་པའི་ལས་ཕྱོད་ཐད་ཁྲལ་དོན་སྡེ་ཚན་གྱིས་རང་བྱུང་ཐོན་ཁུངས་དང་སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཚན་དང་མཉམ་ལས་བྱས་ཏེ“འགྱུར་མེད་རྒྱུ་ནོར་ཉོ་ཚོང་གཞི་གཅིག་ཅན་གྱི་ལས་སྒྲུབ”ལས་སྒོ་ཁྱབ་གདལ་བཏང་བ་དང་། མི་སྤྱི་དང་། སྨན་བཅོས་འགན་བཅོལ། མི་དམངས་དངུལ་ཁང་བཅས་སྡེ་ཚན་དང་མཉམ་དུ་སྤྱི་ཚོགས་འགན་སྲུང་གི་གྲོན་དངུལ་འགན་བཅོལ་ནང་ཞུགས་པ་དང་། རེ་ཞུ་བྱེད་པ། གྲོན་དངུལ་འཇལ་བ་བཅས་གནད་དོན་གྱི་གྲངས་གཞི་གང་མགྱོགས་ཐག་གཅོད་བྱེད་པའི་ལམ་སྲོལ་བཙུགས་ནས། སྤྱི་ཚོགས་འགན་སྲུང་གྲོན་དངུལ་དང་འབྲེལ་བའི་གྲངས་གཞིའི་གནད་དོན་གཅིག་གྱུར་ཐོག་ཐག་གཅོད་བྱས་ཏེ་ཉིན་རེར་རིམ་རྩིས་བྱས་ན། གནད་དོན་200ལྷག་ཙམ་ཐག་གཅོད་བྱས་པ་དང་འཁོར་སྐྱོད་སྲུང་སྐྱོང་གི་དུས་ཚོད་དེ་སྔའི་ཉིན་ཕྱེད་ནས་ཆ་སྙོམས་སྐར་མ་15བར་ཐུང་དུ་བཏང་ཡོད། མིག་སྔའི་བར། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་སྟབས་བསྟུན་ལས་ཞུགས་མི་སྣ་ཁྲི་300ལྷག་ཙམ་གྱི་སྤྱི་ཚོགས་འགན་སྲུང་གྲོན་དངུལ་འཇལ་མི་བདེ་བའི་གནད་དོན་ཐག་གཅོད་ཐུབ་ཡོད།

    གཞི་ཁྱོན་དང་ཕན་འབྲས་ཆེ་རུ་བཏང་ནས་ཁྲལ་བསྡུའི་གྲངས་གཞི་ཆེ་མོར་བརྟེན་ཏེ་ཁེ་ལས་ཀྱི་དཀའ་ངལ་བསལ་བ།

    བོད་ལྗོངས་ཟས་མཆོག་ཁྱད་ལྡན་ཐོན་རྫས་ཚད་ཡོད་ཀུང་སིས་གཙོ་བོ་བཟོ་རྩལ་ཐོན་རྫས་དང་། ཡུལ་སྐོར་དྲན་རྟེན། ཡུལ་ཟོག་ཐོན་རྫས། དངུལ་བཟོས་ཐོན་རྫས་སོགས་ཐོན་སྐྱེད་བྲིན་ཚོང་དང་དེ་བཞིན་ནས་ལས་སྣོན་དང་ཕྱིར་ཚོང་བྱེད་ཀྱི་ཡོད། ན་ནིང་ཟླ་8པ་ནས་བཟུང་། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་ཀུང་སི་དེར་ཚོང་ཟོག་ཕུང་གསོག་ཐེབས་པ་དང་མ་དངུལ་མི་འདང་བ་སོགས་ཀྱི་གནད་དོན་ཐོན་ཡོད། རྒྱལ་ནང་གི་ཡུལ་སྐོར་ཁྲོམ་ར་རིམ་བཞིན་སླར་གསོ་བྱུང་བ་དང་ཆབས་ཅིག་ཀུང་སི་དེས་སླར་ཡང་ཡུལ་ཟོག་ཐོན་རྫས་དང་ནས་ཀྱི་མངགས་ཐོ་འབོར་ཆེན་བཞག་པས། ལས་སྣོན་འཕྲུལ་འཁོར་མང་ཙམ་ཉོ་དགོས་ཀྱི་ཡོད། དུས་ཐུང་ནང་མ་དངུལ་མང་པོ་དགོས་ཀྱང་དངུལ་བུན་གཡར་རྒྱུའི་རེ་ཞུ་བྱེད་ཐབས་བྲལ་ནས་ད་བར་ཐག་གཅོད་ཐུབ་མེད།

    “ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་གྲོང་ནུབ་ཁྲལ་དོན་ཡན་ལག་ཅུས་ཀྱིས་གནས་ཚུལ་དེ་ཤེས་རྗེས། དངུལ་ཁང་དང་མཉམ་འབྲེལ་གྱིས་ང་ཚོར་སྔ་རྗེས་སུ་དངུལ་བུན་སྒོར་ཁྲི་1900གཡར་བས་ང་ཚོའི་དཀའ་གནད་ཐག་གཅོད་ཐུབ་བྱུང”ཞེས་བོད་ལྗོངས་ཟས་མཆོག་ཡུལ་ཟོག་ཐོན་རྫས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ནོར་བུ་གཡུ་བཀྲས་བཤད།

    2022ལོར་བོད་ཀྱི་ཁྲལ་དོན་སྡེ་ཚན་གྱིས“དངུལ་ཁྲལ་མཉམ་འགུལ”གྱི་བྱེད་སྒོ་བརྒྱུད་ཁྲལ་འཇལ་ཡིད་རྟོན་ལ་བརྟེན་ནས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དངུལ་བུན་དུད་ཚང་1095ལ་ཁྱོན་སྒོར་དུང་ཕྱུར་9.8བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།