དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་གང་སར་བཞད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-22

    ལེ་ཚན་གཏོད་པའི་གཏམ།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཁ་ཕྱོགས་གཏན་འཁེལ་དང་སྤྱི་ཡོངས་ལ་གཅིག་འདོམས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་གྱི་བརྗིད་ཆེའི་འཆར་གཞི་བཀོད་པ་དང་། རྒྱང་ལམ་གསར་པར་སྐྱོད་པའི་དུས་རབས་ཀྱི་དུང་བརྡ་བསྒྲགས་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གསལ་བཏོན་གནང་བའི“དོན་ཆེན་བཞི”དང“འགན་ལེན་བཞི”དེ་རྣམ་གྲངས་ཅན་དང་། ཞིབ་ཕྲ་ཅན། གཞི་རྟེན་ཅན་བཅས་ཀྱི་སྒོ་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”བསྒྱུར་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་པར་ཞིབ་ཕྲའི་དམ་འཛིན་བྱ་གཞི་མཁོ་འདོན་བྱས་ཡོད། འབྱུང་འགྱུར་ལོ་ལྔ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ཞིང་། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། དེ་རིང་ནས་བཟུང“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ‘དོན་ཆེན་བཞིར’དམིགས་པ་དང‘འཛུགས་གཏོད་བཞིར’ཤུགས་རྒྱག་དགོས”ཞེས་པའི་ལེ་ཚན་བཏོད་དེ། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་། སྡེ་ཚན་ཁག ལས་རིགས་ཁག་བཅས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང“འཛུགས་གཏོད་བཞིར”རྒྱུན་མཐུད་སྐུལ་འདེད་བཏང་ནས་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོན་པའི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་གང་ལེགས་མངོན་པར་བྱེད་རྒྱུ་ཡིན་པས་ཚང་མས་དོ་ཁུར་ཡོད་པ་ཞུ།

    མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་ཞིང་། དེ་བོད་ཀྱི་བརྟན་ལྷིང་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དང་ཡང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དེ་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱེད་པ་དང་། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གསར་གཏོད་རང་བཞིན་གྱིས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་བྱ་ཐབས་བཏོན་ཡོད། རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་པ་མཐའ་འཁྱོངས་བྱས་ནས“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”བཀོད་སྒྲིག་ལག་བསྟར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་དོན་རིམ་པ་མང་བ་དང་། ཁྱབ་རྒྱ་ཆེ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།

    ཡོན་ཧའོ་ཅེ་ཡི་ངོས་ནས་བརྗོད་ན། 2022ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད།

    2022ལོའི་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་ལྗོངས་ཡོངས་སུ་དཔེ་བཟང་མཉམ་སྡེབ་150དང་དཔེ་བཟང་མི་སྒེར་200ལ་གཟེངས་བསྟོད་བྱས་པ་དང་། ཡོན་ཧའོ་ཅེ་ཡང་མིང་ཐོའི་ནང་ཚུད་ཡོད་པ་རེད།

    “ང་ཡུལ་སྨད་སྲུང་སྐྱོང་བྱེད་མཁན་གྱི་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ཞིག་ཏུ་གྱུར་བར་ཧ་ཅང་དགའ་པོ་བྱུང་། དེ་ནི་གཟི་བརྗིད་ཆེ་ལ་འགན་འཁྲི་ཧ་ཅང་ལྕི་བའི་ལས་འགན་ཞིག་རེད། ང་ཚོས་འབྲོག་པ་མང་ཚོགས་དང་ཏང་ཡོན་ལས་བྱེད་པ་དེ་བས་མང་བས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱེད་པར་སྐུལ་ཁྲིད་བྱས་ནས་མཐའ་སྲུང་གི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་གི་ཡིན” ཡོན་ཧའོ་ཅེ་ཆུང་དུས་བོད་དུ་འཚོ་བ་བསྐྱལ་བ་དང་2012ལོར་སློབ་གྲྭ་ཆེ་མོ་ཐོན་རྗེས་མཐའ་སྲུང་རྒྱལ་སྲུང་གི་དཔུང་ཁག་ནང་ཞུགས། 2021ལོའི་ཟླ་6པར་ཡོན་ཧའོ་ཅེ་ལས་གནས་འཕོ་འགྱུར་བྱུང་བའི་དབང་གིས་ལྷོ་ཁའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་སུའོ་ཀྲང་བྱས།

    མང་ཚོགས་ཚོས་མཐའ་མཚམས་བརྟན་སྲུང་དང་འཚོ་བ་དེ་བས་ལེགས་པ་སྐྱེལ་ཐུབ་ཆེད། ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས་ཡུལ་དེ་གའི་གྲོང་མིར“མཐའ་མཚམས་ཡུལ་སྐོར”དང“འབྲོག་པའི་སྤྲོ་སྐྱིད་ཁང”སོགས་ཁྱད་ལྡན་ཡུལ་སྐོར་གཉེར་རོགས་བྱས་ནས་ཚགས་ཤ་དང་། བོད་སྨན་གྱི་སྨན་རྒྱུ། ཤིང་བཟོའི་ལག་ཤེས་ཐོན་རྫས་སོགས་ཁྱད་ལྡན་ཡུལ་ཟོག་གི་ཚོང་ལམ་རྒྱ་ཆེར་བཏང་བ་རེད། དེ་དང་ཆབས་ཅིག་ཤང་ཀྲང་དང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན། མངགས་གཏོང་ཁང་གི་སུའོ་ཀྲང་བཅས་གསུམ་གྱི་ཞབས་འདེགས་ཞུ་སྟངས་ཇུས་གཞི་བཏོན་པ་དང་། “12345”ཡི་ལས་དོན་སྒྲུབ་སྟངས་ཕྱོགས་སྡོམ་དང་གདམ་གསེས་བྱས་པ། “841”གི་ཉེན་དོན་རྣམ་པ་བཏོད་པ་བཅས་བྱས་པས། འགལ་ཟླ་དང་རྩོད་གཞི“རིགས་དབྱེ་དོ་དམ་དང་། ཁག་བགོས་མངགས་གཏོང་། རིམ་དབྱེ་ཐག་གཅོད”བཅས་ཀྱི་གདུབ་ཟུམ་དོ་དམ་ཚོད་འཛིན་མངོན་འགྱུར་བྱུང་ཡོད།

    མི་རིགས་ཁག་གི་མང་ཚོགས་ཚོས་དོ་ཁུར་བྱེད་པའི་དོན་ཆུང་ཡིན་ཡང་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་བཞག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲ་ཞིང་བརྟན་པའི་རྨང་གཞི་རྒྱུན་མཐུད་བརྟན་དུ་བཏང་བས་ཡུལ་སྨད་ཤང་གི་མང་ཚོགས་ལ་ཕན་པ་ཐོབ་པ་དང་། ཡུལ་སྨད་ཤང་དུ་ལོ་11བསྟུད་མར་ཉེས་དོན་གྱོད་གཞི་གཅིག་ཀྱང་ཐོན་མེད་པ་རེད། 2023ལོའི་ཟླ་དང་པོར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་ཁག་བཅུ་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་ཚན་པའི་མིང་ཐོའི་ནང་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་བདེ་བླག་ངང་ཚུད་ཡོད།

    འབྲེལ་ཡོད་གྲངས་གཞི་ལས་མངོན་པར་གཞིགས་ན། 2023ལོ་བར་ལྗོངས་ཡོངས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་མཁན་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་140དང་དཔེ་བཟང་མི་སྒེར་189ཡོད་པ་དང་། རང་སྐྱོང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་མཁན་དཔེ་བཟང་མཉམ་སྡེབ་1794དང་དཔེ་བཟང་མི་སྒེར་2657ཡོད་པ་རེད། ལྷ་ས་དང་། གཞིས་རྩེ། ཉིང་ཁྲི། ཆབ་མདོ། མངའ་རིས་བཅས་ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར(ས་ཁུལ)”ཞེས་པའི་མིང་བཏགས་ཡོད།

    “དུས་རྒྱུན་ནས་མཐོང་ཆེན་དང་། སྤེལ་རེས་ལ་མཐོང་ཆེན། བྱ་སྤྱོད་ལ་མཐོང་ཆེན། གཞི་རིམ་ལ་མཐོང་ཆེན”བཅས་བྱེད་པ་ནི་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་རྨང་གཞི་ཡིན།

    “2022ལོར་རྫོང་ཡོངས་ཀྱིས་མ་དངུལ་སྒོར་ཁྲི་451བཏང་ནས་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་གྲོང་ཚོ་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞི། མི་རིགས་མཐུན་སྒྲིལ་གྱི་ཐང་ཆེན་བཅས་བསྐྲུན་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་སྤྲོ་སེམས་རྒྱུན་ཆད་མེད་པར་འཕེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོའི་རིག་རྩལ་བྱེད་སྒོ་སྣ་ཚོགས་ཐེངས་121སྤེལ་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཤེས་བྱའི་འགྲན་བསྡུར་ཐེངས་32བྱས་པ། དྲིལ་བསྒྲགས་དང་སྒྲོག་འགྲེལ་ཐེངས་692བཅས་བྱས་པར་རིམ་རྩིས་བྱས་ན་སློབ་གསོ་ཐོབ་མཁན་མང་ཚོགས་མི་ཐེངས་67840ཟིན་ཡོད” གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧའོ་ཤིན་པིན་གྱིས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་འཐབ་ཇུས་ལས་འགན་ཧུར་ཐག་བསྒྲུབས་ཚུན། རིན་སྤུངས་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པ་གཞི་རྩའི་ཐབས་ལམ་དུ་བརྩི་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་ལ་དམིགས་པ་དང་ཤུགས་བརྒྱབ་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསམ་བློའི་རྨང་གཞི་དང་། མང་ཚོགས་ཀྱི་རྨང་གཞི། མཐུན་སྒྲིལ་གྱི་རྨང་གཞི་བཅས་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད།

    རང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་སྤྱི་དམངས་ཅན་དང་། མི་ཆོས་རིག་གནས་ཅན། དངོས་གཞི་ཅན་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོའི་ཁྱབ་ཁོངས་དང་ནང་དོན་རྒྱུན་ཆད་མེད་པར་གཏིང་ཟབ་དང་རྒྱ་སྐྱེད་བཏང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་དེ་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དུ་གྱུར་བ་དང་། མི་རིགས་མཐུན་སྒྲིལ་གཏིང་ཟབ་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་ནུས་ལྡན་དུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།